[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ཆེ་དགྲ་ལྷས་ལྗོངས་མི་དམངས་སྲིད་གཞུང་ཏང་ཙུའི(རྒྱ་ཆེ)ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-10-31

    ཉེ་ཆར། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ཏང་ཙུའི(རྒྱ་ཆེ)ཚོགས་འདུ་གཙོ་སྐྱོང་གནང་སྟེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཁབ་ཀྱི་དབུལ་སྐྱོར་ཉིན་མོ་ཐེངས་དྲུག་པ་འཆར་ལ་ཉེ་བའི་མཚམས་སུ་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ཐད་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཙུང་ལི་ལི་ཁེ་ཆང་གི་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། ལག་བསྟར་བསམ་འཆར་ལ་ཞིབ་འཇུག་བྱས་པ། ཁོར་ཡུག་སྲུང་སྐྱོང་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང《ཀྲུང་དབྱང་གི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ལས་དོན་གྱི་གཏན་འབེབས》བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད། 

    ཆེ་དགྲ་ལྷས་རྒྱལ་ཁབ་ཀྱི་དབུལ་སྐྱོར་ཉིན་མོ་ཐེངས་དྲུག་པ་འཆར་ལ་ཉེ་བའི་མཚམས་སུ། སྤྱི་ཁྱབ་ཧྲུའུ་ཅིས་དབུལ་སྒྲོལ་འགག་སྒྲོལ་ཐད་མཛུབ་སྟོན་གལ་ཆེན་གནང་བ་འདི་ནི་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་རྒྱུར་བསྐྱར་དུ་སྐུལ་སློང་གནང་བ་ཞིག་ཡིན་པས་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱི་ཡིད་ཆེས་དང་ཆོད་སེམས་ཆེས་ཆེར་འཕེལ་ཡོད། 

    དེར་བརྟེན་སློབ་སྦྱོང་དང་གོ་བ་ནན་ཏན་བླངས་ཏེ་རྣམ་པར་རྒྱལ་ངེས་ཀྱི་ཡིད་ཆེས་བརྟན་དུ་གཏོང་བ་དང་། ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུའི་དགོངས་དོན་དང་ཧྲུའུ་ཅི་ཝུའུ་དབྱིང་ཅེའི་བླང་བྱ་གཞིར་བཟུང་། སྲ་བརྟན་དང་མཐོར་གཏོང་གི་ལས་དོན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ། སྲིད་ཇུས་ཀྱི་རྒྱུན་མཐུད་རང་བཞིན་དང་བརྟན་པའི་རང་བཞིན་མུ་མཐུད་རྒྱུན་འཁྱོངས་བྱེད་པ། ཡུལ་བབ་དང་བསྟུན་ནས་ཁྱད་པར་ཅན་གྱི་སྲིད་ཇུས་ཞིབ་འཇུག་བྱས་ནས་བཟོ་བ། གཟེར་འདེབས་ཀྱི་སྙིང་སྟོབས་ལ་བརྟེན་ནས་ལྷག་པའི་གནད་དོན་དག་ཐེར་ལ་ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་བྱེད་པ་བཅས་བྱས་ཏེ་དུས་བཀག་ལྟར་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་འགན་ཁག་ལེགས་སྒྲུབ་ཡོང་བའི་འགན་ལེན་བྱེད་དགོས་པ་དང་། དབུལ་སྐྱོར་དེ་རིག་སྐྱོར་བློ་སྐྱོར་དང་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཐོན་ལས་དབུལ་སྐྱོར་དང་ལས་ཞུགས་རོགས་སྐྱོར་སོགས་ཀྱི་བྱ་ཐབས་ལ་ཤུགས་སྣོན་བརྒྱབ་ནས་མང་ཚོགས་ཚོས་ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས་དབུལ་པོའི་གནས་བབ་ལ་འགྱུར་ལྡོག་གཏོང་རྒྱུའི་ཁྲིད་སྟོན་བྱེད་དགོས་པ། དབུལ་སྒྲོལ་འགག་སྒྲོལ་གྱི་གསོན་ཉམས་དོད་པའི་སློབ་གཞི་འདི་ཡག་པོ་སྤྱད་དེ་རྒྱ་ཆེའི་མང་ཚོགས་ཚོར་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་སློབ་གསོ་རྒྱག་དགོས་པའི་ནན་བཤད་གནང་བ་རེད། 

    ཆེ་དགྲ་ལྷས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་གི་ཡོད། 《ཀྲུང་དབྱང་གི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ལས་དོན་གྱི་གཏན་འབེབས》ནི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ཁྱབ་ཁོངས་ཀྱི་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་དང་པོ་རེད་ལ། ཞི་ཅིན་ཕིང་གི་སྣོད་བཅུད་ཤེས་དཔལ་གྱི་དགོངས་པ་ལག་ལེན་བསྟར་བའི་ཞིབ་ཕྲའི་བྱེད་ཐབས་ཤིག་ཀྱང་རེད། ཞི་ཅིན་ཕིང་གི་སྣོད་བཅུད་ཤེས་དཔལ་གྱི་དགོངས་པ་དང་བོད་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་། ལག་བསྟར། དོན་འཁྱོལ་བཅས་གཏིང་ཟབ་བྱེད་པ་དང་། 《ཀྲུང་དབྱང་གི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ལས་དོན་གྱི་གཏན་འབེབས》བརྒྱུད་རིམ་ལྡན་པའི་ངང་སྦྱོང་བ་དང་ཡང་དག་པའི་ངང་ཁོང་དུ་ཆུད་པར་བྱས་ཏེ་སྦྱོང་བསམ་སྤྱོད་གསུམ་འབྲེལ་མཐུད་དང་ཤེས་སྦྱོར་གཅིག་གྱུར་ཏན་ཏིག་ཡོང་བ་བྱེད་དགོས། “མངོན་གསལ་དོད་པའི་སྣོད་བཅུད་ཁོར་ཡུག་གི་གནད་དོན་ཐག་གཅོད་དང་། སྣོད་བཅུད་ཁོར་ཡུག་གི་སྤུས་ཚད་ལེགས་གཏོང་། དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད”བཅས་གཙོ་གནད་དུ་བཟུང་སྟེ་ཞི་ཅིན་ཕིང་གི་སྣོད་བཅུད་ཤེས་དཔལ་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་བྱེད་པར་དམིགས་པ་དང་། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་པར་དམིགས་པ། རེས་སྐོར་དང་པོའི་ལྟ་བཤེར་གྱི་ཚུར་ལན་གནད་དོན་ལ་དམིགས་པ། མི་དམངས་མང་ཚོགས་ཉེ་འགྲམ་གྱི་གནད་དོན་ལ་དམིགས་པ། རང་ལྗོངས་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལས་དོན་གནས་ཚུལ་ཕྱོགས་ཡོངས་ནས་གསེད་བཀྲོལ་བྱེད་པ། ཁོར་ཡུག་སྲུང་སྐྱོང་གི་ལྟ་བཤེར་ལམ་ལུགས་བློ་བརྟན་འགྱུར་མེད་ངང་དོན་འཁྱོལ་བྱེད་པ། ཀྲུང་དབྱང་གི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་ལྟ་བཤེར་རང་རྟོགས་ངང་དང་ལེན་དང་གཞོགས་འདེགས་བྱེད་པ། རེས་སྐོར་དང་པོའི་ཚུར་ལན་གནད་དོན་དག་ཐེར་གྱི་ལས་དོན་ལ་མུ་མཐུད་དམ་འཛིན་ཡག་པོ་བཅས་བྱེད་དགོས་པ་དང་། ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་མཐའ་ཚད་ཀྱི་བསམ་བློ་བརྟན་པོ་འཛུགས་པ་དང་དམར་ཐིག་གི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། རང་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་ནན་པོར་གཞིགས་ཏེ་ལས་དོན་སྤེལ་བ། “སྒྲིག་འགལ་ངང་སྤྲོ་ཁང་རྒྱག་པ”དང“ཁྲིམས་འགལ་ངང་ས་ཆ་བདག་གིར་བཟུང་བ”སོགས་ཀྱི་གནད་དོན་རང་ལྗོངས་སུ་ཐོན་རྒྱུ་གཏན་འགོག་མཐའ་གཅིག་ཏུ་བྱེད་པ་བཅས་བྱས་ཏེ་བྱ་སྤྱོད་དངོས་ལ་བརྟེན་ནས་འཛམ་གླིང་ཐོག་གི་དག་ཞིང་མཐའ་མར་སྲུང་སྐྱོང་ཡག་པོ་བྱེད་དགོས་པའི་ནན་བཤད་གནང་བ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།