[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ཀྲོང་ཡན་གྱིས་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་ནས་རང་སྐྱོང་ལྗོངས་ཀྱིས་རྩིས་བཤེར་ཧྲུའུ་ཡི་རྩིས་བཤེར་ལས་དོན་གྱི་འབྲེལ་ཡོད་གནད་དོན་ལ་མཐུན་སྦྱོར་གཞོགས་འདེགས་བྱེད་རྒྱུའི་ཐད་བཀོད་སྒྲིག་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-05-23

    ཉེ་དུས། རྩིས་བཤེར་ཧྲུའུ་ཡི་ལས་དོན་ཚོགས་ཆུང་བོད་དུ་ཡོང་སྟེ་རང་ལྗོངས་ཀྱི་2019ལོའི་རྒྱལ་ཁབ་ཀྱི་སྲིད་ཇུས་བྱེད་ཐབས་གལ་ཆེན་ལག་བསྟར་དོན་འཁྱོལ་གྱི་གནས་ཚུལ་སོགས་ལ་རྩིས་བཤེར་བྱེད་མཁན་རེད། ཚེས་20ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་གྱིས་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་ནས་རང་སྐྱོང་ལྗོངས་ཀྱིས་རྩིས་བཤེར་ཧྲུའུ་ཡི་རྩིས་བཤེར་ལས་དོན་གྱི་འབྲེལ་ཡོད་གནད་དོན་ལ་མཐུན་སྦྱོར་གཞོགས་འདེགས་བྱེད་རྒྱུའི་ཐད་བཀོད་སྒྲིག་གནང་བ་རེད།

    ཚོགས་འདུའི་ཐོག་རྩིས་བཤེར་ལྟ་སྐུལ་ནི་སྲིད་གཞུང་གི་བཅོས་སྐྱོང་འཇོན་ཐང་མཐོ་རུ་གཏོང་བའི་སྟོབས་ཤུགས་གལ་ཆེན་ཞིག་དང་སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་མངོན་འགྱུར་བྱེད་པའི་རྨང་གཞི་དང་འགན་ལེན་གལ་ཆེན་ཞིག་རེད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཚད་མཐོའི་མཐོང་ཆེན་དང་ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་ཀྲུའུ་ཞི་ཆེ་དགྲ་ལྷ་རྣམ་གཉིས་ཀྱིས་སྔ་རྗེས་སུ་མཆན་བཀོད་མཛུབ་སྟོན་གནང་ནས་རང་སྐྱོང་ལྗོངས་སྲིད་གཞུང་གིས་ཆེད་མངགས་རྩིས་བཤེར་ཧྲུའུ་ཡི་རྩིས་བཤེར་ཚོགས་ཆུང་གི་རྩིས་བཤེར་ལས་དོན་ལ་མཐུན་སྦྱོར་གཞོགས་འདེགས་འགོ་ཁྲིད་ཚོགས་ཆུང་བཙུགས་པ་རེད། རྩིས་བཤེར་ཧྲུའུ་ཡི་རྩིས་བཤེར་གྱི་ནང་དོན་དང་ཁྱབ་རྒྱ་ནས་བལྟས་ཚེ་རྒྱལ་ཁབ་ཀྱི་སྲིད་ཇུས་གལ་ཆེན་ལག་བསྟར་དོན་འཁྱོལ་གྱི་གནས་ཚུལ་ལ་རྗེས་སྙེག་རྩིས་བཤེར་དང་དབུལ་སྐྱོར་རྩིས་བཤེར་དང་འབྲེལ་བའི་ནང་དོན་ཧ་ཅང་མང་པོ་ཡོད་པས་སྤྱིར་ན་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་དཔལ་འབྱོར་ལས་དོན་གྱི་ཕྱོགས་ཚང་མར་ཁྱབ་ཡོད་པ་དེ་ནི་རང་ལྗོངས་ཀྱི་དཔལ་འབྱོར་ལས་དོན་ལ་ཕྱོགས་ཡོངས་ནས་ཉམས་ལེན་བྱེད་པ་ཞིག་ཡིན་ལ་ཆབ་སྲིད་ཀྱི་ཉམས་ལེན་ཞིག་ཀྱང་ཡིན་པས་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལྟེ་བའི་ལས་དོན་ལ་ཞབས་འདེགས་ཞུས་ནས་རང་ལྗོངས་ཀྱི་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་དོན་སྙིང་གལ་ཆེན་ལྡན་ཡོད་ལུགས་བསྟན་པ་རེད།

    ཚོགས་འདུའི་ཐོག་ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་བ་དང་བསམ་བློའི་ངོས་འཛིན་གཅིག་གྱུར་བྱས་ཏེ་རྩིས་བཤེར་ལ་གཞོགས་འདེགས་བྱེད་པའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གྱིས་ཏང་ལ་ལྷག་བསམ་རྣམ་དག་དང་། རྩིས་བཤེར་ལས་དོན་ལ་འགན་འཁུར་བ། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་ལ་འགན་འཁུར་བ། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་འགན་འཁུར་བ། ལོ་རྒྱུས་ལ་འགན་འཁུར་བ་བཅས་ཀྱི་ཡང་དག་པའི་རྣམ་འགྱུར་བཅངས་ནས་ཁྲིམས་ལྟར་ནུས་ཤུགས་ཡོད་རྒུས་རྩིས་བཤེར་ལས་དོན་ཡག་པོ་སྒྲུབ་པར་རྒྱབ་སྐྱོར་དང་གཞོགས་འདེགས་བྱེད་དགོས། རྩིས་བཤེར་ཚོགས་ཆུང་གིས་བཏོན་པའི་གནད་དོན་ཐད་སྲིད་ཇུས་དང་ཁྲིམས་སྲོལ་ལ་ནན་པོར་གཞིགས་ནས་ངང་རྒྱུད་རིང་པོས་གསལ་བཤད་དང་སྙན་སེང་ཞུ་བའི་ལས་དོན་སྤེལ་དགོས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་ལག་བསྟར་བྱ་ཐབས་ལ་ནན་པོར་གཞིགས་ནས་སྤྲོ་སེམས་འཁོལ་པོས་ཉལ་ཁང་དང་། ཁ་ལག རླངས་འཁོར། སྨན་བཅོས་སོགས་ཕྱོགས་ཁག་གི་འགན་ལེན་ལས་དོན་ཡག་པོ་བསྒྲུབས་ནས་རྩིས་བཤེར་ཚོགས་ཆུང་ལ་ལས་ཀའི་ཆ་རྐྱེན་ཡག་པོ་བསྐྲུན་ཏེ་རྩིས་བཤེར་ལས་དོན་རྒྱུན་གཏན་ལྟར་གོ་རིམ་ལྡན་ལ་བདེ་བླག་ངང་སྤེལ་ཐུབ་པའི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།