[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ཝུའུ་དབྱིང་ཅེས་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོ་ཁང་ལ་གཟིགས་སྐོར་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-03-29

    607160_yis_1553793597747.jpg

    ཚེས་28ཉིན་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་དེ་བཞིན་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་བློ་བཟང་རྒྱལ་མཚན་དང་། ཆེ་དགྲ་ལྷ། ཏིང་ཡེ་ཤན། ཀྲོང་ཡན་བཅས་ཀྱིས་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོ་ཁང་ལ་གཟིགས་སྐོར་གནང་སྟེ། འཕོ་འགྱུར་ཆེ་ཞིང་ཟིལ་རླབས་དགུང་དུ་འཕྱུར་བའི་བརྗེད་པར་དཀའ་བའི་ལོ་ཟླ་སླར་ཡང་དྲན་གསོ་གནང་བ་རེད།

     གངས་ལྗོངས་ཀྱི་ནམ་མཁའ་གཡའ་དག་ལ་དྲོད་རླུང་ལྡང་། ས་མཐོའི་རབ་བྱུང་གཅིག་གི་རྣམ་པ་གསར་པ་མངོན། ཚེས་28ཉིན་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་དེ་བཞིན་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་བློ་བཟང་རྒྱལ་མཚན་དང་། ཆེ་དགྲ་ལྷ། ཏིང་ཡེ་ཤན། ཀྲོང་ཡན་བཅས་ཀྱིས་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོ་ཁང་ལ་གཟིགས་སྐོར་གནང་སྟེ། འཕོ་འགྱུར་ཆེ་ཞིང་ཟིལ་རླབས་དགུང་དུ་འཕྱུར་བའི་བརྗེད་པར་དཀའ་བའི་ལོ་ཟླ་སླར་ཡང་དྲན་གསོ་གནང་བ་རེད།

    ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་ནུབ་རྒྱུད་དམག་ཁུལ་གྱི་སི་ལིང་ཡོན་ཀྲའོ་ཙུང་ཆི་དང་། ཀྲུང་གོ་མི་དམངས་དྲག་ཆས་ཉེན་རྟོག་དཔུང་སྡེའི་ཆབ་སྲིད་ཨུ་ཡོན་གཞོན་པ་ཡན་ཞའོ་ཏུང་། རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཞུས་ཡུང་དང་། བསྟན་ཁོ། ཝང་གཡུང་ཅུན། ཅང་ཅེ། སྤེན་པ་བཀྲ་ཤིས། ཧོ་ཝུན་ཧའོ། པད་མ་དབང་འདུས། ལིའུ་ཅང་། ཁྲེན་ཡུང་ཆི། དེ་བཞིན་ལས་བྲལ་དང་རྒན་ཡོལ་ཞུས་པའི་བློ་མཐུན་རྒན་གྲས་ལེགས་མཆོག་དང་པ་སངས་བཅས་ལྷན་དུ་གཟིགས་སྐོར་ལ་ཕེབས་པ་རེད། 

    ལོ་རྒྱུས་ནི་མེ་ལོང་ལྟ་བུ་ཡིན་ལ་བསླབ་གཞི་ཡག་ཤོས་ཤིག་ཀྱང་རེད། ལྗོངས་ཡོངས་ཀྱི“རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི”དང་། “མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོའི་རྟེན་གཞི” “ཏང་ཡོན་དང་ལས་བྱེད་པའི་སློབ་གསོའི་རྟེན་གཞི”“གཞོན་ནུ་ལོ་ཆུང་གི་ཀུན་སྤྱོད་སློབ་གསོའི་རྟེན་གཞི”བཅས་ཡིན་པའི་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོ་ཁང་དུ་ཉར་ཚགས་བྱས་པའི་ལོ་རྒྱུས་ཀྱི་ཚད་ལྡན་ཡིག་ཆའི་ཡིག་ཚགས་རྩ་ཆེན་ཁག་165དང་། རྒྱལ་ཁབ་ཀྱི་ནོར་བུ་ལྟ་བུའི་རིག་དངོས་ཁག་(ཆ་ཚང)49 ལོ་རྒྱུས་ཀྱི་བདེན་དཔང་དངོས་པོ་ཁག་299 དེ་བཞིན་གསོན་ཉམས་དོད་པའི་པར་རིས་331བཅས་ལས་མི་རྣམས་ལ་བོད་ནི་གནའ་སྔ་མོ་ནས་བཟུང་མེས་རྒྱལ་གྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པའི་ལོ་རྒྱུས་ཀྱི་དོན་དངོས་ར་སྤྲོད་ནུས་ལྡན་བྱས་པ་དང་། བོད་རྙིང་པའི་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ནི་མུན་ནག་དང་། རྗེས་ལུས། གདུག་རྩུབ་བཅས་ཀྱི་ལམ་ལུགས་ཤིག་ཡིན་པ་བརྒྱུད་རིམ་ལྡན་པའི་སྒོ་ནས་དམར་རྗེན་དུ་བཏོན་པ། ཟིལ་རླབས་དགུང་དུ་འཕྱུར་བའི་བོད་ཀྱི་དམངས་གཙོའི་བཅོས་སྒྱུར་གྱི་ལོ་རྒྱུས་འཕེལ་རིམ་དང་ལོ་དྲུག་ཅུའི་རིང་བོད་དུ་བྱུང་བའི་རྒྱ་ཁྱབ་གཏིང་ཟབ་ཀྱི་ལོ་རྒྱུས་ཀྱི་འཕོ་འགྱུར་ཆེན་པོ་གསོན་ཉམས་དོད་པོའི་སྒོ་ནས་མངོན་པར་བྱས་པ། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་པ་དང་ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཐའ་སྐྱོང་བོད་བརྟན་སྐོར་གྱི་རྣམ་བཤད་གལ་ཆེན་གྲུབ་འབྲས་ཐོན་པའི་ངང་ལག་ལེན་བསྟར་བ་གང་ལེགས་མངོན་པར་བྱས་པ། དམངས་གཙོའི་བཅོས་སྒྱུར་བྱས་མེད་ན་རྒྱ་ཆེའི་ངལ་རྩོལ་མི་དམངས་ལ་ཡར་ལངས་བཅིངས་འགྲོལ་ཐོབ་ཐབས་བྲལ་བ་དང་། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་ཐབས་བྲལ་བ། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་དེང་དུས་ཀྱི་མཛེས་སྡུག་ལྡན་པའི་བདེ་སྐྱིད་འཚོ་བ་ཡོང་ཐབས་བྲལ་བ་བཅས་རྩོད་ཐབས་བྲལ་བའི་སྒོ་ནས་ར་སྤྲོད་བྱས་པ་མ་ཟད། ད་དུང་བཀའ་དྲིན་ཡིད་ལ་འཆང་བ་དང་བློ་ཁ་ཏང་ལ་ཕྱོགས་པའི་བོད་ཀྱི་མི་རིགས་ཁག་གི་བུ་ཕྲུག་གི་སྲ་ཞིང་བརྟན་པའི་ཡིད་ཆེས་དང་ཆོད་སེམས་ཀྱང་མངོན་པར་བྱས་ཡོད།

    ཝུའུ་དབྱིང་ཅེས་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོ་ཁང་ནི་བོད་ཀྱི་ལོ་རྒྱུས་ཀྱི་བསྡུས་རིས་ཤིག་རེད་ལ། ལྗོངས་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ལ་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་གཏོང་བའི་བསླབ་གཞི་ཡག་པོ་ཞིག་ཀྱང་རེད། དེས་ན་ལྗོངས་ཡོངས་ཀྱི་རིམ་ཁག་སྡེ་ཚན་གྱིས་རྒྱ་ཆེའི་ལས་བྱེད་པ་དང་། མང་ཚོགས། སློབ་མ་བཅས་སྒྲིག་འཛུགས་ཞིབ་ཚགས་བྱས་ནས་འགྲེམས་སྟོན་ལ་ལྟ་སྐོར་ཧུར་ཐག་བྱེད་པ་དང་། ལྗོངས་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པར“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པ་བཅས་བྱེད་དགོས་པའི་སློབ་གསོ་གཏོང་བ་དང་འབྲེལ་ལྕག་སྐུལ་ཡང་བྱེད་པ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རླབས་ཆེན་གྱི་དར་ཆ་མཐོན་པོར་སྒྲེང་བ། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་། སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་བཅས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཐའ་སྐྱོང་བོད་བརྟན་སྐོར་གྱི་རྣམ་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ། ཏང་གི་བོད་སྐྱོང་མཛད་ཇུས་དང་། ཁྲིམས་བཞིན་བོད་སྐྱོང་། དམངས་ཕྱུག་བོད་དར། ཡུན་རིང་བོད་སྐྲུན། མི་སེམས་གཅིག་སྒྲིལ། རྨང་གཞི་བརྟན་གཏོང་བཅས་ཀྱི་རྩ་དོན་གལ་ཆེན་ལག་བསྟར་གཏིང་ཟབ་བྱེད་པ། ལོ་རྒྱུས་སེམས་སུ་བརྟན་པོར་ངེས་ནས་འབད་འབུངས་ཡར་བརྩོན་བྱེད་པ། བྱས་འབྲས་ཐོབ་པར་ངས་མི་རྩོད་པ་དང་བྱས་རྗེས་འཇོག་པར་ང་ཡིས་འབད་པའི་འདུ་ཤེས་བཅངས་ནས་འཕེལ་རྒྱས་དང་། བརྟན་ལྷིང་། སྣོད་བཅུད་བཅས་ཀྱི་ལས་དོན་ཁག་སྒྲུབ་པ་བཅས་ཀྱིས་དུས་རབས་གསར་པར་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཀྱི་རྣམ་པ་གསར་པ་ཧུར་ཐག་གཏོད་དགོས། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ལ་སློབ་གསོ་གཏོང་བ་དང་། སྐུལ་མ་གཏོང་བ། བསྔགས་སྐུལ་བྱེད་པ་བཅས་ཐད་ཀྱི་འགྲེམས་སྟོན་གྱི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་ཤིང་། “སྣང་ཆེན་བཞི་དང་དགའ་ཞེན་བཞི”དང“ཚད་གཞི་བཞིར་བརྩི་སྲུང་གིས་སྔོན་ཐོན་གྲྭ་བཙུན་ཧུར་ཐག་བྱེད་པ”སོགས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོ་དང་ཟུང་འབྲེལ་བྱས་ཏེ། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་དང་རྒྱ་ཆེའི་གྲྭ་བཙུན་རྣམས་ལ་བོད་དང་མེས་རྒྱལ་དབར་གྱི་འབྲེལ་བའི་ལོ་རྒྱུས་འགྲེལ་བཤད་གསལ་པོར་རྒྱག་པ་དང་། བོད་རྙིང་པའི་དཀའ་སྡུག་དང་བོད་གསར་པའི་བདེ་སྐྱིད་གསལ་པོར་བརྗོད་པ། ཏང་གི་དམངས་བདེ་དམངས་ཕན་སྲིད་ཇུས་ཇི་མ་ཇི་བཞིན་དུ་བརྗོད་པ། དེ་བཞིན་ཁོང་ཚོར་ཏང་གི་བཀའ་དྲིན་དྲན་པ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་སློབ་གསོ་གཏོང་བ་དང་འབྲེལ་ཁྲིད་སྟོན་ཡང་བྱེད་པ། ཆོས་ལུགས་ལ་དཔྱོད་ཤེས་ཀྱི་ལྟ་སྟངས་འཛིན་པ། ཡུན་རིང་རྒྱུན་འཁྱོངས་བྱས་ནས་གོམས་གཤིས་སུ་འཇགས་པར་བྱེད་པ། ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས་ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བ་ཡག་པོ་སྐྱེལ་བ་བཅས་བྱེད་དགོས་ཞེས་བསྟན་གནང་བ་རེད།

    རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་དང་། སྲིད་གཞུང་། སྲིད་གྲོས་བཅས་ཀྱི་ཞིང་ཆེན་རིམ་པའི་འགོ་ཁྲིད་བློ་མཐུན་གྱིས་དྲན་གསོ་ཁང་ལ་གཟིགས་སྐོར་གནང་བ་རེད། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་དང་སྤྱི་བདེ་པུའི་འབྲེལ་ཡོད་བློ་མཐུན་གྱིས་ཀྱང་དྲན་གསོ་ཁང་ལ་གཟིགས་སྐོར་གནང་བ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།