[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ཆེ་དགྲ་ལྷས་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་བ།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གཉིས་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སོགས་བརྒྱུད་བསྒྲཌ་དང་། སློབ་སྦྱོང་། ལག་བསྟར། དོན་འཁྱོལ་བཅས་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-05-23

    ཚེས་20ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་སྟེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གཉིས་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་། སློབ་སྦྱོང་། ལག་བསྟར། དོན་འཁྱོལ་བཅས་གནང་བ་དང་། 《2018ལོའི་དབུལ་སྒྲོལ་འགག་སྒྲོལ་གྱི་ཕན་འབྲས་ལ་དཔྱད་ཞིབ་བྱས་ཚུལ་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གི་བརྡ་ཁྱབ》བརྒྱུད་བསྒྲགས་བྱས་ཏེ་རང་ལྗོངས་ཀྱི་དབུལ་སྐྱོར་གསར་སྤེལ་ལས་དོན་གྱི་ཕན་འབྲས་ལ་ལོ་གསུམ་བསྟུད་མར“ཕྱོཌ་བསྡུས་གདེང་འཇོག་ལེཌ་པའི”གདེང་འཇོག་ཐོབ་པ། 《〈ཁྲིམས་སྐྱོང་སྲིད་གཞུང་འཛུཌ་སྐྱོང་དང་འགན་འཁྲི་དོན་འཁྱོལ་བྱེད་པའི་ལྟ་ཞིབ་ལས་དོན་གྱི་གཏན་འབེབས〉དཔར་འགྲེམས་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གི་བརྡ་ཐོ》དང་རྒྱལ་ཁབ་ཀྱི་ཁྲོན་བོད་ལྕགས་ལམ་འཛུགས་སྐྲུན་འགོ་ཁྲིད་ཚོགས་ཆུང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཏེ་རང་ལྗོངས་ཀྱི་ལག་བསྟར་བསམ་འཆར་དང་དེ་བཞིན་དུས་རབས་གསར་པར་དགེ་རྒན་གྱི་དཔུང་ཁག་འཛུགས་སྐྱོང་སྒྱུར་བཅོས་ཕྱོགས་ཡོངས་ནས་ཟབ་ཏུ་གཏོང་རྒྱུ་སོགས་ཀྱི་ཐད་ཞིབ་འཇུག་གནང་བ་རེད།

    ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གཉིས་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་ནང“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་འཕེལ་རིམ་དང་གྲུབ་འབྲས་ཕྱོགས་ཡོངས་ནས་ཕྱིར་དྲན་གནང་བ་མ་ཟད། “རྒྱུད་གཅིག་ལམ་གཅིག”སྤུས་ཚད་མཐོ་པོའི་སྒོ་ནས་མཉམ་སྐྲུན་གྱི་དམིགས་ཚད་དང་གཙོ་གནད་བརྒྱུད་རིམ་ལྡན་པའི་ངང་རྒྱས་བཤད་གནང་སྟེ་འགོ་འཛུགས་ས་གསར་པའི་ཐོག“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ཐད་ཁ་ཕྱོགས་གསལ་སྟོན་གནང་ཡོད། ང་ཚོས་ངེས་པར་དུ་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་ནས་དགོངས་དོན་གྱི་ནང་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་། གོ་སྐབས་དམ་འཛིན་བྱས་ཐོག་ཨེ་ཤེ་ཡ་ལྷོ་མའི་ལས་དོན་ལ་ཞིབ་འཇུག་བྱེད་ཤུགས་ཆེ་རུ་བཏང་ནས་ཕན་འབྲས་ཐོན་པའི་དངོས་སྒྲུབ་མཉམ་ལས་ཧུར་ཐག་བྱེད་དགོས་ཞེས་བསྟན་ཡོད་པ་རེད། 

    ཚོགས་འདུའི་ཐོག་རང་ལྗོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལ་ཐོབ་པའི་གྲུབ་འབྲས་དེ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་བྱམས་བརྩེའི་ཐུགས་ཁུར་ལས་བྱུང་བ་དང་། རྒྱལ་ཡོངས་མི་དམངས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར་དང་རྒྱབ་སྐྱོར་ཤུགས་ཆེན་ལས་བྱུང་བ། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་། དེ་བཞིན་རྒྱ་ཆེའི་ལས་བྱེད་མང་ཚོགས་བཅས་ཀྱིས་འབད་འཐབ་ལྷོད་མེད་དང་ཐུན་མོང་འབད་བརྩོན་བྱས་པ་ལས་བྱུང་བ་བཅས་རེད། ཀྲུང་དབྱང་གི་བཀོད་སྒྲིག་དང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུའི་བཀོད་སྒྲིག་གཞིར་བཟུང“སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”གྱི་དབུལ་སྒྲོལ་ཚད་གཞི་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་དང་། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ་སྤྱོད་ཚུལ་ལ་མུ་མཐུད་འགྱུར་ལྡོག་བཏང་ནས་དབུལ་ཞྭ་འབུད་རྩིས་ཡོད་པའི་རྫོང(ཆུས)དབུལ་པོ19ཡི་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་འགན་ནུས་ཤུགས་ཡོད་རྒུས་ལེགས་གྲུབ་ཡག་པོ་བྱེད་པ་མ་ཟད། དབུལ་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་བཏང་ནས་ཀྲུང་དབྱང་གི་ཆེད་དོན་སྐོར་གཟིགས་དག་ཐེར་ལས་དོན་བློ་བརྟན་འགྱུར་མེད་ངང་དམ་འཛིན་ཡག་པོ་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་དུས་བཀག་ལྟར་རྒྱལ་ཁ་ཡག་པོ་ལེན་ཐུབ་པའི་འགན་ལེན་བྱེད་དགོས་ཞེས་བསྟན་ཡོད་པ་རེད། 

    ཚོགས་འདུའི་ཐོག་རིམ་པ་ཁག་དང་སྡེ་ཚན་ཁག་གིས《ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་དང་འགན་འཁྲི་དོན་འཁྱོལ་ལྟ་ཞིབ་ལས་དོན་གྱི་གཏན་འབེབས》བཏོན་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱེད་པ་དང་། ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུའི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ཡག་པོ་བྱེད་པ། རང་རྟོགས་ངང་སློབ་སྦྱོང་གཏིང་ཟབ་དང་མཐར་ཕྱིན་པ་བྱེད་པ། 《གཏན་འབེབས》ཀྱི་བླང་བྱ་དང་བསྡུར་བ་བྱས་ནས་ཁྲིམས་བཞིན་སྲིད་འཛིན་མཐའ་འཁྱོངས་བྱེད་པ། སྲིད་གཞུང་གི་ལམ་ལུགས་ཁག་དམིགས་སར་དོན་འཁྱོལ་བྱས་ནས་ཕན་འབྲས་ཐོན་རྒྱུར་སྐུལ་མ་ཏན་ཏིག་གཏོང་བ་བཅས་ཀྱི་སྒོ་ནས་སྲིད་གཞུང་གི་ལས་དོན་དེ་ཁྲིམས་སྐྱོང་གི་སྲོལ་ལམ་ཐོག་སྐུལ་འདེད་བརྟན་པོ་བཏང་སྟེ་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་ལ་རྒྱུན་ཆད་མེད་པར་ཕན་འབྲས་གསར་པ་ཐོན་པ་དང་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུའི་འགན་ལེན་བྱེད་དགོས་ཞེས་བསྟན་ཡོད་པ་རེད། 

    ཚོགས་འདུའི་ཐོག་ཁྲོན་བོད་ལྕགས་ལམ་འཆར་འགོད་འཛུགས་སྐྲུན་ཐད། སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཐུགས་ཁུར་ཟབ་མོ་གནང་བ་དང་ཁ་འབྲལ་ཐབས་མེད། བསམ་བློ་གཅིག་གྱུར་ཏན་ཏིག་ཡོང་བ་བྱས་ཏེ་ལྗོངས་ཡོངས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་མཐུན་སྦྱོར་གཞོགས་འདེགས་ཀྱི་ལས་དོན་ཡག་པོ་སྒྲུབ་པ་དང་། རྩ་འཛུགས་ཀྱི་སྒྲིག་གཞི་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། འགན་འཁྲི་ཁག་བགོས་ཁ་གསལ་བྱེད་པ། ལས་དོན་སྒྲུབ་མཁན་ཆེད་མི་ཧྲག་པོ་བཀོད་སྒྲིག་བྱེད་པ། རང་འགུལ་གྱི་བསམ་པ་ཆེ་རུ་གཏོང་བ། འཛུགས་སྐྲུན་ལ་ཞབས་འདེགས་ཞུ་རྒྱུར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དམ་འཛིན་ཡག་པོ་བྱེད་པ་བཅས་བྱས་ནས་དོན་ཆེན་དེ་ཡག་པོ་སྒྲུབ་པར་མཐུན་རྐྱེན་བཟང་པོ་ནུས་ཤུགས་ཡོད་རྒུས་བསྐྲུན་དགོས་པའི་ནན་བཤད་བྱས་ཡོད། 

    ཚོགས་འདུའི་ཐོག་ཀུན་སྤྱོད་ལ་བརྟེན་ནས་མི་སྐྱོང་བའི་གཞི་རྩའི་ལས་འགན་དང“མི་གང་འདྲ་ཞིག་གསོ་སྐྱོང་བྱེད་པ་དང་། ཇི་ལྟར་བྱས་ནས་གསོ་སྐྱོང་བྱེད་པ། སུའི་ཆེད་དུ་གསོ་སྐྱོང་བྱེད་པ”བཅས་ཀྱི་གཞི་རྩའི་གནད་དོན་དེར་དམ་པོར་དམིགས་ཏེ་ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། དགེ་རྒན་གྱི་ལས་དོན་ལ་སྒྱུར་བཅོས་གཏིང་ཟབ་བྱེད་པ། མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱེད་པ། འཕེལ་རྒྱས་ཀྱི་ཞན་ཆ་གསབ་པ་བཅས་བྱས་ནས་ཏང་དང་རྒྱལ་ཁབ་ལ་དགའ་ཞེན་དང་། ཆབ་སྲིད་ཀྱི་ཚད་གཞི་ལོན་པ། སྤྱོད་ཡོན་གཉིས་ལྡན། བོད་ལ་གཞི་ཚུགས་པ་བཅས་ཀྱི་བྱང་ཚད་མཐོ་བའི་དགེ་རྒན་གྱི་དཔུང་ཁག་ཅིག་ཧུར་ཐག་འཛུགས་དགོས། སློབ་གྲྭའི་སྡོད་ཁང་གི་བདེ་འཇགས་དང་། བཟའ་བཅའི་བདེ་འཇགས། འཕྲོད་བསྟེན་སོགས་ཀྱི་ལས་དོན་ལ་སྔར་བས་དོ་སྣང་བྱས་ཏེ་སློབ་མའི་ཚེ་སྲོག་དང་བདེ་འཇགས་འགན་ལེན་བྱེད་དགོས་ཞེས་བསྟན་ཡོད་པ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།