[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ཡན་ཅིན་ཧའེ་ཡིས་ལྗོངས་རིག་གནས་ཐིང་དུ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སྒྲོག་འགྲེལ་དང་བརྟག་ཞིབ་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2022-11-28

    ཚེས་25ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་རིག་གནས་ཐིང་དུ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སྒྲོག་འགྲེལ་དང་བརྟག་ཞིབ་གནང་བར་ཕེབས་ཤིང་། ཁོང་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་། ལག་བསྟར། དོན་འཁྱོལ་བཅས་གཏིང་ཟབ་བྱས་ཏེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་གཞིར་བཟུང་རིག་གནས་ཀྱི་གདེང་ཚོད་བརྟན་དུ་བཏང་ནས་དར་ཆ་སྒྲེང་བ་དང་། དམངས་སེམས་སྒྲིལ་བ། མི་གསར་སྐྱོང་བ། རིག་གནས་དར་སྤེལ། གཟུགས་བརྙན་མངོན་པ་བཅས་ལ་དམིགས་ནས་བོད་ཀྱི་གཏམ་རྒྱུད་ཡག་པོ་བརྗོད་དེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་སྐྲུན་ཆེད་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས་པའི་ནན་བཤད་གནང་བ་རེད།

    ཡན་ཅིན་ཧའེ་ཐོན་ལས་འཕེལ་རྒྱས་དང་ཐོན་ཁུངས་གསར་སྤེལ་ཁྲུའུ་དང་། སྒྱུ་རྩལ་ཁྲུའུ། སྤྱི་པའི་ཞབས་ཞུ་ལྟེ་གནས་བཅས་སུ་ཕེབས་ནས་ཐོན་ལས་འཕེལ་རྒྱས་དང་། རིག་རྩལ་གསར་རྩོམ། གཞི་རིམ་གྱི་སྤྱི་པའི་རིག་གནས་ཞབས་ཞུ་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས་རྒྱ་ཆེའི་རིག་གནས་ལས་དོན་པའི་འགན་འཁྲི་ཧ་ཅང་ལྕི་བས་ཚང་མས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལ་གོ་བ་ལེན་པ་དང་། ཁོང་དུ་ཆུད་པ། དངོས་སུ་སྒྲུབ་པ་བཅས་བྱས་ཏེ་རིག་གནས་ལས་དོན་ལ་མུ་མཐུད་དམ་འཛིན་ཡག་པོ་བྱས་ནས་འཐབ་ས་སྲུང་བ་དང་། བརྩམས་ཆོས་རྩེ་གྲ་འདོན་པ། སྲུང་སྐྱོང་ལ་དམ་འཛིན་བྱེད་པ། རྒྱུན་འཛིན་ལ་སྐུལ་འདེད་གཏོང་བ། ཐོན་ལས་དར་རྒྱས་གཏོང་བ། དམངས་འཚོར་ཕན་འདོགས་པ། སྤུས་རྟགས་ཀྱི་སྐད་གྲགས་ཆོད་ཚད་ཆེ་རུ་གཏོང་བ། སྤེལ་རེས་ལ་སྐུལ་འདེད་གཏོང་བ་བཅས་བྱེད་པའི་རེ་བ་ཡོད་ཅེས་གསུངས་པ་རེད།

    བཞུགས་མོལ་གནང་སྐབས། ཡན་ཅིན་ཧའེ་ཡིས་དགོངས་དོན་སློབ་སྦྱོང་དང་། འགན་འཁྲི་འཁུར་བ། མིག་དཔེ་འདོན་པ་བཅས་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་གཏན་འབེབས་སྣེ་ཁྲིད་ནས་ལག་བསྟར་དོན་འཁྱོལ་དང་། ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ཏེ་སྔོན་ཚུད་ནས་སྦྱོང་བ་དང་། སྔོན་ཚུད་ནས་གོ་བ་ལེན་པ། སྔོན་ཚུད་ནས་སྒྲུབ་པ་བཅས་བྱེད་དགོས། གྲུབ་འབྲས་སློབ་སྦྱོང་དང་། སྲོག་ཤིང་ལ་དགའ་ཞེན། ཏང་གི་བཀའ་དྲིན་ལ་བསྟོད་པ་འབུལ་བ་བཅས་བྱེད་པ་དང་། ལོ་ལྔའི་རིང་གི་སྤྱིར་བཏང་གཏན་ནས་མིན་པའི་གྲུབ་འབྲས་དང་ལོ་བཅུའི་རིང་གི་འཕོ་འགྱུར་རླབས་པོ་ཆེ་དེ་དུས་རབས་གསར་པའི་བོད་ཀྱི་གཏམ་རྒྱུད་ཡག་པོ་བརྗོད་རྒྱུ་དང་ཟུང་འབྲེལ་དམ་ཟབ་བྱེད་པ།

    “ཐབས་ཤེས་བཟང་པོར”བརྟེན་ནས“བརྗོད་དོན་ཆེན་པོ”མཚོན་པ་དང“གྲངས་གཞི་ཆུང་ངུར”བརྟེན་ནས“འགྱུར་ལྡོག་ཆེན་པོ”མངོན་པ། “གཏམ་རྒྱུད་ཐུང་ངུར”བརྟེན་ནས“གནས་ལུགས་ཆེན་པོ”བརྗོད་པ་བཅས་བྱེད་མཁས་པོ་བྱས་ཏེ། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ལ“གཏན་འཁེལ་གཉིས”ལ་དེ་བས་ལྷག་བསམ་ཟོལ་མེད་ངང་སྲུང་སྐྱོང་དང“སྲུང་སྐྱོང་གཉིས”དེ་བས་མཐའ་གཅིག་ཏུ་ཐུབ་པའི་ཁྲིད་སྟོན་བྱེད་དགོས། དགོངས་པ་སྦྱོང་བ་དང་། རྩ་བ་བརྟན་དུ་གཏོང་བ། གདེང་ཚོད་ཆེ་རུ་གཏོང་བ་བཅས་བྱས་ཏེ་འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་ལས་དོན་གྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱེད་པ་དང“སེམས་སྐྱིད་འདུ་འགོད”མུ་མཐུད་ལག་ལེན་ཡག་པོ་བསྟར་བ། རིགས་པའི་གཞུང་ལུགས་ཀྱི་ནང་དོན་ཕུན་སུམ་ཚོགས་པོ་དག་གོ་བདེ་ལ་ཤེས་སླ་བའི་སྐད་ཆའི་ཐོག་ནས་གསལ་འགྲེལ་ཡག་པོ་བྱས་ཏེ་མི་སེར་ཚོས་གོ་ཐུབ་པ་དང་ངེས་ཐུབ་པ་བྱེད་དགོས། སྔོན་ཐོན་སྦྱོང་བ་དང་། སྤྱོད་ཚུལ་ལེགས་སུ་གཏོང་བ། དོན་འཁྱོལ་དམ་འཛིན་བཅས་བྱས་ཏེ་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི་ཆབ་སྲིད་ཀྱི་འགན་འཁྲི་ལག་ལེན་ཡག་པོ་བསྟར་བ་དང་། ཏང་གཤིས་ལ་ཞུན་བརྡར་བཏང་ནས་ལྷག་བསམ་ཟོལ་མེད་བྱེད་པ། གཞུང་དྲང་རང་ཚུགས་བཟུང་ནས་མཐའ་ཚད་སྲུང་བ། སྤུས་ཚད་ལེགས་སུ་དང་འཇོན་ཐང་ཆེ་རུ་བཏང་ནས་དཔུང་ཁག་སྟོབས་ཆེར་གཏོང་བ། སྒྲིག་ཁྲིམས་ནན་དུ་བཏང་ནས་སྲོལ་གསར་འཛུགས་པ་བཅས་བྱས་ཏེ་ལས་དོན་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་ཆེད་ཆབ་སྲིད་ཀྱི་འགན་ལེན་འགྱུར་མེད་སྟོབས་ལྡན་ཞིག་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།