[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ཟླ་1ནས་ཟླ་4པའི་བར་གྱི་ལྗོངས་ཡོངས་ཀྱི་དཔལ་འབྱོར་འཁོར་རྒྱུག་གནས་ཚུལ་བརྡ་ཁྱབ་དང་དཔལ་འབྱོར་ལས་དོན་བཀོད་སྒྲིག་ཚོགས་འདུ་འཚོགས་པ།

    ཆེ་དགྲ་ལྷ་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-06-05

    ཚེས་3ཉིན་ཟླ་1ནས་ཟླ་4པའི་བར་གྱི་ལྗོངས་ཡོངས་ཀྱི་དཔལ་འབྱོར་འཁོར་རྒྱུག་གནས་ཚུལ་བརྡ་ཁྱབ་དང་དཔལ་འབྱོར་ལས་དོན་བཀོད་སྒྲིག་གི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་ཏེ་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་དང་ལྗོངས་ཏང་ཨུད་ཀྱི་ནོར་དཔལ་ལས་དོན་ཨུ་ལྷན་དང་རང་སྐྱོང་ལྗོངས་ཀྱི་རྣམ་གྲངས་གལ་ཆེན་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུའི་ཐོག་ཧྲུའུ་ཅི་ཝུའུ་དབྱིང་ཅེས་གནང་བའི་གསུང་བཤད་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་ལག་བསྟར་བྱས་ཏེ་གོམ་སྟབས་རྗེས་མའི་གཙོ་གནད་ལས་དོན་བཀོད་སྒྲིག་བྱས་པ་རེད། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་གཞིར་བཟུང“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོ་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་རྒྱུ་དེ་སྒྱུར་འཕེལ་བརྟན་གསུམ་གྱི་ལས་འགན་ཁག་ལེགས་སྒྲུབ་བྱེད་པ་དང་ཟུང་འབྲེལ་གྱིས“ཐོག་མའི་བསམ་འདུན་སྲུང་བ་དང་། འགན་འཁྲི་འཁུར་བ། ཧེ་བག་འཚོལ་བ། དོན་འཁྱོལ་ལ་དམ་འཛིན་ནན་པོ་བཅས་ཀྱི་སྤྱིའི་བླང་བྱ་གཞིར་བཟུང་གནད་དོན་གྱི་སྟོན་ཕྱོགས་མཐའ་འཁྱོངས་དང་། གཙོ་གནད་མངོན་གསལ་དོད་པ། འགན་འཁྲི་ཁུར་ཕོད་པ། དོན་འཁྱོལ་ལ་དམ་འཛིན་ནན་པོ་བཅས་བྱས་ནས་ལོ་སྟོད་དུ་གཏན་འཁེལ་བྱས་པའི་དམིགས་ཚད་ལས་འགན་ཁག་ཕྱོགས་ཡོངས་ནས་ལེགས་སྒྲུབ་བྱེད་དགོས་པའི་ནན་བཤད་གནང་བ་རེད། 

    ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ནོར་བུ་དོན་གྲུབ་དང་ཅང་ཅེ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་དབང་ཧའེ་ཀྲོའུ་དང་། ཧྲི་མོའུ་ཅུན། ཀྲང་ཡན་ཆིང་། ལུའོ་མེ། མོང་ཞའོ་ལིན་བཅས་ཕེབས་པ་རེད། 

    ཚོགས་འདུའི་ཐོག《2019ལོའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི〈སྲིད་གཞུང་གི་ལས་དོན་སྙན་སྒྲོན〉གཙོ་གནད་ལས་དོན་གྱི་ལས་འགན་ཁག་བགོས་ལག་བསྟར་དོན་འཁྱོལ་བྱ་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་གསལ་བཤད་ཇུས་གཞི》ཡིག་ཐོག་ནས་བརྡ་ཁྱབ་བཏང་བ་དང་། འདི་ལོའི་ཟླ་1ནས་4བར་གྱི་དཔལ་འབྱོར་འཁོར་རྒྱུག་གནས་ཚུལ་བརྡ་ཁྱབ་བཏང་ནས་2018ལོའི་ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་ལས་རྗེས་དཔྱད་ཞིབ་དང་ཚོང་འགུགས་མ་འདྲེན་ལས་དོན་ལ་གཟེངས་བསྟོད་བྱས་པ་རེད། 

    ཆེ་དགྲ་ལྷས་ནན་བཤད་གནང་དོན། འདི་ལོའི་དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་པར་གལ་འགངས་ཧ་ཅང་ཆེན་པོ་ཡོད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི《སྲིད་གཞུང་གི་ལས་དོན་སྙན་སྒྲོན》གྱི་གཙོ་གནད་ལས་འགན་ལ་ལྟ་བསྡུར་ཡག་པོ་བྱས་ཏེ་འབྲེལ་མཐུད་ཡག་པོ་བྱེད་པ་དང་། བྱེད་ཐབས་གསལ་པོ་འདོན་པ། དོན་འཁྱོལ་ལ་དམ་འཛིན་བཅས་བྱེད་དགོས། “སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”ལ་དམ་པོར་དམིགས་ནས་དབུལ་ཞྭ་འབུད་རྩིས་ཡོད་པའི་རྫོང(ཆུས)དབུལ་པོ་19ཡི་དབུལ་སྒྲོལ་འགག་སྒྲོལ་ལས་འགན་ནུས་ཤུགས་ཡོད་རྒུས་ལེགས་སྒྲུབ་བྱས་ཏེ་དབུལ་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་ཀྲུང་དབྱང་གི་ཆེད་དོན་སྐོར་གཟིགས་དག་ཐེར་ལས་དོན་ལ་བློ་བརྟན་འགྱུར་མེད་ངང་དམ་འཛིན་ཡག་པོ་བྱེད་དགོས། གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལ་དམ་འཛིན་བྱས་ཏེ་བཀོད་གཏོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་རྣམ་གྲངས་ཀྱི་དུས་འགོའི་ལས་དོན་སྤེལ་བར་ཤུགས་སྣོན་རྒྱག་པ་དང་། ལས་འགོ་འཛུགས་པ་དང་བསྐྱར་འཛུགས་བྱེད་ཤུགས་ཆེ་རུ་དང་ཨར་སྐྲུན་གྱི་མྱུར་ཚད་མགྱོགས་སུ་བཏང་ནས་ལྟ་སྐུལ་མཛུབ་ཁྲིད་དང་འགན་འཁྲི་བདའ་འདེད་གཏོང་ཤུགས་ཆེ་རུ་གཏོང་དགོས། ཐོན་ལས་འཕེལ་རྒྱས་ལ་དམ་འཛིན་བྱས་ཏེ་ཕན་ནུས་ཆེ་རུ་གཏོང་བར་ཤུགས་རྒྱག་པ་དང་ནས་ཐོན་འཕར་དང་། འབྲི་གཡག་རྒྱགས་གསོ། སྤུས་ལེགས་དཀར་ཆུའི་ཐོན་ལས། རིག་གནས་ཡུལ་སྐོར། ནུས་རྒྱུ་གཙང་མ། མཐོ་གསར་གྲངས་འཛིན་ཐོན་ལས་སོགས་ལ་སྤྱི་འདོམས་དམ་འཛིན་ཡག་པོ་བྱེད་དགོས། ལས་ཞུགས་ལས་གཏོད་དང་ཞིང་འབྲོག་པའི་འབབ་འཕར་ལ་དམ་འཛིན་བྱས་ཏེ་སྲིད་ཇུས་ཀྱི་བྱེད་ཐབས་ཁག་དོན་འཁྱོལ་ཡག་པོ་བྱེད་པ་དང་། མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལ་སྐུལ་འདེད་གཏོང་བ། ཞིང་འབྲོག་ལས་མི་གསོ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཞིང་འབྲོག་པ་ལས་ཞུགས་གཞན་སྒྱུར་གྱི་ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་མང་ཚོགས་གཙོ་གནད་ལས་གྲྭའི་རྣམ་གྲངས་འཛུགས་སྐྲུན་ནང་ཞུགས་རྒྱུར་ཁྲིད་སྟོན་བྱེད་དགོས། ཚོང་འགུགས་མ་འདྲེན་ལ་དམ་འཛིན་བྱས་ཏེ་བོད་སྐྱོར་གྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ་དང་གླིང་ཁུལ་གྱི་གཅིག་སྡུད་ཕན་འབྲས་གྲུབ་པར་སྐུལ་འདེད་གཏོང་དགོས། ཚོང་གཉེར་ཁོར་ཡུག་ལེགས་སུ་བཏང་ནས“གློད་སྡོམ་ཞབས་གསུམ”གྱི་སྒྱུར་བཅོས་གཏིང་ཟབ་བྱེད་པ་དང“དྲ་སྦྲེལ་+སྲིད་དོན་ཞབས་ཞུའི”ལས་དོན་ལ་སྐུལ་འདེད་བཏང་སྟེ་ཁྲལ་རིན་གཉིས་གཅོག་གི་སྲིད་ཇུས་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་དགོས་པ་དང་། ཚན་རིག་དང་མཐུན་པའི་འཆར་འགོད་བྱས་ཏེ་རང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་བཟོ་བའི་དུས་འགོའི་ཞིབ་འཇུག་ལས་དོན་ཕྱོགས་ཡོངས་ནས་སྤེལ་དགོས། མཉམ་ཤུགས་ཆགས་པ་བྱས་ཏེ་ཚན་རིག་དང་མཐུན་པའི་དཔྱད་ཞིབ་བྱེད་པ་དང་གྲུབ་འབྲས་ཀྱི་སྟོན་ཕྱོགས་ལ་ཤུགས་སྣོན་བརྒྱབ་ནས་ཉེན་ཁ་འགོག་ཟོན་དང་། འགན་ལེན་ལ་སྤྱི་འདོམས་བྱས་ཏེ་བདེ་འཇགས་ཐོན་སྐྱེད་ལས་དོན་ཕྱོགས་ཡོངས་ནས་ཡག་པོ་བསྒྲུབས་ཐོག་ལས་དོན་ཁག་བདེ་བླག་ངང་སྤེལ་རྒྱུའི་འགན་ལེན་བྱེད་དགོས་པ་བཅས་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།