[ English ] [ 中文 ]
0891-6325020
དབུ་ཤོག>བོད་རིག་པ་དང་ཆོས་ལུགས།
  • བོད་ཀྱི“ཐ་སྙད་བཀས་བཅད་གསར་པའི”ཚད་ལྡན་ཚིག་མཛོད་ཁག་གཉིས་པ་དཔེ་སྐྲུན་འགྲེམས་སྤེལ་བྱས་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2019-10-18

     ཉིན་ཤས་གོང་། བོད་རང་སྐྱོང་ལྗོངས་བོད་ཡིག་ཐ་སྙད་བཀས་བཅད་ཨུ་ཡོན་ལྷན་ཁང་གིས་ཞིབ་བཤེར་གཏན་འབེབས་བྱས་པའི《རྒྱ་བོད་ཤན་སྦྱར་ཐ་སྙད་བཀས་བཅད་ཚིག་མཛོད》བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་དངོས་སུ་དཔེ་སྐྲུན་འགྲེམས་སྤེལ་བྱས་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ཐ་སྙད་9000ཙམ་བསྡུས་པའི“ཐ་སྙད་བཀས་བཅད”ཚིག་མཛོད་དེ་2012ལོར་དཔེ་སྐྲུན་བྱས་པའི《རྒྱ་བོད་ཤན་སྦྱར་ཐ་སྙད་བཀས་བཅད་ཚིག་མཛོད》རྗེས་ཀྱི་བོད་ཀྱི་སྐད་ཡིག་ཚད་ལྡན་དུ་གཏོང་བའི་ལས་ཀར་ཐོབ་པའི་གྲུབ་འབྲས་གལ་ཆེན་ཞིག་རེད།

    བོད་རང་སྐྱོང་ལྗོངས་བོད་སྐད་ཡིག་ལས་དོན་ཨུ་ཡོན་ལྷན་ཁང་གི་གཞུང་ལས་ཁང་བོད་སྐད་ཡིག་བཀས་བཅད་ཁྲུའི་ཁྲུའུ་ཀྲང་ཡེ་ཤེས་བཟང་པོས། སྤྱི་ཚོགས་འཕེལ་རྒྱས་མྱུར་པོ་འགྲོ་ཞིང་། བྱ་དངོས་གསར་པ་གཅིག་རྗེས་གཉིས་མཐུད་ངང་ཐོན་པ་དང་ཆབས་ཅིག ཐ་སྙད་གསར་པའང་རིམ་བཞིན་ཐོན་གྱི་ཡོད། དེང་སྐབས་ཐོན་པའི་ཐ་སྙད་གསར་པ་མང་པོ་ཞིག་བོད་སྐད་ཀྱི་ནང་ཐད་ཀར་སྤྱོད་རུང་བའི་ཐ་སྙད་ཅིག་རྙེད་མི་ཐུབ་ཅིང་། དོན་དངོས་ཀྱི་དགོས་མཁོ་སྐོང་མི་ཐུབ་པའི་ཁར། ཐ་སྙད་མང་པོ་ཞིག་ཚད་ལྡན་མེད་པ་དང་གཅིག་གྱུར་མེད་པ་སོགས་ཀྱི་གནད་དོན་མི་ཉུང་བ་ཐོན་བཞིན་ཡོད། གནས་ཚུལ་འདིར་དམིགས་ནས་ཐ་སྙད་གསར་པ་དུས་ཐོག་ཏུ་ཡིག་སྒྱུར་བཀས་བཅད་བྱས་ཏེ་དབང་གྲགས་རང་བཞིན་དང་ཚད་ལྡན་གྱི་ཐ་སྙད་ཚིག་མཛོད་ཅིག་དཔེ་སྐྲུན་བྱེད་རྒྱུ་ནི་ཁ་ཚ་དགོས་གཏུགས་ཤིག་རེད། མི་རིགས་ཕན་ཚུན་སྤེལ་རེས་འགྲོ་འོང་ལ་སྐུལ་འདེད་དང་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་རྒྱལ་ཡོངས་དང་མཉམ་དུ་འཕེལ་རྒྱས་འགྲོ་བར་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་ངོ་སྤྲོད་བྱས་བྱུང་།

    ཡེ་ཤེས་བཟང་པོས། ཡིག་སྒྱུར་བྱེད་རིང་། ང་ཚོས་དོན་སྒྱུར་དང་། ཐད་སྒྱུར། སྒྲ་སྒྱུར་སོགས་ཀྱི་ཟུང་འབྲེལ་བྱེད་ཐབས་ལ་བརྟེན་པ་དང་དུས་མཚུངས། མང་ཚོགས་ཀྱི་སྐད་བརྡའི་སྔར་ཡོད་ཐ་སྙད་སྤྱད་པ་མ་ཟད། པེ་ཅིང་དང་། སི་ཁྲོན། བོད་ལྗོངས་ཀྱི་རིགས་གཅིག་མཁས་ཅན་ཁག་གཅིག་བཅས་གདན་དྲངས་ནས་མཐའ་མའི་ཞུ་དག་བཏང་ཡོད་ཅེས་བརྗོད་ཅིང་། ཁོང་གིས་ཚིག་མཛོད་འདི་འགྲེམས་སྤེལ་བྱས་པ་ལས། རྒྱ་ཆེའི་ཡིག་སྒྱུར་ལས་ཀ་བྱེད་མཁན་དང་ཀློག་པ་པོར་བཀས་བཅད་ཐ་སྙད་གཅིག་གྱུར་ཡོང་རྒྱུ་དང་བོད་སྐད་ཡིག་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལ་དཔྱད་གཞིའི་རིན་ཐང་ཧ་ཅང་ཆེན་པོ་ལྡན་ཡོད་ཅེས་བརྗོད་བྱུང་།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།