[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ཞུས་ཡུང་གིས་ཉིང་ཁྲིར་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ལ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-06-08

    ཚེས་5ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་བོད་དམག་ཁུལ་ཁང་གི་སི་ལིང་ཡོན་ཞུས་ཡུང་ཉིང་ཁྲི་གྲོང་ཁྱེར་སྨན་གླིང་རྫོང་དུ་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ལ་བརྟག་ཞིབ་གནང་བར་ཕེབས་པ་རེད།

    ཞུས་ཡུང་སྔ་རྗེས་སུ་སྨན་གླིང་རྫོང་གནས་ལུང་ཤང་གྲོང་གསར་གྲོང་ཚོའི་ཀུ་ཤུ་གླིང་ག་དང་སྨན་གླིང་རྫོང་གནས་ཡུལ་ཤང་ཁྱུང་གླིང་གྲོང་ཚོར་ཕེབས་པ་རེད།

    ཞུས་ཡུང་གིས་དབུལ་སྒྲོལ་འགག་སྒྲོལ་བརྟན་དུ་གཏོང་བར་ལས་གྲྭ་ཆུང་གྲས་ལྔ་དང་། ཡུལ་སྐོར་དམངས་ཕན། སྣོད་བཅུད་ཁ་གསབ། ས་ཞིང་ནང་བཤུག་སོགས་ཀྱི་བྱེད་སྟངས་བརྒྱུད། དུད་ཚང་དབུལ་པོའི་རྒྱུ་མང་ཅན་གྱི་འབབ་འཕར་ཐབས་ལམ་བསྐྲུན་ནས་འབབ་འཕར་རྒྱུན་མཐུད་དང་བརྟན་པོ་ཡོང་བའི་འགན་ལེན་བྱེད་དགོས་པ་དང་། བློ་སྐྱོར་རིག་སྐྱོར་ལ་དམ་འཛིན་བྱས་ཏེ་ཏང་དང་སྲིད་གཞུང་གི་ཞིང་སྐྱོར་ཞིང་ཕན་སྲིད་ཇུས་དྲིལ་བསྒྲགས་ཤུགས་ཆེན་བྱེད་པ་དང་མང་ཚོགས་དབུལ་པོར་ལུགས་རྙིང་སྲོལ་ངན་འདོར་བ་དང་ཤེས་དཔལ་སྲོལ་གསར་འཛུགས་པ་དང་དར་སྤེལ་གཏོང་རྒྱུའི་སློབ་གསོ་བརྒྱབ་སྟེ་མང་ཚོགས་དབུལ་པོར“སྒུག་རྟེན་སློང”གསུམ་གྱི་བསམ་བློར་འགྱུར་ལྡོག་གཏོང་རོགས་བྱས་ནས་ཁོང་ཚོའི་སེམས་ཤུགས་དང་ངར་ཤུགས་འཕེལ་བར་བྱེད་དགོས་པ། “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་དང་ཟུང་འབྲེལ་བྱས་ཏེ་གྲོང་ཚོ་དབུལ་པོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་ཡག་པོ་འཛུགས་པ་དང་སྟོབས་ཆེར་གཏོང་བ། “ཏང་ཀྲི་པུའུ་+”ཡི་དབུལ་སྐྱོར་དཔེ་དབྱིབས་འཚོལ་ཞིབ་བྱེད་པ། དབུལ་སྐྱོར་གྱི་ལས་དོན་གང་དུ་སྒྲུབ་པ་དེ་གར་ཏང་རྩ་འཛུགས་དང་ཏང་གི་ལས་དོན་ཁྱབ་དགོས་པ། སློབ་རོགས་སློབ་དར་བྱེད་སྒོ་སྣ་ཚོགས་མུ་མཐུད་སྤེལ་ནས་ཕྲུ་གུ་དབུལ་པོའི་ལས་དབང་ལ་འགྱུར་ལྡོག་གཏོང་ཆེད། གོ་སྐབས་དང་ཆ་རྐྱེན་བསྐྲུན་ཅིང་། མི་རབས་ནས་མི་རབས་བར་དབུལ་པོ་ཡིན་པའི་སྣང་ཚུལ་ལ་འགྱུར་ལྡོག་གཏོང་དགོས་པའི་ནན་བཤད་གནང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།