[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ཝུའུ་དབྱིང་ཅེས་ནེ་པ་ལའི་ཙུང་ཐུང་པན་ཏ་ལི་དང་མཇལ་འཛོམས་གནང་བ།

    ཆེ་དགྲ་ལྷས་ལྷན་དུ་མཇལ་འཛོམས་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-05-04

    618550_yis_1556857433611.jpg

    འདི་ནི་ཟླ་4ཚེས་30ཉིན་གྱི་ཕྱི་དྲོ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ལྷ་སར་ནེ་པ་ལའི་ཙུང་ཐུང་པན་ཏ་ལི་དང་བཅས་པར་མཇལ་འཛོམས་གནང་བ།

    ཟླ་4ཚེས་30ཉིན་གྱི་ཕྱི་དྲོ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ལྷ་སར་ནེ་པ་ལའི་ཙུང་ཐུང་པན་ཏ་ལི་དང་བཅས་པར་མཇལ་འཛོམས་གནང་ཞིང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་ལྷན་དུ་མཇལ་འཛོམས་གནང་བ་རེད། 

    ཝུའུ་དབྱིང་ཅེས་དང་ཐོག་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་། མི་དམངས་འཐུས་ཚོགས། སྲིད་གཞུང་། སྲིད་གྲོས་བཅས་ཀྱི་ཚབ་ཞུས་ཏེ་པན་ཏ་ལི་དང་བཅས་པ་བོད་དུ་འཚམས་འདྲིར་ཕེབས་པར་སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུས་པ་དང་ནེ་པ་ལས་སྔ་ཕྱི་བར་གསུམ་དུ་ཀྲུང་གོ་གཅིག་གི་སྲིད་ཇུས་མཐའ་གཅིག་ཏུ་ལག་ལེན་བསྟར་བ་དང་ཕྱི་རོལ་ཕྱོགས་གཏོགས་ཀྱི་ནེ་པ་ལའི་ས་ཁོངས་སྤྱད་དེ་ཀྲུང་གོར་ངོ་རྒོལ་བྱེད་པའི་བྱེད་སྤྱོད་སྤེལ་དུ་བཅུག་མེད་པར་ཚད་མཐོའི་བསྔགས་བརྗོད་གནང་བ་རེད། 

    ཝུའུ་དབྱིང་ཅེས་གསུངས་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གིས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་བཏོན་ཚུན་ལམ་ཐིག་རྒྱུད་ཀྱི་རྒྱལ་ཁབ་མཉམ་ལས་ཐད་གྲུབ་འབྲས་མང་པོ་ཟམ་མི་ཆད་པར་ཐོབ་ཡོད། ཀྲུང་གོས་ཨེ་ཤེ་ཡ་ལྷོ་མར་སྒོ་དབྱེ་བའི་བགྲོད་ལམ་གལ་ཆེན་ཞིག་ཡིན་པའི་ཀྲུང་གོ་བོད་རང་སྐྱོང་ལྗོངས་ཀྱིས་མཐའ་འཁོར་གྱི་ཕྱི་འབྲེལ་ལས་དོན་སྐོར་གྱི་ཀྲུང་དབྱང་སྲིད་གཞུང་གི་བྱེད་ཕྱོགས་སྲིད་ཇུས་བློ་བརྟན་འགྱུར་མེད་ངང་ལག་ལེན་བསྟར་བ་དང་། ད་ཐེངས་ཀྱི་ཀྲུང་ནེའི་མཉམ་ལས་ཡིག་ཆའི་འབྲེལ་ཡོད་ནང་དོན་དོན་འཁྱོལ་ཡག་པོ་བྱེད་པ། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ཁྲོད་ཧུར་ཐག་ཞུགས་པ། ཕྱོགས་གཉིས་པོའི་དཔལ་འབྱོར་ཚོང་དོན་དང་། རིག་གནས། ཡུལ་སྐོར། འགག་སྒོ་འཛུགས་སྐྲུན་སོགས་ཁྱབ་ཁོངས་ཀྱི་སྤེལ་རེས་དང་མཉམ་ལས་ཆེ་རུ་དང་སྐུལ་འདེད། ཀྲུང་ནེའི་མཛའ་གྲོགས་ཟམ་མི་ཆད་པར་ཟབ་ཏུ་གཏོང་བ་བཅས་བྱེད་པ་དང་འབྲེལ་ཀྲུང་དབྱང་སྲིད་གཞུང་གི་རྒྱབ་སྐྱོར་འོག་ནེ་པ་ལར་རོགས་སྐྱོར་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་གྲུབ་འབྲས་མཉམ་རོལ་དང་གཉིས་ཁེ་གཉིས་ཕན་ཐུབ་པ་བྱ་རྒྱུ་ཡིན།

    པན་ཏ་ལི་ཡིས་ནེ་པ་ལས་ཀྲུང་གོ་གཅིག་གི་སྲིད་ཇུས་མཐའ་གཅིག་ཏུ་ལག་ལེན་བསྟར་བ་དང་ཕྱོགས་གཏོགས་གང་འདྲ་ཞིག་ཡིན་རུང་ནེ་པ་ལའི་ས་ཁོངས་སུ་ཀྲུང་གོར་ངོ་རྒོལ་བྱེད་པའི་བྱེད་སྤྱོད་གཏན་ནས་སྤེལ་དུ་འཇུག་རྒྱུ་མིན། “རྒྱུད་གཅིག་ལམ་གཅིག”ཐུན་མོང་ཐོག་བསྐྲུན་རྒྱུ་ནི་ལོ་རྒྱུས་རང་བཞིན་གྱི་གྲོས་འགོ་ཞིག་ཡིན་པ་དང་གོ་ལ་ཧྲིལ་པོའི་རང་བཞིན་གྱི་ཤུགས་རྐྱེན་གལ་ཆེན་ལྡན་པ་དེས་ནེ་པ་ལ་ཚུད་པའི་འཛམ་གླིང་རྒྱལ་ཁབ་ཁག་གི་མཉམ་ལས་དང་སྤེལ་རེས་ཆེད་ལས་སྟེགས་དང་སྦྲེལ་ཐག་གསར་པ་བསྐྲུན་ཡོད་ཅེས་བརྗོད་པ་རེད། 

    པན་ཏ་ལི་ཡིས་ད་ཐེངས་ནི་ང་ལོ་25ཡི་རྗེས་སླར་ཡང་ཀྲུང་གོ་བོད་རང་སྐྱོང་ལྗོངས་སུ་འཚམས་འདྲིར་ཡོང་བ་ཞིག་ཡིན། གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་མཐོང་བྱུང་། འཕེལ་རྒྱས་ཀྱི་ཉམས་མྱོང་ལ་ནེ་པ་ལས་སློབ་སྦྱོང་བྱེད་རིན་ཆེན་པོ་འདུག་ཅེས་བརྗོད། ཁོང་གིས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་ཀྲུང་གོ་བོད་རང་སྐྱོང་ལྗོངས་ལ་གྲུབ་འབྲས་ཆེན་པོ་ཐོབ་པར་རྟེན་འབྲེལ་ཞུས་པ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།