[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • བོད་རང་སྐྱོང་ལྗོངས་སྲིད་གཞུང་གིས་ཧྭ་ནུས་ཚོགས་པའི་བོད་སྐྱོད་བརྟག་ཞིབ་ཚོགས་ཆུང་དང་བཞུགས་མོལ་གནང་བ།

    ཆེ་དགྲ་ལྷས་གསུང་བཤད་གནང་བ་དང་ཀྲོང་ཡན་ཕེབས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-06-06

    ཚེས་3ཉིན། རང་སྐྱོང་ལྗོངས་སྲིད་གཞུང་གིས་ལྷ་སར་ཀྲུང་གོ་ཧྭ་ནུས་ཚོགས་པ་ཚད་ཡོད་ཀུང་སིའི་བོད་སྐྱོད་བརྟག་ཞིབ་ཚོགས་ཆུང་དང་བཞུགས་མོལ་གནང་སྟེ་མཉམ་ལས་ཟབ་ཏུ་གཏོང་བའི་སྐོར་ལ་བསམ་འཆར་བརྗེ་རེས་གནང་བ་རེད། 

    ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་གཙོ་སྐྱོང་གནང་བ་དང་སྦྲགས་གསུང་བཤད་ཀྱང་གནང་བ་དང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་ཕེབས་པ་རེད། 

    ཆེ་དགྲ་ལྷས་ཧྭ་ནུས་ཚོགས་པས་དུས་ཡུན་རིང་པོའི་ནང་བོད་ཀྱི་བྱ་གཞག་ཁག་དང་ལྷག་པར་དུ་དྭངས་གཙང་ནུས་རྒྱུའི་བྱ་གཞག་འཕེལ་རྒྱས་དང་བོད་སྐྱོར་ལས་དོན་ལ་རྒྱབ་སྐྱོར་ཤུགས་ཆེན་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་། ཁོང་གིས་ཧྭ་ནུས་ཚོགས་པས་ལོ་མང་རིང་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ། བོད་ཀྱི་དྭངས་གཙང་ནུས་རྒྱུ་གསར་སྤེལ་དང་འཛུགས་སྐྲུན་ཐད་རྔུལ་ཆུ་དང་སེམས་ཤུགས་མང་པོ་བཏོན་ནས་ཕན་འབྲས་ལྡན་པའི་ལས་དོན་འབོར་ཆེན་བསྒྲུབས་པ་དང་། སྲིད་གཞུང་དང་འཐབ་ཇུས་མཉམ་ལས་ཀྱི་གྲོས་མཐུན་མང་པོ་བཞག་ནས་བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་ཐུགས་ཁུར་དང་རྒྱབ་སྐྱོར་བྱས་ཡོད། སླད་ཕྱིན་ཧྭ་ནུས་ཚོགས་པས་བོད་ཀྱི་རྣམ་གྲངས་འཛུགས་སྐྲུན་ལ་མུ་མཐུད་སྐུལ་འདེད་ཧུར་ཐག་གཏོང་བ་དང་། མཉམ་ལས་ཀྱི་ལམ་སྲོལ་གསར་གཏོད་བྱེད་པ། མཉམ་ལས་ཀྱི་ཁྱབ་ཁོངས་ཇེ་ཆེར་གཏོང་བ་བཅས་བྱས་ནས་བོད་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་བར་འཕར་གནས་སྐྱེད་སྲིང་བྱ་རྒྱུའི་རེ་བ་ཡོད། རང་སྐྱོང་ལྗོངས་ཀྱིས་ཀྱང་སྔར་རྒྱུན་བཞིན་ཧྭ་ནུས་ཚོགས་པ་བོད་དུ་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་ཤུགས་ཆེན་བྱ་རྒྱུ་དང་གཉེས་ཁེ་མཉམ་ལས་དང་། ཐུན་མོང་འཕེལ་རྒྱས། གཉིས་ཕན་མངོན་འགྱུར་བཅས་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་གསུངས་པ་རེད། 

    བརྟག་ཞིབ་ཚོགས་ཆུང་དང་བཅས་པས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་དུས་ཡུན་རིང་པོར་ཧྭ་ནུས་ཚོགས་པར་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་མ་ཟད། ཧྭ་ནུས་ཚོགས་པས་བོད་དུ་ལས་དོན་ཁག་སྤེལ་ཚུལ་ངོ་སྤྲོད་མདོར་བསྡུས་ཀྱང་བྱས་པ་རེད། ཧྭ་ནུས་ཚོགས་པས་ཐོག་མཐའ་བར་གསུམ་དུ་བོད་ཀྱི་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་ལ། ཕྱིན་ཆད་ཀྱང་འབྲེལ་གཏུག་སྔར་བས་ཟབ་ཏུ་གཏོང་བ་དང་། ཀྲུང་དབྱང་ཁེ་ལས་ཀྱི་དཔལ་འབྱོར་དང་། ཆབ་སྲིད། སྤྱི་ཚོགས་བཅས་ཀྱི་འགན་འཁྲི་མུ་མཐུད་འཁུར་བ། རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ། བོད་ཀྱིས་དྭངས་གཙང་ནུས་རྒྱུའི་རྟེན་གཞི་འཛུགས་རྒྱུར་རམ་འདེགས་བྱེད་པ་བཅས་ལ་བརྟེན་ནས་བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཆེད་ལེགས་སྐྱེས་གང་ཐུབ་འབུལ་རྒྱུ་ཡིན་ཞེས་བརྗོད་པ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།