[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • སྨན་བཅོས་ཤེས་ལྡན་པ་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ཚོགས་པའི་བྱས་རྗེས་སྙན་ཞུའི་ཚོགས་འདུ་འཚོགས་པ།

    ཏིང་ཡེ་ཤན་གྱིས་གསུང་བཤད་གནང་བ་དང་། ཀྲོང་ཡན་ཕེབས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-07-10

    ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་གཞིར་བཟུང་། ཟླ་7ཚེས་8ཉིན་གྱི་སྔ་དྲོ། སྨན་བཅོས་ཤེས་ལྡན་པ་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ཚོགས་པའི་བྱས་རྗེས་སྙན་ཞུའི་ཚོགས་འདུ་ལྷ་སར་འཚོགས་པ་དང་། དེའི་དམིགས་ཡུལ་ནི་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ་སྒྲིག་འཛུགས་བྱས་ནས་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ཤེས་ལྡན་པའི་ཤུགས་ཆེའི་འགན་འཁྲི་འཁུར་སེམས་དང་། སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བའི་སྙིང་སྟོབས། རྒྱལ་ཁབ་ལ་བརྩེ་སེམས་ཟབ་མོ་འཆང་ལུགས་བཅས་ལ་སློབ་སྦྱོང་གཏིང་ཟབ་བྱས་ཏེ་ལྗོངས་ཡོངས་ཀྱི“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོ་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་དང་ཏན་ཏིག་སྤེལ་རྒྱུར་སྐུལ་འདེད་གཏོང་རྒྱུ་དེ་རེད། 

    ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཏིང་ཡེ་ཤན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། 

    ཏིང་ཡེ་ཤན་གྱིས་སྨན་བཅོས་ཤེས་ལྡན་པ་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་སྤེལ་བ་ནི་དམངས་འཚོའི་འདུ་འགོད་དང་དམངས་སེམས་འདུ་འགོད་ཅིག་ཡིན་པ་དང་། དེ་ནི་ཁ་གཏད་བོད་སྐྱོར་ལས་དོན་གྱི་སྒྲིག་གཞི་དང་ལམ་སྲོལ་གྱི་གསར་གཏོད་གལ་ཆེན་ཞིག་རེད། དེ་ཐོག་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་དམིགས་བསལ་ཐུགས་ཁུར་དང་། བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་དམིགས་བསལ་གཅེས་སྐྱོང་གནང་ལུགས་གང་ལེགས་མཚོན་ཡོད། ལོ་4ཡི་རིང་། སྨན་བཅོས་ཤེས་ལྡན་པ་ཁག་དང་ཁག་བྱས་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོ་བཅངས་ཏེ་ཏང་ཀྲུང་དབྱང་གིས་བོད་ཀྱི་མི་རིགས་ཁག་ལ་བྱམས་བརྩེའི་ཐུགས་ཁུར་གནང་ལུགས་དང་། ཁ་གཏད་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་གྱི་སྒེར་སེམས་མེད་པའི་ཐུགས་ཁུར་མཚོན་པར་བྱས་ནས་རང་ལྗོངས་སུ་ནད་བཅོས་དང་སྲོག་སྐྱོབ་ཀྱི་ལས་དོན་ལེགས་པར་བསྒྲུབས་པས་མི་རིགས་ཁག་གི་མང་ཚོགས་ཀྱིས་སྒོ་འགྲམ་དུ་ནང་སའི་ཆུ་ཚད་མཐོ་བའི་སྨན་བཅོས་ཞབས་ཞུ་ལོངས་སུ་སྤྱོད་རྒྱུ་བྱུང་བས་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་ཡིད་ཆེས་དང་ཆོད་སེམས་སྔར་བས་བརྟན་དུ་ཕྱིན་ཡོད་ཅེས་གསུངས་པ་རེད། 

    ཚོགས་འདུའི་ཐོག་ཝུའུ་ཝུན་མིང་དང་། ཝུའུ་ཞའོ་ལི། ཁྲེན་ཀོང་ཆང་། ལིའུ་ལིན། ཝང་ཏོའུ། པད་མ་བདེ་སྐྱིད་བཅས་ཀྱིས་སྔ་རྗེས་སུ་སྨན་བཅོས་ཤེས་ལྡན་པའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ཚོགས་པའི་སྔོན་ཐོན་བྱས་རྗེས་ངོ་སྤྲོད་བྱས་པ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།