[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • བོད་ལྗོངས་ཀྱི་དམངས་སྲིད་ཚོགས་འདུ་ཐེངས་དགུ་པ་ལྷ་སར་འཚོགས་པ།

    ཝུའུ་དབྱིང་ཅེས་མཆན་བཀོད་མཛུབ་སྟོན་གནང་བ། ཆེ་དགྲ་ལྷས་ཚོགས་ཞུགས་འཐུས་མི་དང་། སྔོན་ཐོན་མཉམ་སྡེབ། སྔོན་ཐོན་མི་སྒེར་བཅས་ལ་མཇལ་འཕྲད་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-12-02

    ཟླ་11ཚེས་29ཉིན། ལྗོངས་ཡོངས་ཀྱི་དམངས་སྲིད་ཚོགས་འདུ་ཐེངས་དགུ་པ་ལྷ་སར་འཚོགས་ནས། དམངས་སྲིད་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལག་བསྟར་ནན་ཏན་བྱས་པ་དང་འབྲེལ་རྒྱལ་ཡོངས་དམངས་སྲིད་ཚོགས་འདུ་ཐེངས་བཅུ་བཞི་པའི་བཀོད་སྒྲིག་བླང་བྱ་གཞིར་བཟུང་རང་ལྗོངས་ཀྱི་ད་ཕན་ལོ་ཤས་རིང་གི་དམངས་སྲིད་ལས་དོན་ སྐོར་གྱི་གནས་ཚུལ་ཕྱོགས་སྡོམ་བྱས་པ་མ་ཟད། སླད་ཕྱིན་དུས་སྐབས་ཤིག་རིང་གི་ལས་དོན་དང་ལས་འགན་ཞིབ་འཇུག་བཀོད་སྒྲིག་ཀྱང་བྱས་པ་རེད། 

    ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་མཆན་བཀོད་མཛུབ་སྟོན་གནང་ཞིང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་ཚོགས་ཞུགས་འཐུས་མི་དང་། སྔོན་ཐོན་མཉམ་སྡེབ། སྔོན་ཐོན་མི་སྒེར་བཅས་ལ་མཇལ་འཕྲད་གནང་བ་རེད། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ནོར་བུ་དོན་གྲུབ་མཇལ་འཕྲད་ནང་ཞུགས་པ་མ་ཟད། ཚོགས་འདུའི་ཐོག་གསུང་བཤད་ཀྱང་གནང་བ་རེད། 

    ཝུའུ་དབྱིང་ཅེའི་མཆན་བཀོད་མཛུབ་སྟོན་ནང་། དམངས་སྲིད་ལས་དོན་དེ་དམངས་འཚོ་དང་འབྲེལ་བ་ཡོད་ལ། དམངས་སེམས་དང་ཡང་འབྲེལ་ཡོད། ལྗོངས་ཡོངས་ཀྱི་དམངས་སྲིད་ཁོངས་གཏོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། གསུམ་པ། བཞི་པ་བཅས་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་བཅས་ལག་བསྟར་གཏིང་ཟབ་བྱེད་པ་དང་།  དམངས་སྲིད་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་མཐའ་སྐྱོང་བོད་བརྟན་སྐོར་གྱི་རྣམ་བཤད་གལ་ཆེན་ལག་བསྟར། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བྱེད་པ། དམངས་འཚོ་ལེགས་བཅོས་དང་མི་སེམས་གཅིག་སྒྲིལ་ལ་དམ་པོར་དམིགས་པ། དབུལ་སྒྲོལ་འགག་སྒྲོལ་དང་། དམིགས་བསལ་ཚོགས་སྤྱི། མང་ཚོགས་ལ་དོ་ཁུར་བྱ་རྒྱུ་བཅས་ལ་དམིགས་པ། གཞི་རྩའི་དམངས་འཚོ་འགན་ལེན་དང་། གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་། གཞི་རྩའི་སྤྱི་ཚོགས་ཞབས་ཞུ་སོགས་ཀྱི་འགན་འཁྲི་ནན་ཏན་ངང་འཁུར་བ། སྤྱི་ཚོགས་རོགས་སྐྱོབ་དང་། སྤྱི་ཚོགས་ཕན་བདེ། དགེ་སྒྲུབ་བྱ་གཞག དབང་པོ་སྐྱོན་ཅན་ལ་རོགས་རམ་བྱེད་པ་སོགས་ཀྱི་ལམ་ལུགས་དང་། གཞིས་ལུས་བྱིས་པ་དང་། བུད་མེད། རྒན་རྒོན་བཅས་ལ་གཅེས་སྐྱོང་བྱེད་པའི་ཞབས་ཞུའི་མ་ལག་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་གཏོང་བ། བརྩེ་སེམས་བཅངས་ནས་མ་མཐའི་འཚོ་བ་འགན་ལེན་དང་། སྐྱོབ་གསོ་ལེན་མཁན་ལ་རོགས་སྐྱོབ། “གཅིག་སྡུད་གཉིས”སོགས་ཀྱི་ལས་དོན་ཡག་པོ་སྒྲུབ་པ་བཅས་བྱས་ཏེ། མི་རིགས་ཁག་གི་མང་ཚོགས་ཚོས་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་དྲོ་སྐྱིད་དངོས་འབྲེལ་ཚོར་བ་བྱེད་དགོས། ཏང་གིས་དམངས་སྲིད་ལས་དོན་ལ་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། དམངས་སྲིད་བྱ་གཞག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་བསྐྲུན་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ་རེད། 

    ཆེ་དགྲ་ལྷས་ལྗོངས་ཡོངས་ཀྱི་དམངས་སྲིད་ཁོངས་གཏོགས་ཀྱི་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་ལ་རྟེན་འབྲེལ་ཞུས་པ་མ་ཟད། ལྗོངས་ཡོངས་ཀྱི་དམངས་སྲིད་ཀྱི་ལས་བྱེད་པ་དང་ལས་བཟོར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་དང་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས་དམངས་སྲིད་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ཡག་པོ་དང་། ལག་བསྟར་ཡག་པོ། དོན་འཁྱོལ་ཡག་པོ་བཅས་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པ། ཧྲུའུ་ཅི་ཝུའུ་དབྱིང་ཅེའི་མཆན་བཀོད་མཛུབ་སྟོན་གྱི་བླང་བྱར་གཞིགས་པ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་བརྟན་པོར་འཛུགས་པ། དམངས་འཚོ་ཐ་སྐྱོང་འགན་ལེན་གྱི“བདེ་འཇགས་དྲ་བ”ཚགས་དམ་དུ་གཏོང་བ་བཅས་བྱས་ཏེ། མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་དཀའ་གནད་ཐག་གཅོད་ཡག་པོ་བྱེད་དགོས་པ་དང་། གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་ལ་དམ་པོར་དམིགས་ཏེ། དམངས་སྲིད་ཀྱི་དམིགས་བསལ་འགན་ནུས་འདོན་སྤེལ་གང་ལེགས་བྱེད་པ་དང་། གཞི་རིམ་དམངས་སྲིད་ཀྱི་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བ། སྤྱི་ཚོགས་སྟོབས་ཤུགས་ཀྱི་ནུས་པ་དེ་བས་འདོན་སྤེལ་བཅས་བྱས་ཏེ། བོད་ཀྱི་སྒྱུར་འཕེལ་བརྟན་གསུམ་གྱི་ལས་དོན་ཁག་ལ་གྲུབ་འབྲས་གསར་པ་དེ་བས་ཆེ་བ་ཐོབ་རྒྱུར་སྐུལ་འདེད་གཏོང་དགོས་པ། ལས་དོན་གྱི་བྱེད་ཐབས་གསར་གཏོད་བྱས་ནས། “དྲ་སྦྲེལ་+སྲིད་དོན་ཞབས་ཞུ”འཛུགས་སྐྱོང་ལ་མགྱོགས་མྱུར་སྐུལ་འདེད་བཏང་སྟེ། མང་ཚོགས་ཚོས་བྱ་བ་བསྒྲུབ་རྒྱུར་སྟབས་བདེ་བསྐྲུན་དགོས་པ་མ་ཟད། དྲ་སྦྲེལ་གྱི་སྦྲེལ་ཟམ་བརྒྱུད་ཏང་དང་སྲིད་གཞུང་དང་མི་དམངས་དབར་གྱི་འབྲེལ་བ་དེ་བས་ཟབ་ཏུ་གཏོང་དགོས་པ། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་དམངས་སྲིད་ལ་ཐུགས་ཁུར་དང་། དམངས་སྲིད་ལ་རྒྱབ་སྐྱོར་བྱས་ཏེ། མཐུན་རྐྱེན་བསྐྲུན་ནས་དམངས་སྲིད་སྡེ་ཚན་ལ་རྒྱབ་སྐྱོར་བྱེད་པའི་འགན་འཁྲི་ཡག་པོ་འཁུར་དགོས་ཞེས་གསུངས་པ་རེད། 

    ནོར་བུ་དོན་གྲུབ་ཀྱིས་ཚོགས་འདུའི་ཐོག་རིམ་ཁག་དམངས་སྲིད་སྡེ་ཚན་གྱིས་བསམ་བློའི་ངོས་འཛིན་གཅིག་གྱུར་དང་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་ནས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་འཚོ་བའི་གཏོང་སྒོ་སྦྲེལ་མཐུད་ཀྱི་སྤྱི་ཚོགས་རོགས་སྐྱོབ་མ་ལག་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་གཏོང་བ་དང་། སྤྱི་ཚོགས་ཀྱི་དམིགས་བསལ་ཚོགས་སྤྱིའི་རྩ་བའི་དབང་ཆ་འགན་ལེན་དང་འཚམ་པའི་སྤྱི་ཚོགས་ཕན་བདེའི་མ་ལག་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ། བཅོས་སྐྱོང་གི་བླང་བྱ་གསར་པ་དང་འཚམ་པ་དང་བོད་ཀྱི་ཁྱད་ཆོས་ལྡན་པའི་གཞི་རིམ་སྡེ་ཁུལ་བཅོས་སྐྱོང་མ་ལག་གང་མགྱོགས་གྲུབ་པར་བྱེད་པ། དམངས་གཅེས་དམངས་ཆེད་ལ་ཞབས་འདེགས་ཞུ་བའི་ཐོག་མའི་བསམ་འདུན་བརྟན་པོར་སྲུང་བ། མང་ཚོགས་ལ་ཞབས་འདེགས་ཞུ་བའི་འགན་འཁྲི་འཁུར་ཕོད་པ། ལས་དོན་གྱི་སྤུས་ཚད་དང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ་བཅས་བྱས་ཏེ། དུས་རབས་གསར་པར་ལྗོངས་ཡོངས་ཀྱི་དམངས་སྲིད་བྱ་གཞག་རྒྱུན་མཐུད་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་པ་རེད། 

    ཚོགས་འདུའི་ཐོག་ལྗོངས་ཡོངས་ཀྱི་དམངས་སྲིད་ཁོངས་གཏོགས་ཀྱི་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་ལ་གཟེངས་བསྟོད་བྱས་ཤིང་། གཟེངས་བསྟོད་ཐོབ་པའི་འཐུས་མིས་སྤེལ་རེས་གཏམ་བཤད་བྱས་པ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།