[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ལྗོངས་ཏང་ཨུད་ལས་བྱེད་རྒན་གྲས་ཅུས་ཀྱིས་ཞིང་ཆེན་རིམ་པའི་ལས་བྲལ་ལས་འཁྱུར་ལས་བྱེད་པའི་སློབ་སྦྱོང་དང་གནས་ཚུལ་བརྡ་ཁྱབ་ཀྱི་ཚོཌ་འདུ་འཚོགས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-06-08

    ཚེས་6ཉིན་གྱི་སྔ་དྲོར། ཞིང་ཆེན་རིམ་པའི་ལས་བྲལ་དང་རྒན་ཡོལ་ཞུས་པའི་ལས་བྱེད་པའི་སློབ་སྦྱོང་དང་གནས་ཚུལ་གྱི་བརྡ་ཁྱབ་ཚོགས་འདུ་ལྷ་སར་འཚོགས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་ལས་དོན་ཚོགས་འདུའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་དང་། ནག་སེལ་གཤེད་བཅོམ་སྐོར་གྱི་ལྗོངས་ཏང་ཨུད་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་ཆེད་དོན་འཐབ་རྩོད་དགོངས་དོན་དང་། དབུལ་སྒྲོལ་འགག་སྒྲོལ་སྐོར་གྱི་ལྗོངས་ཏང་ཨུད་ཀྱི་ཆེད་དོན་སྐོར་གཟིགས་དག་ཐེར་བྱེད་ཚུལ་བརྡ་ཁྱབ་བཏང་བ་རེད། ལེགས་མཆོག་དང་པ་སངས་སོགས་ལྷ་སར་བཞུགས་ཡོད་པའི་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་རྒན་གྲས་20སློབ་སྦྱོང་དང་གནས་ཚུལ་བརྡ་ཁྱབ་ཀྱི་ཚོགས་བསྡུར་ཞུགས་ཡོད།

    ཚོགས་འདུར་འགོ་ཁྲིད་རྒན་གྲས་ཚོས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བ”དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་སློབ་སྦྱོང་ལག་བསྟར་བྱེད་པར་བླང་བྱ་ནན་པོ་བཏོན་ནས་ཕུགས་བསམ་དང་དད་སེམས་བརྟན་པོ། ཏང་གི་སྒྲིག་ཁྲིམས་ཚད་གཞི་མཐོ་པོས་ལག་བསྟར། ཏང་ནན་པོས་སྐྱོང་བ་དང་རུལ་སུངས་ལ་ངོ་རྒོལ་དང་སྤྱོད་གཙང་དར་སྤེལ་མཐའ་འཁྱོངས་བྱེད་དགོས་པའི་ནན་བཤད་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།