[ English ] [ 中文 ]
0891-6325020
དབུ་ཤོག>བོད་རིག་པ་དང་ཆོས་ལུགས།
  • 《བོད་རང་སྐྱོང་ལྗོངས་ཡིག་ཚགས་ཁང་དུ་ཉར་བའི་བོད་སོག་མན་ཇུ་ཡིག་རིགས་གསུམ་གྱི་ལོ་རྒྱུས་ཡིག་ཚགས་ཕྱོགས་སྒྲིག》དཔེ་ཚོགས་བོད་དུ་བཀྲམ་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-10-25

    ཟླ་10ཚེས་22ཉིན། 《བོད་རང་སྐྱོང་ལྗོངས་ཡིག་ཚགས་ཁང་དུ་ཉར་བའི་བོད་སོག་མན་ཇུ་ཡིག་རིགས་གསུམ་གྱི་ལོ་རྒྱུས་ཡིག་ཚགས་ཕྱོགས་སྒྲིག》དཔེ་ཚོགས་པོད་བཅུ་གཉིས་ལྷ་སར་འགྲེམས་སྤེལ་བྱས་པ་རེད། དཔེ་ཚོགས་དེ་ཡིག་ཚགས་བརྙན་པར་གྱི་ལམ་ནས་དཔེ་སྐྲུན་བྱས་པ་དང་ཁྱོན་བསྡོམས་ཡིག་ཚགས་1394བསྡུས་ཡོད་པ་དང་ལོ་604ཡི་ནང་དོན་ཚུད་ཡོད། ཡིག་ཚགས་ཀྱི་མ་ཡིག་ནི་གཙོ་བོ་འགྲོ་མགོན་འཕགས་པའི་ཡི་གེ་དང་། མན་ཇུའི་ཡི་གེ སོག་ཡིག བོད་ཡིག རྒྱ་ཡིག ཛཱ་ཡ་པཎྜི་ཏའི་སོག་ཡིག་བཅས་དྲུག་རེད།

    སོག་པོ་དང་མན་ཇུའི་ཡི་གེའི་ཡིག་ཚགས་ལ་གཞུང་ཡིག་དང་། འཕྲིན་ཡིག ཅ་དངོས་དཔྱད་ཡིག་སོགས་རིགས་མང་བའི་ནང་། ཀྲུང་དབྱང་སྲིད་གཞུང་དང་བོད་ལྗོངས་ས་ཁུལ་དབར་གྱི་གཞུང་ཡིག་ཡོད་ལ། བོད་ཀྱི་སྐུ་དྲག་དང་སོག་པོའི་རྒྱལ་བློན་དབར་གྱི་འཕྲིན་ཡིག་ཀྱང་ཡོད། “ཡིག་ཚགས་འདི་དག་ལས་ལོ་རྒྱུས་ཐོག་ཀྲུང་དབྱང་སྲིད་གཞུང་གིས་བོད་བཅོས་སྐྱོང་བྱས་པའི་གནས་ཚུལ་ཇི་བཞིན་བཀོད་ཡོད་པ་མ་ཟད། རང་རྒྱལ་གྱི་མི་རིགས་མང་པོ་མཉམ་དུ་གོང་འཕེལ་དང་མཉམ་དུ་དར་རྒྱས། ཕན་ཚུན་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་ལོ་རྒྱུས་ཀྱི་རྣམ་པ་གསོན་ཉམས་དོད་པོས་མངོན་ཡོད”ཅེས་བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་ཏང་ཨུད་ཀྱི་ཧྲུའུ་ཅི་ཟུར་པ་ཞིབ་འཇུག་པ་ཁྲེ་ཧུའེ་མིང་གིས་ངོ་སྤྲོད་བྱས།

    ཡིག་ཚགས་དཔྱད་ཡིག་ལས་མངོན་པ་ལྟར་ན། བོད་ནི་གནའ་སྔ་མོ་ནས་བཟུང་། ཀྲུང་གོའི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པས། ཀྲུང་དབྱང་སྲིད་གཞུང་གི་དོ་དམ་ལ་གོང་བཀུར་ནན་པོ་ཞུ་ཡི་ཡོད། 1324ལོ་ནས་བཟུང་། ཀྲུང་དབྱང་སྲིད་གཞུང་དང་བོད་ལྗོངས་ས་ཁུལ་དབར་གཞུང་ཡིག་གཏོང་རེས་ཧ་ཅང་མང་པོ་ཡོད། ཆིང་རྒྱལ་རབས་ཀྱི་ཡིག་ཚགས་ལ་ཆ་མཚོན་ན། དཔེ་ཚོགས་སུ་ཆིང་རྒྱལ་རབས་ཀྱི་གོང་མའི་བཀའ་ཡིག་རིགས་དང་པོ་250དང་། བཀའ་ཡིག་རིཌ་གསུམ་པ་21 སྲིད་གཞུང་གི་འབྲེལ་ཡོད་སྒྲིག་གཞི་དང་དཔོན་རིཌ་ཀྱི་ཝང་ཤུ་44བཅས་བདམས་ཡོད་ཅིང་། དེ་དག་ལས་ཆིང་རྒྱལ་རབས་བཙུགས་པ་ནས་ལྕགས་ཕག་ལོའི་གསར་བརྗེའི་བར་ཀྲུང་དབྱང་སྲིད་གཞུང་གིས་བོད་ལྗོངས་ས་ཁུལ་ལ་སྔར་ནས་བཟུང་དོ་དམ་ནུས་ལྡན་བྱེད་ཚུལ་གསལ་པོར་བཀོད་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།