[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ཏིང་ཡེ་ཤན་གྱིས་ལྗོངས་སྲིད་གྲོས་ཀྱི“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-06-15

    ཚེས་13ཉིན་གྱི་ཕྱི་དྲོ། ལྗོངས་སྲིད་གྲོས་ཀྱི“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་འགོ་ཁྲིད་ཚོགས་ཆུང་གིས་ཚོགས་འདུ་འཚོགས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་ལས་དོན་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་། ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་ཙུའུ་ཀྲང་ཏུའུ་ཡུས་ཤིན་གྱིས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”ལྗོངས་ཡོངས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོ་ལས་དོན་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ་ཀྲུང་དབྱང་གི་ཐབས་ཇུས་དང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་གཞིར་བཟུང་ལྗོངས་སྲིད་གྲོས་ཀྱིས་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་རྒྱུར་སྐུལ་སློང་དང་བཀོད་སྒྲིག་བྱས་པ་རེད།

    ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཏིང་ཡེ་ཤན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་མ་ཟད་གསུང་བཤད་ཀྱང་གནང་བ་རེད།

    ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་གཞོན་པ་ཀྲུའུ་ཞི་གཞོན་པ་ཀའོ་དབྱང་དང་། ལྗོངས་སྲིད་གྲོས་ཏང་ཙུའི་ཁོངས་མི་དང་ཀྲུའུ་ཞི་གཞོན་པ་བློ་བཟང་འགྱུར་མེད་དང་། བསོད་ནམས་རིག་འཛིན། ཝང་ཡ་ལིན། ལེ་ཀུའེ་ལུང་བཅས་ཚོགས་འདུར་ཞུགས་པ་རེད། ལྗོངས་ཏང་ཨུད་ཀྱི་སྐོར་གཟིགས་མཛུབ་ཁྲིད་ཚོགས་ཆུང་གསུམ་པའི་ཙུའུ་ཀྲང་ཝང་ཧྲོའུ་ཕིང་གིས་མཛུབ་ཁྲིད་གསུང་བཤད་གནང་བ་རེད།

    ཏིང་ཡེ་ཤན་གྱིས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བའི་མཚམས་སུ་ཏང་ཡོངས་སུ“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་རླབས་ཆེའི་འཐབ་རྩོད་དང་། རླབས་ཆེའི་འདུ་འགོད། རླབས་ཆེའི་བྱ་གཞག རླབས་ཆེའི་ཕུགས་འདུན་བཅས་ལ་གཅིག་འདོམས་ཀྱིས་བཀོད་སྒྲིག་གལ་ཆེན་གནང་བ་ཞིག་རེད་ལ་ཡིད་ཆེས་བྱེད་ས་དང་། ཏང་སེམས་འཆང་ས། དམངས་སེམས་ཕྱོགས་ས། ཆོད་སེམས་ལས་བྱུང་བ་བཅས་ཀྱང་ཡིན་པས་དུས་དང་འཚམ་པ་ཞིག་རེད་ཅེས་གསུངས་པ་རེད།

    ཏིང་ཡེ་ཤན་གྱིས་ནན་བཤད་གནང་དོན། བརྗོད་དོན་གཙོ་བོའི་སློབ་གསོའི་མཛུབ་ཁྲིད་བསམ་བློ་དང་། དམིགས་ཚད་ལས་འགན། གཞི་རྩའི་བླང་བྱ་བཅས་ཁོང་དུ་གཏིང་ཟབ་ཆུད་པར་བྱས་ཏེ“ཁ་ཚ་དགོས་གཏུག་གི་དགོས་མཁོ་བཞི”དང “སྤྱིའི་བླང་བྱ”དང་། “བཀའ་མོལ་དུམ་བུ་ལྔའི”ཞིབ་ཕྲའི་མཛུབ་སྟོན། “ཐོག་མཐའ་བར་གསུམ་དུ་ཁྱབ་པ་བཞིའི”གཙོ་གནད་བྱེད་ཐབས་བཅས་ལ་དམ་པོར་དམིགས་ཏེ་མི་དམངས་སྲིད་གྲོས་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་དགོས་པའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ལ་གོ་བ་གཏིང་ཟབ་ལེན་པ་དང་ཞིབ་ཕྲར་དམ་འཛིན་བྱེད་པ་ཚད་མཐོའི་གཅིག་གྱུར་དང་། རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་ལ་ཤུགས་སྣོན་དང་སྲིད་གྲོས་ལས་དོན་གྱི་གནད་དོན་དངོས་ཐག་གཅོད་བྱེད་པ་ཚད་མཐོའི་གཅིག་གྱུར། ཏང་གི་ཐོག་མའི་བསམ་འདུན་བརྟན་སྲུང་དང་མི་དམངས་སྲིད་གྲོས་ཀྱི་ལས་འགན་ཕྲག་ཏུ་འཁུར་བ་ཚད་མཐོའི་གཅིག་གྱུར། བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བ་དང་སྲིད་གྲོས་ལས་དོན་ལ་སྐུལ་འདེད་གཏོང་བ་ཚད་མཐོའི་གཅིག་གྱུར་བཅས་མཐའ་འཁྱོངས་བྱེད་པ་དང་། བོད་ཀྱི་སྲིད་གྲོས་ལས་ཀའི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་ཀྱིས་བརྟག་དཔྱད་ཞིབ་འཇུག་དང་། གནད་དོན་ཞིབ་བཤེར། དོན་འཁྱོལ་དག་ཐེར་བཅས་བྱས་ཏེ་བརྗོད་དོན་གཙོ་བོའི་སློབ་གསོ་ཡག་པོ་སྤེལ་དགོས། རིགས་པའི་གཞུང་ལུགས་ཀྱི་སློབ་སྦྱོང་དང་ལྷག་དོན་དུ་མི་དམངས་སྲིད་གྲོས་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་དགོས་པའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་སློབ་སྦྱོང་གཏིང་ཟབ་བྱས་ཏེ་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བར་རྨང་གཞི་འདིང་དགོས་པ་དང་། བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱས་ཏེ་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བར་འདེགས་སྐྱོར་བྱེད་དགོས་པ། གནད་དོན་ཞིབ་བཤེར་གཏིང་ཟབ་བྱས་ཏེ་བརྗོད་དོན་གཙོ་བོའི་སློབ་གསོ་ཕྱི་ཚུལ་ཙམ་མིན་པའི་འགན་ལེན་བྱེད་དགོས་པ། དོན་འཁྱོལ་ལ་དག་ཐེར་གཏིང་ཟབ་བྱས་ཏེ་བརྗོད་དོན་གཙོ་བོའི་སློབ་གསོ་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས། ཐོག་མའི་བསམ་འདུན་དང་ལས་འགན་བརྟན་སྲུང་གིས་ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་མཐའ་འཁྱོངས་དང་། འགན་འཁྲི་ཁ་གསལ་དང་གོང་འོག་འབྲེལ་མཐུད་ཀྱི་འགོ་ཁྲིད་ཀྱི་འགན་འཁྲིའི་ལམ་ལུགས་བཟོ་བ། བརྗོད་དོན་གཙོ་བའི་སློབ་གསོར་སྐུལ་འདེད་གཏོང་བ་དང་མིག་སྔའི་ལས་དོན་གཉིས་ཀ་འཐུས་ཤོར་མི་ཡོང་བ་དང་གཉིས་ཀར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ཚད་གཞི་དེ་བས་མཐོ་བ་དང་བླང་བྱ་དེ་བས་ནན་པའི་ངང་བརྗོད་དོན་གཙོ་བོའི་སློབ་གསོ་ཏན་ཏིག་སྤེལ་བར་སྐུལ་འདེད་གཏོང་དགོས།

    ཚོགས་འདུའི་ཐོག་ལྗོངས་སྲིད་གྲོས་ཏང་ཙུའུ་དང་། ལས་ཁུངས་ཏང་ཙུའུ། ཆེད་མངགས་ཨུ་ལྷན་གྱི་ཡན་ལག་ཏང་ཙུའུ་བཅས་ཀྱི“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་ལས་དོན་གྱི་ཇུས་གཞིར་གྲོས་བསྡུར་བྱས་པ་མ་ཟད་གྲོས་འཆམ་ཡང་བྱུང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།