[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ཧུའུ་ནན་ཞིང་ཆེན་ཏང་སྲིད་འཐུས་མི་ཚོགས་པས་བོད་དུ་ཁ་གཏད་རོགས་སྐྱོར་ལས་དོན་ལ་རྟོག་ཞིབ་གནང་བ།

    ཞུས་ཏ་ཀྲེས་ཚོགས་པའི་སྣེ་ཁྲིད་པ་དང་། ཆེ་དགྲ་ལྷས་ཕེབས་རོགས་གནང་བ། ཏིང་ཡེ་ཤན་དང་ཀྲོང་ཡན་བཞུགས་མོལ་ཚོགས་འདུར་ཕེབས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-07-12

    ཚེས་7ནས་ཚེས་10ཉིན་བར་ཧུའུ་ནན་ཞིང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲེང་ཀྲང་ཞུས་ཏ་ཀྲེས་ཧུའུ་ནན་ཞིང་ཆེན་ཏང་སྲིད་འཐུས་མི་ཚོགས་པའི་སྣེ་ཁྲིད་དེ་ལྷོ་ཁ་གྲོང་ཁྱེར་དང་ལྷ་ས་གྲོང་ཁྱེར་དུ་བོད་ལ་ཁ་གཏད་རོགས་སྐྱོར་གྱི་ལས་དོན་སྔར་བས་ཡག་པོ་སྒྲུབ་ཆེད་ས་གནས་ས་ཐོག་ཏུ་བརྟག་ཞིབ་གནང་བ་དང་། ཧུའུ་ནན་དང་བོད་ཀྱི་ཁ་གཏད་རོགས་སྐྱོར་བཞུགས་མོལ་ཚོགས་འདུ་འཚོགས་ཏེ་བོད་སྐྱོར་ཇུས་ཆེན་ལ་ཐུན་མོང་ཐོག་གྲོས་བསྡུར་གནང་བ་དང་ས་ཆ་གཉིས་ཀྱི་སྤེལ་རེས་མཉམ་ལས་གཏིང་ཟབ་ཏུ་བཏང་བ་རེད། 

    ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཏང་ཙུའི་ཧྲུའུ་ཅི་ཏིང་ཡེ་ཤན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་བཅས་དང་། རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ལིའུ་ཅང་དང་། ཞུས་ཁྲེང་ཚང་། ཧྲེ་མོའུ་ཅུན། ཀའོ་དབྱང་བཅས་ཀྱིས་རྟོག་ཞིབ་ནང་ཕེབས་རོགས་ཞུས་པའམ་ཡང་ན་བཞུགས་མོལ་ཚོགས་འདུར་ཞུགས་པ་རེད། 

    ཧུའུ་ནན་ཞིང་ཆེན་གྱི་འགོ་ཁྲིད་ཤེ་ཅན་ཧུའེ་དང་། ཝང་ཁོ་མིན། ཏའེ་ཏའོ་ཅིན་བཅས་ཚོགས་པ་དང་ལྷན་དུ་རྟོག་ཞིབ་གནང་བར་ཕེབས་པ་རེད། 

    ཞུས་ཏ་ཀྲེས་བསྟན་གནང་དོན། བོད་ལྗོངས་ལྷོ་ཁར་ཁ་གཏད་རོགས་སྐྱོར་བྱེད་པ་ནི་ཏང་ཀྲུང་དབྱང་གིས་ཧུའུ་ནན་ལ་དཀྲིས་པའི་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་ཞིག་རེད། ཧུའུ་ནན་གྱིས་འབྲེལ་མཐུད་མཉམ་ལས་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་དང་། གཙོ་གནད་ཐོན་ལས་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བ། ཚན་རྩལ་ཤེས་ལྡན་མི་སྣའི་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ།རིག་གནས་ཡུལ་སྐོར་ཕན་ཚུན་འབྲེལ་མཐུད་དང་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ཧུའུ་ནན་དང་བོད་ལྗོངས་དབར་གྱི་སྤེལ་རེས་མཉམ་ལས་ཀྱི་ཆུ་ཚད་དེ་བས་མཐོ་བར་སླེབས་རྒྱུར་སྐུལ་འདེད་བཏང་ནས་པད་མ་མེ་ཏོག་དང་སྐལ་བཟང་མེ་ཏོག་གངས་ལྗོངས་ས་མཐོར་ཕན་ཚུན་བཀྲག་མདངས་འཚེར་བར་བྱེད་དགོས། 

    ཆེ་དགྲ་ལྷས་རང་སྐྱོང་ལྗོངས་ཏང་ཨུད་དང་། མི་དམངས་འཐུས་ཚོགས། སྲིད་གཞུང་། སྲིད་གྲོས་བཅས་དང་། ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཚབ་ཞུས་ཏེ་ཧུའུ་ནན་ཞིང་ཆེན་གྱིས་དུས་ཡུན་རིང་པོའི་ནང་བོད་ཀྱི་ལས་དོན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་དང་། ཁོང་གིས་བོད་ལྗོངས་དང་ཧུའུ་ནན་དབར་སྔར་ནས་ད་བར་འབྲེལ་བ་ཟབ་པ་དང་དམིགས་བསལ་གྱི་བརྩེ་སེམས་ལྡན་ཡོད། ཧུའུ་ནན་ཞིང་ཆེན་གྱིས་རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་བྱེད་པ་དང་བོད་ཀྱིས་དབུལ་སྒྲོལ་འགག་སྒྲོལ་དང་། ཐོན་ལས་འཕེལ་རྒྱས། སྨན་བཅོས་འཕྲོད་བསྟེན། སློབ་གསོ་ལས་ཞུགས་སོགས་ཀྱི་གཙོ་གནད་ལས་དོན་ཡག་པོ་བསྒྲུབ་རྒྱུར་མུ་མཐུད་རོགས་རམ་བྱ་རྒྱུའི་རེ་བ་ཡོད། བོད་ཀྱིས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་རྒྱུ་གོ་སྐབས་སུ་བྱས་ཏེ་ཀྲུང་དབྱང་གི་མཛད་ཕྱོགས་སྲིད་ཇུས་གལ་ཆེན་སྔར་བས་ལག་བསྟར་དོན་འཁྱོལ་ཡག་པོ་བྱེད་པ་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ་རོགས་སྐྱོར་ཐོབ་པའི་ལས་དོན་རང་འགུལ་ངང་ཧུར་ཐག་ཡག་པོ་བསྒྲུབ་པ་དང་། མཉམ་ལས་ཁྱབ་ཁོངས་རྒྱ་ཆེར་དང་སྣུར་སྲིང་བྱས་ཏེ་ཧུའུ་ནན་མི་དམངས་དང་ལག་གདང་སྦྲེལ་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་དགོས་ཞེས་གསུངས་པ་རེད། 

    བོད་དུ་བཞུགས་རིང་། ཧུའུ་ནན་ཞིང་ཆེན་ཏང་སྲིད་འཐུས་མི་ཚོགས་པ་དང་བཅས་པས་ཧུའུ་ནན་གྱི“ཚོགས་སྒྲིག་རྣམ་པའི”སྨན་བཅོས་དང་། སློབ་གསོའི་ཤེས་ལྡན་མི་སྣ་དང་དེ་བཞིན་ཐོན་ལས་བོད་སྐྱོར་རྣམ་གྲངས་ལ་རྟོག་ཞིབ་གནང་བ་དང་། ཧུའུ་ནན་ཞིང་ཆེན་གྱི་བོད་སྐྱོར་ལས་བྱེད་ཤེས་ལྡན་པར་གཟིགས་པ་དང་འབྲེལ་བོད་སྐྱོར་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་ཡང་འཚོགས་པ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།