[ English ] [ 中文 ]
0891-6325020
དབུ་ཤོག>བོད་རིག་པ་དང་ཆོས་ལུགས།>ཞིབ་འཇུག་འབྲས་བུ།>ལོ་རྒྱུས།
  • བོད་ཀྱིས་རྩ་ཆེན་དཔེ་རྙིང་མིང་གཞུང་དང་གཙོ་གནད་སྲུང་སྐྱོབ་ཚན་པ་ཁག་དང་པོ་འདུན་ཞུ་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-02-07

     གསར་འགོད་པས་བོད་རང་སྐྱོང་ལྗོངས་དཔེ་རྙིང་སྲུང་སྐྱོང་ལྟེ་གནས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། 2007ལོ་ནས་བཟུང་རྒྱལ་ཡོངས་སུ《རྒྱལ་ཁབ་ཀྱི་རྩ་ཆེན་དཔེ་རྙིང་མིང་གཞུང》དང“རྒྱལ་ཡོངས་ཀྱི་དཔེ་རྙིང་གཙོ་གནད་སྲུང་སྐྱོབ་ཚན་པའི”འདུན་ཞུའི་ལས་དོན་སྤེལ་བ་ནས་ད་བར་བོད་དུ་ཁྱོན་དཔེ་རྙིང་217(བམ་པོ་291)《རྒྱལ་ཁབ་ཀྱི་རྩ་ཆེན་དཔེ་རྙིང་མིང་གཞུང》ནང་བདམས་ཐོན་བྱུང་ཞིང་། ན་ནིང་གི་ལོ་མཇུག་ཏུ་རང་ལྗོངས་སུ《བོད་རང་སྐྱོང་ལྗོངས་ཀྱི་རྩ་ཆེན་དཔེ་རྙིང་མིང་གཞུང》དང“བོད་རང་ལྗོངས་ཀྱི་དཔེ་རྙིང་གཙོ་གནད་སྲུང་སྐྱོབ་ཚན་པ”ཁག་དང་པོའི་འདུན་ཞུའི་ལས་དོན་དངོས་སུ་འགོ་ཚུགས་པ་རེད།

    བོད་ལྗོངས་དཔེ་རྙིང་སྲུང་སྐྱོང་ལྟེ་གནས་ཀྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་དོན། མིག་སྔའི་བར་བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་དང་། ཕོ་བྲང་པོ་ཏ་ལའི་དོ་དམ་ཁྲུའུ། བོད་རང་སྐྱོང་ལྗོངས་ཡིག་ཚགས་ཅུས(ཁང) ནོར་བུ་གླིང་ཁའི་དོ་དམ་ཁྲུའུ་བཅས་དཔེ་རྙིང་ཉར་ཚགས་ཚན་པ་4“རྒྱལ་ཡོངས་ཀྱི་དཔེ་རྙིང་གཙོ་གནད་སྲུང་སྐྱོབ་ཚན་པར”བདེ་བླག་ངང་ཚུད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། 2015ལོ་ནས་བཟུང་། རང་ལྗོངས་ཀྱིས་ད་ཡོད་ཀྱི་ཐོན་ཁུངས་བསྡུ་སྒྲིལ་བྱས་ནས། 《རྒྱལ་ཁབ་ཀྱི་རྩ་ཆེན་དཔེ་རྙིང་མིང་གཞུང》ནང་ཚུད་པའི་བོད་རང་སྐྱོང་ལྗོངས་ཀྱི་དཔེ་རྙིང་འདྲ་བཟོ་ཆུང་བསྡུས་དང་། གྲངས་འཛིན་ཅན་གྱི་ལས་དོན་སོགས་འཆར་གཞི་ལྡན་པའི་ངང་སྤེལ་ནས། རྩ་ཆེན་དཔེ་རྙིང་ལ་སྲུང་སྐྱོང་ལེགས་པོ་བྱས་ཤིང་། 2015ལོར་བོད་རང་སྐྱོང་ལྗོངས་ཀྱིས་དཔེ་རྙིང་གྲངས་འཛིན་ཅན་གྱི་རྣམ་གྲངས་ཐོག་མར་སྐྲུན་འགོ་ཚུགས་པ་དང་། ཁག་དང་པོའི་དཔེ་རྙིང་གྲངས་འཛིན་ཅན་གྱི་ལས་དོན་ལེགས་གྲུབ་བྱུང་བ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།