[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ཏིང་ཡེ་ཤན་གྱིས་སེ་ར་དགོན་པའི་དགོན་སྡེ་དོ་དམ་ཨུ་ལྷན་ལ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-10-22

     ཚེས་20ཉིན་གྱི་སྔ་དྲོ། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་། ལྗོངས་སྲིད་གྲོས་ཀྱི་ཏང་ཙུའི་ཧྲུའུ་ཅི། ལྗོངས་ཏང་ཨུད་སྐོར་སྐྱོད་མཛུབ་ཁྲིད་ཚོགས་ཆུང་དང་པོའི་ཙུའུ་ཀྲང་བཅས་ཡིན་པའི་ཏིང་ཡེ་ཤན་གྱིས་སེ་ར་དགོན་པའི་དགོན་སྡེ་དོ་དམ་ཨུ་ལྷན་དུ་ཁག་གཉིས་པའི“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོར་བརྟག་ཞིབ་དང་མཛུབ་ཁྲིད་གནང་སྐབས། ཆོས་ལུགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱེད་པ། ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་པའི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། ཆོས་ལུགས་འཆམ་མཐུན་དང་། བསྟན་དོན་ལམ་ལྷོངས། དགོན་སྡེ་ཞི་མཐུན་བཅས་འགན་ལེན་བྱས་ཏེ་བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་རྒྱུར་དགེ་མཚན་ལྡན་པའི་ལེགས་སྐྱེས་འབུལ་དགོས་པའི་ནན་བཤད་གནང་བ་རེད། 

    གཟའ་མཇུག་གི་སྐབས་དང་འཁེལ་བས་སེ་ར་དགོན་པར་དད་ལྡན་མང་ཚོགས་ཀྱིས་ཁེངས་ཡང་ཚང་མས་སྔར་བཞིན་གོ་རིམ་དང་ལྡན་པའི་ངང་ཆོས་མཇལ་ཞུ་བཞིན་ཡོད། དགོན་པའི་རྒྱལ་སྒོའི་འགྲམ་གྱི“མེས་རྒྱལ་ལ་བསྟོད་གླུ་འབུལ། སངས་རྒྱས་ཀྱི་བསྟན་པ་བསྐྱངས། ཉམས་ལེན་གྱིས་སྤྱོད་པ་དུལ། ཏང་གི་བཀའ་དྲིན་འཇལ”ཞེས་པའི་བོད་ཡིག་ཡིག་གཟུགས་བརྩམས་ཆོས་འགྲེམས་ཁུལ་ལ་ཡུལ་སྐོར་བ་དང་དད་ལྡན་མང་ཚོགས་མང་པོས་ལྟ་སྐོར་དང་མོས་བསྟོད་བྱེད་བཞིན་ཡོད། ཚང་མས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70སོང་རིང་ཐོབ་པའི་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་འོད་སྟོང་འབར་བའི་གྲུབ་འབྲས་ལ་སྤོབས་པ་ཆེན་པོ་བྱེད་ཀྱི་ཡོད་ལ་མཛེས་སྡུག་ལྡན་པའི་འཚོ་བར་ཡང་རེ་སྒུག་ཆེན་པོ་བྱེད་ཀྱི་ཡོད། 

    ཚང་མས་ཏང་དང་སྲིད་གཞུང་དང་མཉམ་དུ་སྔ་ཕྱི་བར་གསུམ་དུ་བློ་སེམས་གཅིག་མཐུན་དང་། བློ་ཁ་གཅིག་མཐུན། བསམ་སྦྱོར་གཅིག་མཐུན་བཅས་ཐུབ་པ་བྱས་ནས། སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་དང། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན། མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་བཅས་བྱེད་པར་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད། 

    ཏིང་ཡེ་ཤན་གྱིས་རྒྱལ་ཁབ་སྟོབས་འབྱོར་ལྡན་པ་དང་མཐའ་མཚམས་བརྟན་ལྷིང་བྱུང་ཚེ་རྒྱལ་དམངས་བདེ་ལ་འཁོད་ཐུབ། བོད་ཀྱི་བྱ་གཞག་ཁག་ཉིན་བཞིན་གོང་འཕེལ་སོང་བ་དང་། མི་རིགས་ཁག་གི་མི་དམངས་ཀྱི་བདེ་སྐྱིད་སྟོན་གྲངས་རྒྱུན་ཆད་མེད་པར་མཐོ་རུ་སོང་བ། ཏང་གི་ཆོས་ལུགས་སྲིད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་ཐུབ་པ་བཅས་བྱུང་བ་དེ་དག་མཐར་གཏུགས་ནས་བརྗོད་ན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་། རྒྱལ་ཡོངས་མི་དམངས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར། ཧྲུའུ་ཅི་ཝུའུ་དབྱིང་ཅེས་པན་ཀྲང་གནང་བའི་ལྗོངས་ཏང་ཨུད་ཀྱིས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་རང་སྟོབས་རང་སྤེལ་དང་དཀའ་སྤྱད་འབད་འཐབ་བཅས་ཀྱི་འབྲས་བུ་ཞིག་ཡིན། མི་རིགས་ཁག་དང་ལས་རིགས་ཁག་གི་མང་ཚོགས་དང་རྒྱ་ཆེའི་ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་དགོན་སྡེའི་གྲྭ་བཙུན་ཚོས་རང་ངོས་ཀྱི་མདུན་ལམ་དང་ལས་དབང་དེ་མེས་རྒྱལ་གྱི་ལས་དབང་དང་གཅིག་ཏུ་སྦྲེལ་ནས་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་མཐའ་འཁྱོངས་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་དང་། “ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཆེད་ལེགས་སྐྱེས་འབུལ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད། 

    བརྟག་ཞིབ་གནང་རིང་། ཏིང་ཡེ་ཤན་གྱིས་དགོན་སྡེ་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་གསར་གཏོད་བྱེད་པ་སོགས་ཀྱི་ལས་དོན་ཐད་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་ཞིང་། ཁོང་གིས་རིམ་པ་ཁག་དང་སྡེ་ཚན་ཁག་གིས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་དང་ཟུང་འབྲེལ་བྱས་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་གསལ་པོ་ཤེས་པ་དང་། མཐར་ཕྱིན་པ་ཤེས་པ། དོན་འཁྱོལ་ཏན་ཏིག་བཅས་རྩ་བར་འཛིན་པ་དང་། ཏང་གིས་ཆོས་ལུགས་ལས་དོན་ལ་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་ཏན་ཏིག་རྒྱག་པ། ཆོས་ལུགས་དང་ཆོས་ལུགས་ལས་དོན་གྱི་ཆོས་ཉིད་ཁོང་དུ་ཆུད་པ་བྱེད་པ། ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ་བྱ་རྒྱུ་མཐའ་འཁྱོངས་བཅས་བྱས་ནས། ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་མཛད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་དགོས། ཆོས་ལུགས་ལས་རིགས་ཀྱི་འཐུས་མི་དང་རྒྱ་ཆེའི་གྲྭ་བཙུན་ཚོས་རང་ཚུགས་རང་བདག་དང་རང་སྒྲུབ་བཅས་ཀྱི་རྩ་དོན་མཐའ་འཁྱོངས་དང་རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་ཀྱིས“ཚད་གཞི་བཞིའི”བླང་བྱ་གཞིར་བཟུང་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་རྒྱལ་གཅེས་ཆོས་གཅེས་དང་། རྒྱལ་སྐྱོང་འགྲོ་ཕན་གྱི་སྲོལ་རྒྱུན་བཟང་པོ་མུ་མཐུད་དར་སྤེལ་བཏང་ནས་དར་ཆ་གསལ་སྟོན་དང་ལངས་ཕྱོགས་བརྟན་པོ་དང་། ཤེས་བྱར་འབད་བརྩོན་དང་ཐོས་བསམ་སྒོམ་གསུམ་ལ་གཞོལ་བ། སྒྲིག་བཀུར་ཁྲིམས་སྲུང་དང་ཀུན་སྤྱོད་བླ་ན་མེད་པ། བྱས་རྗེས་འཇོག་པ་དང་འཇོན་ཐང་མངོན་པ་བཅས་ཀྱི་སྔོན་ཐོན་གྲྭ་བཙུན་ཧུར་ཐག་བྱེད་པ་དང་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་དང་ཏཱ་ལའི་རུ་ཚོགས་ཀྱི་ཁ་ཕྲལ་དང་། སིམ་འཛུལ། གཏོར་བཤིག་བཅས་ཀྱི་བྱེད་སྤྱོད་ལ་འཐབ་རྩོད་མཐའ་གཅིག་ཏུ་བྱས་ནས་བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།