[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཀྲུའུ་རེན་གྱི་ཚོགས་འདུ་ཐེངས་སོ་དྲུག་པ་འཚོགས་པ།

    བློ་བཟང་རྒྱལ་མཚན་གྱིས་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-09-09

    ཚེས་7ཉིན་གྱི་སྔ་དྲོ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གྱི་ཚོགས་འདུ་ཐེངས་36པ་གཙོ་སྐྱོང་གནང་བ་དང་རང་ལྗོངས་ཀྱི་མི་རིགས་ཁྱབ་ཁོངས་ཀྱི་ཁྲིམས་འཛུགས་དང་འབྲེལ་བའི་ལས་དོན་ལ་ཆེད་དོན་ཞིབ་འཇུག་དང་བཀོད་སྒྲིག་གནང་བ་རེད། 

    རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་འོད་ཟེར་དང་། ཞུས་ཞུའེ་ཀོང་། ཅུས་ཅན་ཧྭ། ལི་ཝུན་ཧན། ཝང་ཅུན་བཅས་ཕེབས་ཡོད་པ་རེད། 

    བློ་བཟང་རྒྱལ་མཚན་གྱིས་རང་ལྗོངས་ཀྱི་མི་རིགས་ཁྱབ་ཁོངས་ཀྱི་ཁྲིམས་སྐྱོང་འཛུགས་སྐྱོང་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་ནས་རང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་འཕེལ་རྒྱས་ལ་ཁྲིམས་ལྟར་སྐུལ་མ་གཏོང་ཆེད། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་མི་རིགས་ཁྱབ་ཁོངས་ཀྱི་ཁྲིམས་འཛུགས་ལས་དོན་འདི་ལོའི་ཁྲིམས་འཛུགས་འཆར་གཞིའི་ནང་འཇུག་རྒྱུ་དེ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་འཛུགས་ལས་དོན་གྱི་གལ་ཆེའི་ནང་གི་འགངས་ཆེར་བརྩི་དགོས་ལུགས་བསྟན་གནང་བ་རེད། 

    བློ་བཟང་རྒྱལ་མཚན་གྱིས་མི་རིགས་ཁྱབ་ཁོངས་ཀྱི་སྤྱོད་གོ་ཆོད་པའི་སྲིད་ཇུས་ཀྱི་བྱེད་ཐབས་དང་ལག་ལེན་གྱི་ཉམས་མྱོང་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ལ་རིམ་པ་སྤོར་རྒྱུ་དེ་མི་རིགས་ཁག་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྔར་བས་སྐུལ་འདེད་གཏོང་བ་དང་བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་མ་གཏོང་རྒྱུའི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད། ང་ཚོས“འདུ་ཤེས་བཞི”ཟམ་མི་ཆད་པར་ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ། མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་རྒྱལ་ཁབ་ཀྱི་བདེ་འཇགས་འགན་ལེན་བྱེད་པའི་མཐོ་ཚད་ནས་མི་རིགས་མཐུན་སྒྲིལ་དང་ཁྲིམས་འཛུགས་ལས་དོན་ཡག་པོ་སྒྲུབ་པའི་ཆེས་གལ་ཆེའི་རང་བཞིན་དང་དངོས་ཡོད་ཀྱི་དགོས་གཏུགས་རང་བཞིན་ལ་ངོས་འཛིན་གང་ལེགས་བྱེད་པ། སྟོབས་ཤུགས་ཧྲག་པོ་སྒྲིག་འཛུགས་ཀྱིས་མི་རིགས་ཁྱབ་ཁོངས་ཀྱི་ཁྲིམས་འཛུགས་ལས་དོན་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས། ཏང་གིས་ཁྲིམས་འཛུགས་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། མི་རིགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ། མི་རིགས་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བཅས་བྱས་ཏེ། ཏང་གི་འགོ་ཁྲིད་མི་རིགས་མཐུན་སྒྲིལ་གྱི་ཁྲིམས་འཛུགས་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་ཚང་མར་ཁྱབ་པ་དང་ཁྲིམས་འཛུགས་ལས་དོན་གྱི་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་འགན་ལེན་བྱེད་དགོས། ཏང་ཨུད་ཀྱིས་འགོ་ཁྲིད་པ་དང་། མི་དམངས་འཐུས་ཚོགས་ཀྱིས་གཙོ་ཁྲིད་བྱེད་པ། སྲིད་གཞུང་ལ་བརྟེན་པ། ཕྱོགས་ཁག་ཞུགས་པ་བཅས་ཀྱི་ས་གནས་ཀྱི་ཁྲིམས་འཛུགས་ལས་ཀའི་ལམ་སྲོལ་མཐའ་འཁྱོངས་བྱས་ཏེ། ཚན་རིག་དང་མཐུན་པའི་ངང་ཁྲིམས་འཛུགས་དང་། དམངས་འཚོར་བརྟེན་ནས་ཁྲིམས་འཛུགས། ཁྲིམས་ལྟར་ཁྲིམས་འཛུགས་བཅས་ལ་སྐུལ་མ་གཏིང་ཟབ་གཏོང་བ་དང་། རང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ལས་དོན་གྱི་དགེ་མཚན་ལྡན་པའི་ཉམས་མྱོང་ལ་ཕྱོགས་སྡོམ་ནན་ཏན་བྱེད་པ། བརྟག་དཔྱད་ཞིབ་འཇུག་ནན་ཏན་བྱེད་པ། འབྲེལ་གཏུག་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ། ཕྱོགས་ཁག་གི་བསམ་འཆར་རྒྱ་ཁྱབ་ངང་ཉན་པ། ལས་ཀའི་འཕེལ་རིམ་ཟམ་མི་ཆད་པར་མགྱོགས་སུ་གཏོང་བ། ལས་ཀའི་སྤུས་ཚད་མཐོ་རུ་དང་ལས་ཕྱོད་ཆེ་རུ་ཧུར་ཐག་གཏོང་བ། ཁྲིམས་སྲོལ་བདེ་བླག་ངང་བཟོ་ཐུབ་པ་དང་ལག་ལེན་བསྟར་ཐུབ་པ་བཅས་བྱས་ཏེ་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱིས་རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བཅས་ཀྱི་མོས་སེམས་ཟམ་མི་ཆད་པར་ཆེ་རུ་གཏོང་བ་དང་། “ཁ་བྲལ་ཐབས་མེད་པ་གསུམ”གྱི་བསམ་བློ་བརྟན་པོར་འཛུགས་པ། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ། རང་ལྗོངས་མི་རིགས་ཀྱི་བདེ་འཇགས་མཐུན་སྒྲིལ་གྱི་ཞི་མཐུན་འཕེལ་རྒྱས་རྣམ་པ་སྲ་བརྟན་དང་འཕེལ་རྒྱས་གཏོང་བ་བཅས་ལ་ཁྲིམས་སྐྱོང་གི་འདེགས་སྐྱོར་མཁོ་འདོན་ནུས་ལྡན་བྱེད་དགོས་པའི་ནན་བཤད་གནང་བ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།