[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • 2019ལོའི་རྒྱལ་ཡོངས་ཀྱི་དབང་ཆར་བཙན་གནོད་དང་རྫུས་མར་རྡུང་རྡེག་གཏོང་བའི་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་པ།

    རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལྕགས་རྭ་བློ་བཟང་བསྟན་འཛིན་བོད་ལྗོངས་ཡན་ལག་ཚོགས་རའི་ཚོགས་འདུར་ཕེབས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-06-15

    རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལྕགས་རྭ་བློ་བཟང་བསྟན་འཛིན་བོད་ལྗོངས་ཡན་ལག་ཚོགས་རའི་ཚོགས་འདུར་ཕེབས་པ་དང་། ལྗོངས་ཡོངས་ཀྱི་རིམ་ཁག་དབང་ཆར་བཙན་གནོད་དང་རྫུས་མར་རྡུང་རྡེག་གཏོང་བའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གིས་ས་གནས་དེ་གའི་ཚོགས་འདུར་ཞུགས་པ་རེད།

    ཚོགས་འདུའི་ཐོག་རྒྱལ་ཡོངས་ཀྱི་དབང་ཆར་བཙན་གནོད་དང་རྫུས་མར་རྡུང་རྡེག་གཏོང་བའི་ལས་དོན་གནས་ཚུལ་དང་དེ་བཞིན་2018ལོ་འཁོར་གྱི་ས་གནས་ཀྱི་ལས་རྗེས་དཔྱད་ཞིབ་འབྲས་བུ་བརྡ་ཁྱབ་བཏང་བ་དང་། རྒྱལ་ཁབ་འབྲེལ་ཡོད་པུའུ་ཨུད་དང་ཞིང་ཆེན་ཁག་གཅིག་གི་འགན་ཁུར་བློ་མཐུན་གྱིས་སྤེལ་རེས་གཏམ་བཤད་བྱས་པ་རེད། ཚོགས་འདུའི་ཐོག་ཤེས་བྱའི་བདག་དབང་ལ་གནོད་འཚེ་གཏོང་བ་དང་རྫུན་ལྷད་ཞན་གསུམ་གྱི་ཚོང་ཟོག་ཕྱིར་འཚོང་ལ་རྡུང་རྡེག་གཏོང་བ་ནི་འདྲ་མཉམ་དང་འགྲན་རྩོད་ཀྱི་ཁྲོམ་རའི་སྒྲིག་ལམ་སྲུང་སྐྱོང་དང་། གསར་གཏོད་ལས་གཏོད་ལ་སྲུང་སྐྱོང་དང་ལྕག་སྐུལ། ཚོང་གཉེར་ཁོར་ཡུག་བཟང་པོ་གཏོད་པ་བཅས་ཀྱི་བྱ་ཐབས་གལ་ཆེན་ཞིག་ཡིན། དེར་བརྟེན་དྲ་སྦྲེལ་དང་། གྲོང་ཁྱེར་དང་གྲོང་གསེབ་སྦྲེལ་མཚམས་ཀྱི་ཁྲོམ་ར། ཕྱིར་གཏོང་ནང་འདྲེན་གྱི་ལྷུ་ཚིགས་སོགས་གཙོ་གནད་ཁྱབ་ཁོངས་ལ་མུ་མཐུད་ཆེད་དོན་བཅོས་སྒྲིག་བྱེད་པ་དང་། ཁྲིམས་འགལ་ངང་མ་གནས་ཧ་ཅང་མཐོ་རུ་གཏོང་བ། ཤེས་བྱའི་བདག་དབང་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་འབྱུང་རྩ་ནས་རྫུན་བཟོ་དང་། ཡང་ནས་ཡང་དུ་དབང་ཆར་བཙན་གནོད། ངན་སེམས་བཅངས་ནས་དབང་ཆར་བཙན་གནོད་སོགས་ཀྱི་ཁྲིམས་འགལ་བྱེད་སྤྱོད་ལ་ཉེས་ཆད་དྲག་པོ་གཅོད་དགོས། ལྟ་སྐུལ་དོ་དམ་བྱ་ཐབས་གསར་གཏོད་དང་འཐུས་སྒོ་ཚང་དུ་བཏང་སྟེ་ཡིད་རྟོན་ལྟ་སྐུལ་དོ་དམ་དང་མཉམ་འབྲེལ་གྱི་ཁྲིམས་འཛིན་བྱ་ཤུགས་ཆེ་རུ་གཏོང་བ་དང་། ལས་རིགས་རང་གཅུན་དང་སྤྱི་ཚོགས་ཀྱི་ལྟ་སྐུལ་ནུས་པ་འདོན་སྤེལ་བྱེད་པ། རྒྱལ་སྤྱིའི་སྤེལ་རེས་མཉམ་ལས་དང་རྒྱལ་སྒྲོལ་ཁྲིམས་འཛིན་མཉམ་ལས་ཟབ་ཏུ་གཏོང་བ་བཅས་བྱས་ཏེ་དབང་ཆར་བཙན་གནོད་དང་རྫུས་མར་རྡུང་རྡེག་གཏོང་བའི་ལས་དོན་ལ་ཕན་འབྲས་ཧ་ཅང་ཆེན་པོ་ཐོན་པར་བྱེད་དགོས་པའི་ནན་བཤད་བྱས་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། 2018ལོར་རང་ལྗོངས་ཀྱིས་དབང་ཆར་བཙན་གནོད་དང་རྫུས་མར་རྡུང་རྡེག་གཏོང་བའི་ལས་དོན་མུ་མཐུད་སྤེལ་ཤུགས་ཆེ་རུ་བཏང་བར་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། གོམ་སྟབས་རྗེས་མར་རྒྱལ་ཡོངས་ཀྱི་ལས་ཀའི་གཙོ་གནད་ལ་གཞིགས་པ་དང་སྤྱི་ཚོགས་དང་འབྲེལ་བ་ཆེན་པོ་ཡོད་པའི་གླེང་མང་བ་དང་དམངས་འཚོའི་གནད་དོན་ལ་དམ་པོར་དམིགས་ཏེ་ཧེ་བག་འཚོལ་ཞིབ་ཡང་དག་དང་དོན་འཁྱོལ་ལ་དམ་འཛིན་བྱས་ཏེ་ལས་དོན་འདི་སྔར་བས་ལེགས་པར་བསྒྲུབ་རྒྱུ་ཡིན་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།