[ English ] [ 中文 ]
0891-6325020
དབུ་ཤོག>བོད་རིག་པ་དང་ཆོས་ལུགས།
  • ​ བོད་ཡིག་གི་གནའ་གཞུང་ཉར་ཚགས་དང་སྤྱོད་རྒྱུ་གལ་ཆེ་མཉམ་དུ་འཇོག་དགོས།

    རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན། སེ་ར་དགོན་སྡེ་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ། དཔེ་ཆའི་དགེ་རྒན་བཅས་ཡིན་པའི་བཀྲ་ཤིས་རྒྱལ་མཚན་ལ་བཅར་འདྲི་ཞུས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-03-12

    “བོད་ཡིག་གི་གནའ་གཞུང་ཚད་ལྡན་ཡིག་ཆ་ཉར་ཚགས་སྒྲིག་གཞི་ཁག་གིས། བོད་ཡིག་གི་གནའ་གཞུང་ཚད་ལྡན་ཡིག་ཆ་ནི་རྩ་ཆེའི་ཚད་ལྡན་ཡིག་ཆ་ཞིག་ཡིན་པ་དང་། དེ་ཡོད་པ་ཙམ་གྱིས་སྤོབས་པ་བྱེད་འོས་པ་ཞིག་ཏུ་ངོས་འཛིན། འོན་ཀྱང་ཚན་རིག་དང་མཐུན་པའི་སྲུང་སྐྱོབ་དང་གསར་སྤེལ་བེད་སྤྱོད་ཐད་ད་དུང་འདང་གི་མེད”རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་། སེ་ར་དགོན་སྡེ་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ། དཔེ་ཆའི་དགེ་རྒན་བཅས་ཡིན་པའི་བཀྲ་ཤིས་རྒྱལ་མཚན་གྱིས་ཉར་ཚགས་སྒྲིག་གཞི་ཁག་ལ་ཉར་ཚགས་ལ་སྣང་ཆེན་དང་སྤྱོད་རྒྱུར་སྣང་ཆུང་བྱེད་པའི་སྣང་ཚུལ་ཡོངས་ཁྱབ་ངང་གནས་པའི་ངོས་འཛིན་གནང་བ་རེད།

    བཀྲ་ཤིས་རྒྱལ་མཚན་གྱིས་ཕུལ་བའི《བོད་ལྗོངས་སློབ་ཆེན་བོད་ཡིག་གནའ་གཞུང་ཞིབ་འཇུག་ཁང་གིས་བོད་ཡིག་གནའ་གཞུང་གི་ཚད་ལྡན་ཡིག་ཆ་སྲུང་སྐྱོབ་དང་གསར་སྤེལ་བེད་སྤྱོད་ལས་དོན་སྤེལ་རྒྱུར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་སྐོར་གྱི་གྲོས་གཞིའི》ནང་དབྱེ་ཞིབ་བྱས་དོན། བོད་ཡིག་གནའ་གཞུང་གི་ཚད་ལྡན་ཡིག་ཆ་ཉར་ཚགས་ཐར་ཐོར་དང་། ཆེད་ལས་དང་དེ་བཞིན་གཞི་ཁྱོན་ངེས་ཅན་ལྡན་པའི་གནའ་གཞུང་ཚད་ལྡན་ཡིག་ཆའི་མྱུར་སྐྱོབ་ལེགས་སྒྲིག་ལས་དོན་སྤེལ་ཐུབ་མེད། མྱུར་སྐྱོབ་དང་ལེགས་སྒྲིག་རྨང་གཞིར་བྱེད་པའི་ཞིབ་འཇུག་ལས་དོན་སྤེལ་མཁོ་ཆེན་པོ་ཡོད་པ་དང་། ད་ཡོད་ཀྱི་ཆེད་ལས་ལག་རྩལ་མི་སྣའི་གྲངས་འབོར་ཉུང་བ་དང་ཚད་ལྡན་ཡིག་ཆའི་གནའ་གཞུང་འབོར་ཆེན་མྱུར་སྐྱོབ་ལེགས་སྒྲིག་ལས་དོན་ལེགས་སྒྲུབ་བྱེད་ཚད་མཐོ་པོ་མེད་པ་དང་གྲུབ་འབྲས་བརྗེ་སྒྱུར་འགོར་བས་གནའ་གཞུང་སྲུང་སྐྱོབ་ལས་དོན་སྤེལ་རྒྱུར་ཕན་པ་མེད་པ་རེད།

    བོད་ཡིག་གནའ་གཞུང་ཉར་ཚགས་བྱ་རྒྱུར་སྣང་ཆེན་དང་སྤྱོད་རྒྱུར་སྣང་ཆུང་བྱེད་པ་དེར་ཚོད་འཛིན་བཟོ་བའི་རྒྱུ་རྐྱེན་གཞན་ཞིག་ནི་གྲོན་དངུལ་ཡིན། བཀྲ་ཤིས་རྒྱལ་མཚན་གྱིས་རྩ་ཆེའི་བོད་ཡིག་གནའ་གཞུང་གི་ཚད་ལྡན་ཡིག་ཆ་འབོར་ཆེན་ཞིག་སྒེར་གྱི་ཉར་ཚགས་ཁང་དང་། རིགས་ཁག་གི་དམངས་ཁྲོད་སྒྲིག་གཞི། དགོན་སྡེ་བཅས་སུ་ཉར་ཚགས་བྱས་ཡོད། དེ་ཉོ་སྒྲུབ་དང་། གཡར་ནས་ཀློག་པ། འདྲ་ཕབ། གྲངས་གཞི་ཅན་གྱི་ལས་སྣོན་བཅས་གང་ཞིག་བྱས་རུང་གྲོན་དངུལ་གྱི་འདེགས་སྐྱོར་དགོས་མོད། འོན་ཀྱང་མིག་སྔར་གྲོན་དངུལ་དཀོན་སྟབས། རྩ་ཆེའི་ཚད་ལྡན་ཡིག་ཆ་གཅིག་གྱུར་ཉར་ཚགས་དང་སྲུང་སྐྱོབ་བྱེད་ཐབས་བྲལ་བ་དང་ཞལ་འདེབས་ཁོ་ནར་བརྟེན་ཚེ་རྩ་བའི་གནད་དོན་ཐག་གཅོད་བྱེད་ཐབས་བྲལ་ཡོད་ཅེས་གསུངས།

    བཀྲ་ཤིས་རྒྱལ་མཚན་གྱིས་བོད་ཡིག་གནའ་གཞུང་གི་ཚད་ལྡན་ཡིག་ཆ་སྲུང་སྐྱོབ་དང་གསར་སྤེལ་བེད་སྤྱོད་ཀྱི་མ་དངུལ་གཏོང་ཤུགས་མང་དུ་གཏོང་བ་དང་། གྲོན་དངུལ་སྔོན་རྩིས་ལ་ཤུགས་སྣོན་རྒྱག་པ། དངུལ་འབོར་མང་དུ་གཏོང་བ། ཞིབ་འཇུག་གྲོན་དངུལ་འདང་ངེས་མཁོ་འདོན་བྱེད་པ། རྩ་ཆེའི་ཚད་ལྡན་ཡིག་ཆ་ཉར་ཚགས་དང་བེད་སྤྱོད་མྱུར་ཚད་མགྱོགས་སུ་གཏོང་བ་བཅས་བྱས་ནས། བོད་ཡིག་གནའ་གཞུང་གི་ཚད་ལྡན་ཡིག་ཆ་སྲུང་སྐྱོབ་དང་གསར་སྤེལ་བེད་སྤྱོད་ཆེད་ཆ་རྐྱེན་གཏོད་དགོས་པའི་གྲོས་འགོ་བཏོན་གནང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།