[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • བོད་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་མུའུ་སི་ལིན་གྱི་མང་ཚོགས་ལ་གཟིགས་པ་དང་འབྲེལ་འཚམས་འདྲི་ཡང་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-06-06

    མུའུ་སི་ལིན་མང་ཚོགས་ཀྱི་སྲོལ་རྒྱུན་དུས་ཆེན་ཏེ་སྨྱུང་གྲོལ་དུས་ཆེན་འཆར་ཉེའི་མཚམས་སུ། ཟླ་6ཚེས་4ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ལི་ཝུན་ཧན་གྱིས་རང་སྐྱོང་ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའུ་དང་། རང་སྐྱོང་ལྗོངས་ཆོས་ལུགས་ལས་དོན་ཅུས། ལྷ་ས་གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཚན་བཅས་ཀྱི་འགན་འཁུར་བློ་མཐུན་གྱི་སྣེ་ཁྲིད་དེ་དབྱི་སི་ལམ་གྱི་ཕྱག་ཁང་ཆེ་ཆུང་གཉིས་སུ་འཚམས་འདྲི་གནང་བར་ཕེབས་པ་རེད།

    འཚམས་འདྲི་ཚོགས་ཆུང་དང་བཅས་པས་དབྱི་སི་ལམ་གྱི་ཕྱག་ཁང་ཆེ་ཆུང་གཉིས་ཀྱི་ཆོས་ཕྱོགས་མི་སྣ་དང་མུའུ་སི་ལིན་གྱི་མང་ཚོགས་དང་བཞུགས་མོལ་གནང་སྟེ། ལྗོངས་ཏང་ཨུད་དང་། མི་དམངས་འཐུས་ཚོགས། སྲིད་གཞུང་བཅས་ཀྱི་ཚབ་ཞུས་ནས་ཁོང་ཚོར་དུས་ཆེན་གྱི་བཀྲ་ཤིས་སྨོན་འདུན་ཞུས་པ་དང་སྦྲགས་འཚམས་འདྲི་ཡང་གནང་ཞིང་། དབྱི་སི་ལམ་གྱི་ཕྱག་ཁང་ཆེ་ཆུང་གཉིས་ཀྱིས་ལྷ་ས་གྲོང་ཁྱེར་གྱི་མུའུ་སི་ལིན་གྱི་མང་ཚོགས་ལ་མཐུན་སྒྲིལ་དང་། སློབ་གསོ། ཞབས་ཞུ། ཁྲིད་སྟོན་བཅས་བྱེད་རིང་འདོན་སྤེལ་བྱས་པའི་དགེ་མཚན་ལྡན་པའི་ནུས་པར་ཁས་ལེན་གང་ལེགས་གནང་བ་དང་། ལྗོངས་ཡོངས་ཀྱི་མུའུ་སི་ལིན་གྱིས་མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ་སོགས་ཀྱི་ཐད་འབད་བརྩོན་བྱས་པར་ཚད་མཐོའི་གདེང་འཇོག་གནང་བ་རེད།

    འཚམས་འདྲི་ཚོགས་ཆུང་གིས་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་རང་ལྗོངས་ཀྱིས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་ཀྱི་ཕྱོགས་ཁག་གི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱིས་རྒྱལ་ཡོངས་དང་མཉམ་དུ“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་དུ་འགྱུར་ཆེད་འབད་བརྩོན་དང་མདུན་སྐྱོད་བྱེད་བཞིན་ཡོད། ཚང་མས་དབྱི་སི་ལམ་ཆོས་ལུགས་ཀྱི་རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་བཟང་པོ་མུ་མཐུད་དར་སྤེལ་གཏོང་བ་དང་། དབྱི་སི་ལམ་ཆོས་ལུགས་ཀྱི་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་བྱེད་པ། ཆོས་ལུགས་ལ་དཔྱོད་ཤེས་ཀྱི་ལྟ་སྟངས་འཛིན་པ། དབུལ་སྒྲོལ་འགག་སྒྲོལ་ལས་དོན་ནང་ཧུར་ཐག་ཞུགས་པ་བཅས་བྱས་ནས་རང་ལྗོངས་ཀྱི་འཕེལ་རྒྱས་བརྟན་ལྷིང་ཆེད་འབུལ་དགོས་ངེས་ཀྱི་ལེགས་སྐྱེས་འབུལ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།