[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་དབུལ་སྐྱོར་གསར་སྤེལ་གྱི་གནས་སྐབས་ལག་བསྟར་སྲོལ་ཡིག་ལ་ཞིབ་འཇུག་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-14

    ཚེས་12ཉིན། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་འཇམ་དཔལ་གྱིས་མི་དམངས་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་ནས། རང་ལྗོངས་ཀྱི་དབུལ་སྐྱོར་གསར་སྤེལ་གྱི་གནས་སྐབས་ལག་བསྟར་སྲོལ་ཡིག་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་དོན་ཁང་གི་ཀྲུའུ་རེན་ལིའུ་ཡུང་ཧྥུའུ་ཡིས་བོད་དུ་རྟོག་ཞིབ་གནང་སྐབས་གནང་བའི་གསུང་བཤད་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་རྒྱུའི་བསམ་འཆར་ཐད་ནས། ལྗོངས་ཐད་གཏོགས་འབྲེལ་ཡོད་ཚན་པ་ཁག་གི་ལེགས་བཅོས་དང་འཐུས་སྒོ་ཚང་དུ་གཏོང་རྒྱུའི་གྲོས་འགོ་གསན་པ་དང་སྦྲགས། གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་ཀྱང་གནང་བ་རེད།

    ཚོགས་འདུའི་ཐོག་བསྟན་དོན། དབུལ་སྐྱོར་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་གཏིང་ཟབ་བྱས་ནས། དབུལ་སྐྱོར་གསར་སྤེལ་ལས་དོན་ལ་ཡུན་རིང་རང་བཞིན་དང་གལ་ཆེའི་རང་བཞིན་ལྡན་པའི་ངོས་འཛིན་བྱེད་ཟབ་ཏུ་གཏོང་དགོས། རང་ལྗོངས་ཀྱི་དབུལ་སྐྱོར་གསར་སྤེལ་གྱི་གནས་སྐབས་ལག་བསྟར་སྲོལ་ཡིག་བཟོ་བ་ནི། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པ་དང་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་རྒྱུར་མཚོན་ན་དོན་སྙིང་གལ་ཆེན་ལྡན་པ་ཞིག་ཡིན་པས། འབྲེལ་ཡོད་ཚན་པ་ཁག་གིས་སྲོལ་ཡིག་དེ་ཁྲིམས་ལྟར་བཅོས་སྐྱོང་དང་ཁྲིམས་ལྟར་དབུལ་བཅོས་བྱེད་པའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཏུ་བརྩིས་ཐོག་དབུལ་སྐྱོར་གསར་སྤེལ་གྱི་འགན་འཁྲི་ཁྲིམས་ལྟར་འཁུར་བ་དང་དབུལ་སྐྱོར་གསར་སྤེལ་གྱི་བྱ་སྤྱོད་ཚད་ལྡན་དུ་བཏང་ནས་དབུལ་སྐྱོར་གསར་སྤེལ་གྱི་ལས་དོན་སྤེལ་ནུས་དང་སྤུས་ཚད་མཐོ་རུ་གཏོང་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།