[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • བོད་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱིས་ཏང་གི་སྒྲིག་ཡིག་སྒྲིག་སྲོལ་དང་བསྡུར་ནས་ཧེ་བག་འཚོལ་བའི་ཆེད་དོན་ཚོགས་འདུ་འཚོགས་པ།

    ཝུའུ་དབྱིང་ཅེས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་དང་། ཀྲང་པའེ་རུའུ་ཚོགས་འདུར་ཕེབས་ནས་མཛུབ་ཁྲིད་གནང་བ། བློ་བཟང་རྒྱལ་མཚན་དང་། ཆེ་དགྲ་ལྷ། ཏིང་ཡེ་ཤན། ཀྲོང་ཡན་བཅས་ཕེབས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-14

    ཀྲུང་དབྱང་གི“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་འགོ་ཁྲིད་ཚོགས་ཆུང་གི་བཀོད་སྒྲིག་བླང་བྱ་གཞིར་བཟུང་། ཟླ་8ཚེས་12ཉིན། རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་ཚན་ཁག་གིས་ཉིན་གཅིག་གི་དུས་ཚོད་སྤྱད་དེ་ཏང་གི་སྒྲིག་ཡིག་སྒྲིག་སྲོལ་དང་བསྡུར་ནས་ཧེ་བག་འཚོལ་བའི་ཆེད་དོན་ཚོགས་འདུ་འཚོགས་ཤིང་། ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཏེ་གནད་དོན་ལ་ལྟ་སྟངས་ཡང་དག་འཛིན་པའི་རང་རྟོགས་དང་གྲི་དངོ་ནང་གཏད་ཀྱི་བློ་སྟོབས་ཐོག་ནས་གནས་པའི་གནད་དོན་ལ་ཞིབ་ལྟ་དང་དབྱེ་ཞིབ་གཏིང་ཟབ་བྱེད་པ་དང་། སྐྱོན་བརྗོད་དང་དྲན་སྐུལ་ནན་པོ་བྱས་ནས་ཏང་གི་འདུ་ཤེས་དང་། ཏང་ཡོན་གྱི་འདུ་ཤེས། སྒྲིག་ཁྲིམས་ཀྱི་འདུ་ཤེས་བཅས་སྔར་བས་ཟབ་ཏུ་གཏོང་བ་དང་། ཆབ་སྲིད་ཀྱི་གནས་ཚད་དང་། བསམ་བློའི་གནས་ཚད། ཀུན་སྤྱོད་ཀྱི་གནས་ཚད་བཅས་མཐོ་རུ་ཏན་ཏིག་བཏང་ཐོག་ལྗོངས་ཡོངས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོ་ཚད་གཞི་མཐོ་པོའི་ངང་སྤེལ་རྒྱུར་སྐུལ་འདེད་ཏན་ཏིག་བཏང་བ་རེད།

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་ཕྱོགས་སྡོམ་གསུང་བཤད་ཀྱང་གནང་བ་དང་། ཀྲུང་དབྱང་གི་མཛུབ་ཁྲིད་ཚོགས་ཆུང་བཅུ་པའི་ཙུའུ་ཀྲང་གཞོན་པ་ཀྲང་པའེ་རུའུ་དང་མཛུབ་ཁྲིད་ཚོགས་ཆུང་གི་ཁོངས་མི་ཚོགས་འདུར་ཕེབས་ནས་མཛུབ་ཁྲིད་གནང་བ་རེད། རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་ཚན་ཁག་གི་ཁོངས་མི་བློ་བཟང་རྒྱལ་མཚན་དང་། ཆེ་དགྲ་ལྷ། ཏིང་ཡེ་ཤན། ཀྲོང་ཡན། ནོར་བུ་དོན་གྲུབ། བསྟན་ཁོ། ཅང་ཅེ། སྤེན་པ་བཀྲ་ཤིས། ཧོ་ཝུན་ཧའོ། པད་མ་དབང་འདུས། ལིའུ་ཅང་། ཝང་ཝུའེ་ཏུང་། ཁྲེན་ཡུང་ཆི་བཅས་ཚོགས་འདུར་ཕེབས་ཡོད་པ་དང་། ཞུས་ཡུང་གིས་ཡིག་ཐོག་གཏམ་བཤད་སྤེལ་བ་རེད།

    ཚོགས་འདུའི་ཐོག་ཚོགས་ཞུགས་བློ་མཐུན་ཚོས《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག》དང་། 《དུས་བབ་གསར་པའི་འོག་གི་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་སྐོར་གྱི་ཚད་གཞི་འགའ་ཞིག》 《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》བཅས་འགོ་ནས་མཇུག་བར་སློབ་སྦྱོང་བྱས་པ་རེད། ཝུའུ་དབྱིང་ཅེས་སྣེ་ཁྲིད་དེ་གཏམ་བཤད་སྤེལ་གནང་བ་དང་། བློ་བཟང་རྒྱལ་མཚན་དང་། ཆེ་དགྲ་ལྷ། ཏིང་ཡེ་ཤན། ཀྲོང་ཡན་སོགས་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུའི་བློ་མཐུན་ཚོས་རེ་རེ་བཞིན་གཏམ་བཤད་སྤེལ་ཏེ་ཏང་གི་སྒྲིག་ཡིག་སྒྲིག་སྲོལ་དང་བསྡུར་བ་དང་། ཀྲུང་དབྱང་གིས་བཏོན་པའི“ཡིན་མིན་18”ལ་དམ་པོར་དམིགས་པ། བསམ་བློའི་དོན་དངོས་དང་། ལས་ཀའི་དོན་དངོས། སྤྱོད་ཚུལ་འཛུགས་སྐྱོང་གི་དོན་དངོས་བཅས་དང་ཟུང་འབྲེལ་དམ་ཟབ། རང་སྐྱོན་རང་བརྗོད་དང་འཚོལ་བཤེར་ནན་ཏན་བཅས་ཀྱིས་གནས་པའི་གནད་དོན་ལ་ཞིབ་ལྟ་དང་དབྱེ་ཞིབ་གཏིང་ཟབ་གནང་བ་རེད། བློ་མཐུན་མི་རེ་ངོ་རེས་གཏམ་བཤད་སྤེལ་རྗེས། བློ་མཐུན་གཞན་དག་གིས་དྲང་པོ་དྲང་གཞག་ངང་བསམ་འཆར་དང་གྲོས་འགོ་བཏོན་ཏེ་ཚད་མཐོའི་འགན་འཁུར་བའི་རྣམ་འགྱུར་གྱི་ཐོག་ནས་དྲན་སྐུལ་བྱས་པས་སྔོན་དཔག་གི་ཕན་འབྲས་ཐོན་ཡོད་པ་རེད།

    ཝུའུ་དབྱིང་ཅེས་གསུང་བཤད་གནང་སྐབས། “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་རྣམ་བཤད་གལ་ཆེན་དང་ལྷག་དོན་དུ“དམིགས་སར་འབྱོར་བ་བཞིའི”མཛུབ་སྟོན་གྱི་དགོངས་དོན་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་། མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ། ཀྲུང་དབྱང་གི་མཛུབ་ཁྲིད་ཚོགས་ཆུང་བཅུ་པའི་ཚུར་ལན་བསམ་འཆར་ལག་བསྟར་དོན་འཁྱོལ་བཅས་བྱས་ནས་ཏང་ལ་ལྷག་བསམ་རྣམ་དག་གི་རྣམ་འགྱུར་བརྟན་པོ་དང་། ཏང་ཡོན་འགོ་ཁྲིད་ལས་བྱེད་པའི་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ་བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་ཕྱོགས་སུ་སྐུལ་འདེད་གཏོང་བ་དང་། སེམས་ལ་ཟུག་པ། ཏན་ཏིག་སྤེལ་བ་བཅས་བྱེད་དགོས།

    གཅིག་ནས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ་ཏང་ལ་ལྷག་བསམ་རྣམ་དག་བྱེད་པའི་ཐད་མིག་དཔེ་འདོན་དགོས། “འགག་རྩའི་ཉུང་ཤས”ཀྱི་དཔེ་བཟང་སྣེ་ཁྲིད་ཀྱི་ནུས་པ་གང་ལེགས་བཏོན་ནས་སློབ་སྦྱོང་གཏིང་ཟབ་དང་ཏང་གི་སྒྲིག་ཡིག་སྒྲིག་སྲོལ་དང་བསྡུར་ནས་གནད་དོན་ལ་ཞིབ་ལྟ་བྱེད་རིང་། ཐོག་མའི་བསམ་འདུན་དང་འགན་འཁྲི། རིན་ཐང་ལྟ་བར་མཉམ་འདྲེས་བྱས་ནས་ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྲོག་ཤིང་གི་གནས་བབ་སྲུང་སྐྱོང་དང་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་སྲུང་སྐྱོང་བྱེད་པ་ཆབ་སྲིད་ཀྱི་ལས་འགན་ཆེ་ཤོས་དང་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་གལ་ཆེ་ཤོས་ལ་བརྩིས་ཏེ་ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཀྱི་ལངས་ཕྱོགས་དང་། ཆབ་སྲིད་ཀྱི་ཁ་ཕྱོགས། ཆབ་སྲིད་ཀྱི་རྩ་དོན། ཆབ་སྲིད་ཀྱི་འགྲོ་ལམ་བཅས་ཀྱི་ཐད་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བར་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་ལས་དོན་ལ་མཐོང་ཧ་ཅང་ཆེན་པོ་དང་བྱམས་བརྩེའི་ཐུགས་ཁུར་གནང་ལུགས་དྲིལ་བསྒྲགས་བྱེད་པ་བརྗོད་དོན་གཙོ་བོའི་སློབ་གསོའི་ནང་དོན་གལ་ཆེན་ཞིག་ལ་བརྩིས་ནས་ཏང་གི་སྲོག་ཤིང་དང་། དམག་དཔུང་གི་དམག་སྤྱི། མི་དམངས་ཀྱི་གཙོ་འཛིན་བཅས་ཡིན་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གནས་བབ་འདི་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོའི་སེམས་ལ་བརྟན་པོར་ཟུག་པར་བྱེད་དགོས།

    གཉིས་ནས་ཏང་གི་སྒྲིག་ཡིག་དང་སྒྲིག་སྲོལ་སློབ་སྦྱོང་གཏིང་ཟབ་བྱས་ཏེ་རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་རྒྱུར་ཤུགས་སྣོན་རྒྱག་པའི་ཐད་མིག་དཔེ་འདོན་དགོས། གོ་བ་ལོན་པ་དང་། ཁོང་དུ་ཆུད་པ། དངོས་སུ་སྒྲུབ་པ་བཅས་ཀྱི་བླང་བྱ་གཞིར་བཟུང་། ཏང་གི་སྒྲིག་ཡིག་སྒྲིག་སྲོལ་སློབ་སྦྱོང་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་གསུམ་པ་དང་དེ་བཞིན་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་། མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་། “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང“ལམ་གཉིས་ཀྱི་སྙིང་སྟོབས”རྒྱུན་འཛིན་དང་དར་སྤེལ་གཏོང་བ་བཅས་དང་ཟུང་འབྲེལ་བྱས་ནས་ལྷག་བསམ་འཕེལ་བ་དང་། དད་སེམས་འཇགས་པ། ལས་འགན་སྒྲུབ་པ། འཇོན་ཐང་ལྡན་པ། འགན་འཁྲི་འཁུར་བ། རྩོལ་ཤུགས་སྐྱེ་བ། སྤྱོད་གཙང་སྲུང་བ་བཅས་འགན་ལེན་བྱས་ཏེ་རིགས་པའི་གཞུང་ལུགས་སློབ་སྦྱོང་བྱེད་པ་རང་ལྗོངས་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བའི་དོན་དངོས་བྱ་སྤྱོད་ལ་སྒྱུར་དགོས།

    གསུམ་ནས་འཕེལ་རྒྱས་བརྟན་ལྷིང་སྣོད་བཅུད་གསུམ་དང་ཏང་འཛུགས་སྐྱོང་གི་གཙོ་གནད་ལས་དོན་ཁག་ལ་དམིགས་ནས་གནད་དོན་དངོས་ཐག་གཅོད་བྱེད་པའི་ཐད་མིག་དཔེ་འདོན་དགོས། སྣེ་ཁྲིད་དེ་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་། ཆབ་སྲིད་ཀྱི་འགན་འཁྲི་འཁུར་བར་ཤུགས་སྣོན་རྒྱག་པ། སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གིས་ང་ཚོར་གསལ་སྟོན་གནང་བའི་འཕེལ་རྒྱས་བརྟན་ལྷིང་སྣོད་བཅུད་གསུམ་དང་ཏང་འཛུགས་སྐྱོང་སོགས་ཀྱི་གཙོ་གནད་ལས་དོན་ཁག་ལ་དམིགས་ནས་རང་ངོས་ལ་ཞིབ་ལྟ་དང་དག་ཐེར་ལ་ཤུགས་སྣོན་བརྒྱབ་སྟེ། སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཆད་ལུས་མེད་པར་དོན་འཁྱོལ་ཐུབ་པའི་འགན་ལེན་བྱེད་དགོས།

    བཞི་ནས་ཏང་གི་སྒྲིག་ཡིག་སྒྲིག་སྲོལ་ལ་བརྩི་སྲུང་ནན་པོ་ཞུས་ཏེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ཐད་མིག་དཔེ་འདོན་དགོས། “ཟབ་ཏུ་གཏོང་བ་གསུམ”མཐའ་འཁྱོངས་བྱས་ནས་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁུར་བ་བཅས་གུང་ཁྲན་ཏང་མིའི་རང་རྟོགས་ཀྱི་དོན་གཉེར་ལ་བརྩིས་ཏེ་ལྷག་བསམ་རྣམ་དག་ངང་འགན་འཁྲི་བློ་ལ་ངེས་པ་དང་། མི་དམངས་ཀྱི་ལངས་ཕྱོགས་བརྟན་པོ་སྲུང་བ། རྩ་བའི་མཐའ་ཚད་དམ་པོ་སྲུང་བ་བཅས་བྱས་ཏེ་མི་དམངས་མང་ཚོགས་ལ་བྱ་བ་དངོས་ཏན་ཏིག་སྒྲུབ་དགོས། ཏང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་སྤོང་བ་དང“སྤྱོད་ཚུལ་བཞིའི”གནད་དོན་བསྐྱར་དུ་མ་ཐོན་སྔོན་འགོག་བྱེད་དགོས་ཞེས་གསུངས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།