[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་ཚོགས་འདུ་ཐེངས་ཉི་ཤུ་པ་འཚོགས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-10-31

    ཚེས་29ཉིན་གྱི་ཕྱི་དྲོ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་གྱི་བཀའ་མངགས་ལྟར། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་བསྟན་ཁོས་སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་ཚོགས་འདུ་ཐེངས་ཉི་ཤུ་པ་གཙོ་སྐྱོང་གནང་བ་རེད། 

    ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀའོ་དབྱང་དང་། སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ། བློ་བཟང་འགྱུར་མེད། ས་ལུང་ཕུན་ལགས། ང་ཕོད་འཇིགས་ཡོན། སངས་རྒྱས་གྲགས་པ། བཀྲ་ཤིས་ཟླ་བ་བཅས་ཚོགས་འདུར་ཕེབས་ཡོད་པ་རེད། 

    ཚོགས་འདུའི་ཐོག《“སྐྱིད་སྡུག་མཉམ་མྱོང་གི་ལོ་ངོ་60”——བོད་རང་སྐྱོང་ལྗོངས་སྲིད་གྲོས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་བརྗོད་དོན་གཙོ་བོའི་འགྲེམས་སྟོན་གྱི་རྩ་འཛིན》ལ་ཞིབ་འཇུག་གྲོས་བསྡུར་གནང་བ་དང་། 《བོད་རང་སྐྱོང་ལྗོངས་སྲིད་གྲོས་གྲོས་གཞི་ཨུ་ལྷན་གྱི་ལས་དོན་གྱི་གཏན་འབེབས(ཚོད་ལྟར་སྤྱོད་རྒྱུ)》དང《མཐའ་མཚམས་ཤང་དང་གྲོང་རྡལ་མཐའ་མཚམས་ཀྱི་ཤང་དང་གྲོང་རྡལ་རིམ་པ་དང་པོ་དང་གཉིས་པའི་གྲས་སུ་འཇུག་རྒྱུའི་སྐོར་གྱི་ཆེད་དོན་བརྟག་ཞིབ་སྙན་ཞུར》གྲོས་ཞིབ་གནང་བ། དཔལ་འབྱོར་དང་མི་འབོར་ཐོན་ཁུངས་ཁོར་ཡུག་ཨུ་ལྷན་གྱི《“རང་ལྗོངས་ཀྱི་སྤྱི་དབང་མིན་པའི་ལམ་ལུགས་དཔལ་འབྱོར་འཕེལ་རྒྱས་ཀྱི་སྲིད་ཇུས་དོན་འཁྱོལ་གནད་སྨིན་ལ་སྐུལ་འདེད་གཏོང་བའི”དུས་ཚིགས་ཀྱི་གྲོས་བསྡུར་བཞུགས་མོལ་ཚོགས་འདུའི་སྐོར་གྱི་གནས་ཚུལ་སྙན་ཞུ》དང་ཞིང་ལས་དང་གྲོང་གསེབ་ཨུ་ལྷན་གྱི《“རང་ལྗོངས་ཀྱི་འབྲོག་ལས་དཔལ་འབྱོར་སྲོལ་རྒྱུན་གྱི་ཐོན་སྐྱེད་བྱེད་སྟངས་ནས་ཇི་ལྟར་སྒྲོལ་དགོས་པའི”དུས་ཚིགས་ཀྱི་གྲོས་བསྡུར་བཞུགས་མོལ་ཚོགས་འདུའི་སྐོར་གྱི་གནས་ཚུལ་སྙན་ཞུ》གསན་པ་རེད། 

    ཚོགས་འདུའི་ཐོག་མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་བའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ལག་བསྟར་ནན་ཏན་བྱས་ཏེ། ཆབ་སྲིད་གྲོས་མོལ་དང་། དམངས་གཙོའི་ལྟ་སྐུལ། སྲིད་ཞུགས་སྲིད་གླེང་བཅས་ཀྱི་འགན་ནུས་ལག་བསྟར་བྱེད་རིང་སྲིད་གྲོས་ཀྱི་ནུས་པ་གལ་ཆེན་ཡག་པོ་འདོན་དགོས། མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ་དོན་དངོས་དང་། གཞི་རིམ། མང་ཚོགས་བཅས་ཀྱི་ཁྲོད་དུ་ཟབ་ཞུགས་ཀྱིས་བརྟག་དཔྱད་ཞིབ་འཇུག་ཏན་ཏིག་དང་། མང་ཚོགས་ཀྱི་རེ་སྒུག་དང་རེ་འབོད་ཇི་མ་ཇི་བཞིན་གོང་ཞུ་བྱས་ནས། དམངས་འཚོའི་བདེ་སྐྱིད་ལེགས་སུ་འགྲོ་བ་དང་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ལ་སྐུལ་འདེད་གཏོང་དགོས། དུས་རབས་གསར་པའི་སྲིད་གྲོས་ལས་དོན་གྱི་ཁ་ཕྱོགས་གསར་པ་དང་ལས་འགན་གསར་པ་ཁོང་དུ་ཆུད་པར་བྱེད་པ་དང་། མི་དམངས་སྲིད་གྲོས་ཀྱི་ཆེད་དམིགས་གྲོས་མོལ་སྒྲིག་གཞིའི་ནུས་པ་གང་ལེགས་འདོན་པ། གྲོས་མོལ་ལས་སྟེགས་ཧུར་ཐག་འཛུགས་པ། ཕྱར་བ་གྲུ་འདེགས་བཅས་བྱས་ནས་རང་ལྗོངས་ཀྱི་སྒྱུར་བཅོས་འཕེལ་རྒྱས་ཀྱི་བྱ་གཞག་ཁག་ལ་རམ་འདེགས་བྱེད་དགོས་པའི་ནན་བཤད་གནང་བ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།