[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ཀྲོང་ཡན་ཉིང་ཁྲི་གྲོང་ཁྱེར་དུ་བརྟག་ཞིབ་གནང་བར་ཕེབས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-11-05

    དུས་ཚིགས་བཞིའི་དཔལ་འབྱོར་ལས་དོན་སྐོར་གྱི་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་ལག་བསྟར་བྱ་ཆེད། ཚེས་3ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་གྱིས་ཉིང་ཁྲི་གྲོང་ཁྱེར་དུ་དཔལ་འབྱོར་འཁོར་རྒྱུག་གི་གནས་ཚུལ་བརྟག་ཞིབ་གནང་བ་དང་སྦྲགས། གཙོ་གནད་རྣམ་གྲངས་འཛུཌ་སྐྲུན་དང་། གེགས་རྗེས་བསྐྱར་སྐྲུན། ཐོན་ལས་འཕེལ་རྒྱས། དམངས་འཚོ་ལེགས་བཅོས་སོགས་ཀྱི་གནས་ཚུལ་ས་ཆ་དངོས་སུ་མཁྱེན་རྟོགས་གནང་བ་རེད།

    ཀྲོང་ཡན་སྔ་རྗེས་སུ་ཉིང་ཁྲིའི་མེ་འཁོར་འབབ་ཚུགས་ཀྱི་རྣམ་གྲངས་འཛུགས་སྐྲུན་ས་ཚིགས་དང་ཁྲོན་བོད་ལྕགས་ལམ་བཀོད་འདོམས་པུའུ་རུ་ཕེབས་ནས་ལས་གྲྭ་འཛུགས་སྐྲུན་གྱི་འཕེལ་རིམ་གནས་ཚུལ་ལ་མཁྱེན་རྟོགས་གནང་བ་རེད། ཁོང་གིས་ཁྲོན་བོད་ལྕགས་ལམ་འཆར་འགོད་དང་འཛུགས་སྐྲུན་བྱེད་པ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བཏོན་པའི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་ཞིག་རེད། ལྕགས་ལམ་འཛུགས་སྐྲུན་པ་དང་ས་གནས་ཕྱོགས་གཉིས་ཀས་ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་གཏོང་བ་དང་། གཞོགས་འདེགས་དམ་ཟབ་བྱས་ནས་ལས་གྲྭའི་སྤུས་ཚད་འགན་ལེན་ཧུར་ཐག་བྱེད་པ་དང་། སྣོད་བཅུད་དང་ཁོར་ཡུག་སྲུང་སྐྱོང་གི་མཐའ་ཚད་བརྟན་པོ་བསྲུངས་ནས་ལས་གྲྭའི་འཛུགས་སྐྲུན་ཐད་ལག་ལེན་དངོས་དང་། མི་དམངས། ལོ་རྒྱུས་བཅས་ཀྱི་ཉམས་སད་ཐེག་པའི་འགན་ལེན་བྱས་ཏེ། ལས་གྲྭ་སྤུས་ལེགས་ཀྱི་མཛད་རྗེས་རྡོ་རིང་ཞིག་འཛུགས་དགོས་པའི་ནན་བཤད་གནང་བ་རེད།

    ཀྲོང་ཡན་ཆེད་མངགས་རྒྱ་ལ་གྲོང་ཚོའི་འཁྱིལ་མཚོའི་གེགས་རྗེས་སླར་གསོ་བསྐྱར་སྐྲུན་གྱི་གནས་སྤོ་བྱ་ཡུལ་དུ་ཕེབས་ནས་གནས་སྤོ་བྱ་ཡུལ་འཛུགས་སྐྲུན་སོགས་ཀྱི་གནས་ཚུལ་ལ་གཟིགས་ཞིབ་ཞིབ་ཕྲ་གནང་བ་རེད།

    ཁོང་གིས་གང་ཐུབ་ཅི་ཐུབ་དང་། ནུས་པས་ལྕོཌ་ཚོད། གྲོན་ཆུང་བསྲི་ཚགས་བཅས་མཐའ་འཁྱོངས་བྱས་ཏེ་ཕན་པ་དངོས་ཀྱི་བྱ་བ་མང་ཙམ་སྒྲུབ་པ་ལས་ཕན་མེད་ཀྱི་བྱ་བ་ཉུང་ཙམ་བསྒྲུབས་ནས་གནས་སྤོའི་ལས་དོན་ཏན་ཏིག་ངང་སྒྲུབ་པ་དང་ཐོན་ལས་ལྷན་སྦྱར་ལས་དོན་ཡག་པོ་བསྒྲུབས་ཏེ། ལོ་མཇུག་གོང་མང་ཚོཌ་སྡོད་ཐུབ་པ་དང་མི་སེར་གནས་སྤོ་ཐུབ་པ་དང་། གཞིས་ཆགས་ཐུབ་པ། ཕྱུག་པོ་ཆགས་ཐུབ་པ་བཅས་བྱེད་དགོས་ཞེས་བླང་བྱ་བཏོན་གནང་བ་རེད།

    ཀྲོང་ཡན་གྱིས་བརྟག་ཞིབ་གནང་སྐབས་ཉིང་ཁྲི་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་། ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་བ་དང་། ལས་ཀའི་འཕེལ་རིམ་མགྱོགས་སུ་གཏོང་བ། འབབ་འཕར་བརྟན་པོ་དང་། སྒྱུར་བཅོས་སྐུལ་སྤེལ། གྲུབ་ཆ་ལེགས་སྒྲིག དམངས་འཚོར་ཕན་པ། ཉེན་ཁ་འགོག་ཟོན། བརྟན་ལྷིང་འགན་ལེན་བཅས་ཀྱི་ལས་དོན་ཁག་ཡག་པོར་བསྒྲུབས་ནས་ལོ་ཧྲིལ་པོའི་དམིགས་ཚད་ལས་འགན་སྤུས་ཚད་མཐོ་པོས་ལེགས་སྒྲུབ་བྱེད་དགོས། རྣམ་གྲངས་གལ་ཆེན་འཛུགས་སྐྲུན་མགྱོགས་སུ་བཏང་སྟེ་ས་ཁོངས་ཀྱི་གཞུང་ལམ་དང་། ལྕགས་ལམ། གནམ་ཐང་སོགས་ལ་དམིགས་ནས་ལེ་ལག་ཚང་བའི་ཞབས་འདེགས་འགན་ལེན་གྱི་ལས་དོན་ཡག་པོ་སྒྲུབ་དགོས། ལྷག་དོན་དུ་ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་དུམ་བུ་འཛུགས་སྐྲུན་དང་ཉིང་ཁྲི་ནས་ཆབ་མདོ་བར་གྱི་དུམ་བུ་འཛུགས་སྐྲུན་གྱི་དུས་འགོའི་གྲ་སྒྲིག་ལས་དོན་མགྱོགས་པོ་བསྒྲུབས་ནས། གོ་རིམ་དང་འཕེལ་རིམ་ལྟར་སྐུལ་འདེད་གཏོང་བའི་འགན་ལེན་བྱས་ཏེ་ལས་འབོར་དངོས་དེ་བས་མང་ཙམ་སྒྲུབ་དགོས་པའི་བླང་བྱ་བཏོན་གནང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།