[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • མོང་ཞའོ་ལིན་གྱིས་ལྷོ་ཨ་ཧྥེ་རི་ཁའི་ཆོས་ལུགས་མི་སྣའི་འཐུས་མི་ཚོགས་པ་བཅས་པ་དང་མཇལ་འཛོམས་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-19

    ཚེས་15ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་མོང་ཞའོ་ལིན་གྱིས་ལྷོ་ཨ་ཧྥེ་རི་ཁའི་ཆོས་ལུགས་མི་སྣའི་འཐུས་མི་ཚོགས་པ་བཅས་པ་དང་མཇལ་འཛོམས་གནང་བ་རེད།

    དང་ཐོག་མོང་ཞའོ་ལིན་གྱིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ཏེ་འཐུས་མི་ཚོགས་པ་དང་བཅས་པ་ཕེབས་པར་དགའ་བསུ་ཞུས་པ་དང་འབྲེལ། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཆོས་ལུགས་སོགས་ཀྱི་གནས་ཚུལ་ངོ་སྤྲོད་མདོར་བསྡུས་གནང་ཞིང་། ཁོང་གིས་བོད་ནི་གནའ་སྔ་མོ་ནས་བཟུང་ཀྲུང་གོའི་མངའ་ཁོངས་ས་ཆའི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་རེད། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་འོག མེས་རྒྱལ་ཁྱིམ་ཚང་ཆེ་མོར་ལོ་ངོ་དྲུག་ཅུ་ལྷག་ཙམ་གྱི་འཕེལ་རྒྱས་བརྒྱུད། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གྲུབ་འབྲས་ཆེན་པོ་ཐོབ་ཡོད། ད་ཆ། བོད་ཀྱི་མི་རིགས་ཁག་མཐུན་སྒྲིལ་འཆམ་མཐུན་དང་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ཡོད། ཀྲུང་གོའི་རྩ་ཁྲིམས་ནང་སྤྱི་དམངས་ལ་ཆོས་དད་རང་མོས་ཀྱི་དབང་ཆ་ཡོད་པ་གཏན་འཁེལ་བྱས་ཡོད་ལ། ཀྲུང་གོ་སྲིད་གཞུང་གིས་རྒྱུན་གཏན་གྱི་ཆོས་ལུགས་བྱེད་སྒོར་ཁྲིམས་ལྟར་སྲུང་སྐྱོང་བྱས་པར་བརྟེན། ད་ཆ། བོད་དུ་ཆོས་ལུགས་ཞི་མཐུན་དང་། བསྟན་དོན་ལམ་ལྷོངས། མི་དམངས་བདེ་སྐྱིད་ཁམས་བཟང་བཅས་ཡོད་ཅེས་གསུངས།

    འཐུས་མི་ཚོགས་པ་དང་བཅས་པས་ད་ཐེངས་འཚམས་འདྲི་བྱས་པ་བརྒྱུད། ཀྲུང་གོའི་བོད་ཀྱི་མི་རིགས་ཁག་གི་མི་དམངས་དང་འབྲེལ་འདྲིས་བྱུང་བ་དང་ཤེས་རྟོགས་དང་མཛའ་གྲོགས་ཟབ་ཏུ་ཕྱིན་སོང་། དངོས་ཡོད་དང་། ཞི་མཐུན། འཕེལ་རྒྱས་བཅས་ཀྱི་བོད་ལྗོངས་གསར་པ་ལྷོ་ཨ་ཧྥེ་རི་ཁའི་ལས་རིགས་ཁག་གི་མི་སྣར་ངོ་སྤྲོད་བྱེད་ཀྱི་ཡིན་ཞེས་བཤད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།