[ English ] [ 中文 ]
0891-6325020
དབུ་ཤོག>བོད་རིག་པ་དང་ཆོས་ལུགས།>གྲུབ་མཐའ་གཞན་དག
  • གཡུང་དྲུང་དང་གཡུང་དྲུང་རི་མོ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2015-07-20

    བོད་དུ“གཡུང་དྲུང་རི་མོ”ནི་པར་རིས་སམ་རྟགས་མཚན་གང་བྱས་ཀྱང་མང་བོ་མཐོང་ཐུབ་པ་ཡིན། རྒྱ་སྐད་དུ་“ཝན”ཞེས་འབོད་པའི་“གཡུང་དྲུང་རི་མོ”ལ་བོད་སྐད་དུ་“གཡུང་དྲུང་”ཞེས་འབོད་པ་ཡིན། བོད་མི་རིགས་ཀྱིས་བལྟས་ན་“གཡུང་དྲུང་རི་མོ”ཡིས་བཀྲ་ཤིས་པའི་དོན་སྙིང་ཞིག་མཚོན་པ་ཡིན་འདི་ནི་རྒྱ་རིགས་དང་གཅིག་པ་ཡིན། ང་ཚོས་“གཡུང་དྲུང་”ལ་“བཀྲ་ཤིས་གཡུང་དྲུང་རི་མོ”ཞེས་འབོད་པ་ཡིན།

    བོད་ཀྱི་ལོ་རྒྱུས་སྟེང་དུ“གཡུང་དྲུང་”ནི་གདོད་མའི་བོན་ཆོས་དང་དེའི་རྗེས་ནས་དར་བའི་བོད་བརྒྱུད་ནང་བསྟན་ཆོས་ལུགས་གང་ཡིན་ཡང་ཆོས་ལུགས་དང་འབྲེལ་བ་དམ་ཟབ་ཡོད་པ་ཡིན། གདོད་མའི་བོན་ཆོས་ནང་དུ“གཡུང་དྲུང་”ནི་བཀྲ་ཤིས་བའི་མཚོན་རྟགས་ཡིན་ལ་བོན་ཆོས་གསར་གཏོད་སྐབས་སུ་“གཡུང་དྲུང་བོན”ཞེས་འབོད་པ་ཡིན། བེད་སྤྱོད་བྱེད་པའི་ཡི་གེ་ལ་“གཡུང་དྲུང་”ལྷ་ཡི་ཡི་གེ་ཞེས་འབོད་ལ་བོན་ཆོས་གནས་ཡོད་པའི་ས་ལ་“ཐེག་པ་རིམ་དགུའི་གཡུང་དྲུང་རོ་མོ་”འམ་“གཡང་དྲུང་དགེ་སློང་”དུ་འབོད་པ་ཡིན། བོན་པོའི་མེས་པོ་རྣམས་ཀྱིས་བརྟེན་པའི་འཁར་བསིལ་ཐོག་ཏུ་“གཡུང་དྲུང་”གི་བཀྲ་ཤིས་རི་མོ་ཡོད་ཅིང་བོན་པོའི་དགོན་པའི་གནས་འདེམས་ནའང་གཡུང་དྲུང་རི་མོ་རང་བྱོན་ཡོད་སར་བཞེངས་པ་ཡིན། བོན་པོ་དང་ནང་བས“གཡུང་དྲུང་”འདི་བེད་སྤྱོད་བྱེད་པར་ཁྱད་པར་ངེས་ཅན་ཞིག་ཡོད་པ་མ་གཏོགས་དང་སངས་རྒྱས་ཆོས་ལུགས་བོད་དུ་དར་བ་ནས་བཟུང་“གཡུང་དྲུང་”རྒྱ་ཁྱབ་བཀོལ་སྤྱོད་བྱེད་ཅིང་བྲིས་པའི་ལྷ་སྐུ་ཡོད་ཚད་ཀྱི་ཐུགས་ཁར་བཀྲ་ཤིས་བའི་མཚོན་རྟགས་འདི་ངེས་པ་ཡོད་པ་ཡིན།བོན་པོའི“གཡང་དྲུང་རི་མོ”དུས་མདའི་འཁོར་ཕྱོགས་དང་ལྡོག་པ་དང་ནང་བའི་“གཡུང་དྲུང་རི་མོ”དུས་མདའ་དང་བསྟུན་པ་ཡིན། གལ་ཏེ་ཁྱེད་རང་དགོན་པའི་ནང་དུ་བསྐོར་བ་བྱེད་དུ་འགྲོ་ན་ཐོག་མར་ངེས་པར་དུ་འདི་ནི་བོན་པོ་དང་ནང་བ་གང་ཡིན་པ་གསལ་བོ་ཤེས་དགོས་ཤིང་དེ་ལྟར་མིན་པར་འགྲོ་ཕྱོགས་ལྡོག་པ་ཡིན་ཆོས་བསྐོར་དུ་སོང་ནས་རེ་སེམས་མཚོན་རྒྱུ་དེའང་སྟོང་བར་གྱུར་བ་ཡིན།

    “གཡུང་དྲུང་”རི་མོ་ནི་རྟགས་མཚན་ཞིག་ཏུ་ཆགས་ཡོད་པས་བོད་མི་རིགས་འཚོ་བའི་ཁྲོད་ཀྱི་གྲུབ་ཆ་རུ་གྱུར་ཡོད། སྡོད་སའི་ཁང་བ་དང་གྱང་ངོས། དྲ་མ། སྦྲ་གུར། ཐབ་ཁང་དང་རྒྱན་གོས་སོགས་ཀྱི་ཐོག་ཏུ་རི་མོ་འདི་མཐོང་རྒྱུ་ཡོད་པ་ཡིན། གལ་ཏེ་རང་ལོ་ཡིན་པའི་བུ་མོ་ཞིག་ཡིན་ན་རང་གི་གོན་པའི་རྒྱབ་ཏུ“གཡུང་དྲུང་”ཆེན་པོ་ཞིག་གཙག་དྲུབ་བྱེད་དགོས་པ་ཡིན། ད་དུང་ཁྱིམ་གྱི་ཁྱིམ་ཆས་སྟེང་ཏུ་“གཡུང་དྲུང་”འབྲི་མཁན་དང་ཐང་གའི་ཐོག་ཏུ“གཡུང་དྲུང་”རི་མོ་འབྲི་མཁན་ཡོད་པ་ཡིན། “གཡུང་དྲུང་”རི་མོ་གཅིག་ལ་རང་གི་ནུས་པ་ཡོད་པ་ལས་གཞན་མང་བོ་གཅིག་ཏུ་འདྲེས་ཡོད་པའི་“གཡུང་དྲུང་”ལག་འབྲེལ་གྱི་རི་མོ་ཚེ་རིང་ལོ་བརྒྱ་འཚོ་བའི་དོན་མཚོན་ཡོད་པ་ཡིན། མདོར་ན“གཡུང་དྲུང་”རི་མོ་འདི་ས་རེ་རེར་བཀོལ་ན་མི་མཐུན་པའི་དོན་སྙིང་རེ་ཡོད་པ་ཡིན། གལ་ཏེ་ཁང་བའི་ཀ་གདན་ཐོག་ཏུ་བྲིས་པ་ཡིན་ན་ཁང་བ་བརྟན་བརླིང་ཡིན་པ་དང་སྒོ་ཆེན་ཐོག་ཏུ་བྲིས་ན་གདོན་འདྲེ་འགོག་ཐུབ་པ་།ཐབ་ཀྱི་སྟེང་དུ་བྲིས་ན་ཐབ་ལྷས་ཁྱིམ་འདིར་ཟས་ནོར་སྦྱིན་པ། བརྒྱབ་ཏུ་བྲིས་ན་རང་ཉིད་བཀྲིས་བདེ་ལེགས་ཡིན་པ་སོགས་སྐྱབས་སུ་འཛིན་པ་ཡིན། འདི་དག་ཚང་མ་བྱེད་པའི་དམིགས་ཡུལ་གཅིག་ཡོད་པ་ནི་བོད་མི་རིགས་ཀྱི་སེམས་ཁོང་གི་བདེ་སྐྱིད་ཀྱི་རེ་སྨོན་འགྲུབ་པར་སྐྱབས་འཇུག་ཞུ་བ་ཡིན།

    “གཡུང་དྲུང་”གི་རྟགས་མཚན་རི་མོ་འདིའི་མ་གཞིའི་སྙིང་པོར་ཆོས་ལུས་ཀྱི་ཁྱད་ཆོས་ཡོད་པ་ཡིན་ཡང་དོན་དངོས་སུ་དེ་ནི་བོད་མི་རིགས་ཀྱི་ཆོས་ལུགས་འཚོ་བའི་གྲུབ་ཆ་ཡིན་པ་མ་ཟད་བོད་མི་རིགས་ཀྱི་སྤྱི་ཚོགས་འཚོ་བའི་གྲུབ་ཆ་གཙོ་བོ་ཡང་ཡིན་པས་མི་རིགས་ཀྱི་སེམས་གཏིང་དུ་ཟུག་ཅིང་ཐ་ན་མཛེས་དཔྱད་ཀྱི་མཚོན་རྟགས་ཤིག་ཏུ་གྱུར་ཡོད།

    《བོད་ལྗོངས་ཀྱི་དམངས་སྲོལ།》ལས་བཏུས།

    --    --

    འགན་འཁུར་རྩོམ་སྒྲིག་པ། 卓玛吉