[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གཉིས་པས་མུ་མཐུད་ཚོགས་ཆུང་ཁག་བགོས་ཀྱིས་གྲོས་བསྡུར་བྱས་པ།

    རང་འགན་གཙང་སྒྲུབ་ཀྱིས་བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་བཏང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-01-11

    ཚེས་10ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གཉིས་པར་ཕེབས་པའི་མི་རིགས་ཁག་དང་ལས་རིགས་ཁག་གི་སྲིད་གྲོས་ཀྱི་ཨུ་ཡོན་ཚོས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་དང་། འཆར་གཞིའི་སྙན་སྒྲོན། སྔོན་རྩིས་ཀྱི་སྙན་སྒྲོན་སོགས་ལ་དམིགས་ནས་མུ་མཐུད་ཚོགས་ཆུང་ཁག་བགོས་ཀྱིས་གྲོས་བསྡུར་གནང་བ་རེད།

    ཀའོ་དབྱང་དང་། སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ། བློ་བཟང་འགྱུར་མེད། རྫོང་ལོ་བྱམས་པ་མཁས་གྲུབ། ས་ལུང་ཕུན་ལགས། བསོད་ནམས་རིག་འཛིན། ངག་དབང་། ང་ཕོད་འཇིགས་ཡོན། ཝང་ཡ་ལིན། སངས་རྒྱས་གྲགས་པ། སྒྲོལ་དཀར། ལེ་ཀུའེ་ལུང་། བཀྲ་ཤིས་ཟླ་བ་བཅས་ཁག་སོ་སོར་རིགས་ཁོངས་ཁག་གི་ཚོགས་ཆུང་གི་གྲོས་བསྡུར་ནང་ཞུགས་པ་རེད།

    ཚོགས་ཆུང་ཁག་ཏུ་གྲོས་བསྡུར་གནང་བའི་རྣམ་པ་འཁྲུག་ཆ་ཤིན་ཏུ་དོད་ཅིང་།  ཚང་མས་གཅིག་རྗེས་གཉིས་མཐུད་ངང་གཏམ་བཤད་གནང་བ་རེད། ཨུ་ཡོན་ཚོས་རང་ཉིད་ཀྱི་བསམ་ཚུལ་ལྷུག་པོར་གླེང་བ་སྟེ། ཚང་མས་འདི་ལོའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་རང་ལྗོངས་ཀྱི་འདས་ཟིན་པའི་ལོ་གཅིག་ནང་ཐོབ་པའི་གྲུབ་འབྲས་ཕྱོགས་སྡོམ་བྱས་པ་དང་། ལྷག་པའི་གནད་དོན་དང་འཕྲད་པའི་དུས་བབ་ལ་དོན་དངོས་དང་མཐུན་པའི་སྒོ་ནས་དབྱེ་ཞིབ་བྱས་པ། 2019ལོའི་སྤྱིའི་བླང་བྱ་དང་དམིགས་ཚད་ལས་འགན་གསལ་པོར་བཏོན་ཡོད། ཚུགས་གནས་མཐོ་བ་དང་། བསམ་ཕྱོགས་ཁ་གསལ། བྱེད་ཐབས་ཏན་ཏིག མི་རྣམས་མདུན་སྐྱོད་ལ་སྐུལ་བ་བཅས་ཀྱི་སྙན་སྒྲོན་ཡག་པོ་ཞིག་རེད། དེ་ཐོག་ནས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་བསམ་འདུན་མཚོན་ཡོད། སྙན་སྒྲོན་གསན་རྗེས་ལྕག་སྐུལ་ཚད་མེད་ཐེབས་ལ་གདེང་ཚོད་ཀྱང་ཆེ་རུ་ཕྱིན་པའི་ངོས་འཛིན་གནང་བ་རེད།

    “ནུས་སེམས་གཅིག་ཏུ་བསྒྲིལ་བ་དང་མི་སེམས་ལ་སྐུལ་མ་ཐེབས་པའི་སྙན་སྒྲོན་ཞིག་རེད། ཚུགས་གནས་མཐོ་པོ་དང་བརྗོད་དོན་མངོན་གསལ་དོད་པོས་འཆར་གཞི་ཡག་པོ་ཞིག་བཀོད་ཡོད། ལྷག་པར་དུ་ཀྲུའུ་ཞི་ཆེ་དགྲ་ལྷས་འདི་ལོ་བོད་ཀྱིས་ད་ལྟ་ལག་ལེན་བསྟར་བཞིན་པའི་དབུལ་སྐྱོར་ཚད་གཞི་བརྟན་སྲུང་བྱེད་པའི་ཁར། ཞིབ་དཔྱད་ཚོད་སྐོར་ལམ་ལུགས་ནན་ཤོས་ལག་ལེན་བསྟར་ནས་མི་འབོར་དབུལ་པོ་ཁྲི་15ཚང་མ་དབུལ་སྒྲོལ་དང་རྫོང་དབུལ་པོ་19ཚང་མའི་དབུལ་ཞྭ་འབུད་ཐུབ་པའི་འགན་ལེན་གྱིས་ལྗོངས་ཡོངས་སུ་དབུལ་པོ་དབུལ་རྐྱང་རྩ་བའི་ཆ་ནས་སེལ་རྒྱུ་ཡིན་ཞེས་བཀའ་མོལ་གལ་ཆེན་གསུངས་པ་དེ་ང་ཚོའི་ངོས་ནས་བརྗོད་ན་གནོན་ཤུགས་ཤིག་རེད་ལ་སྒུལ་ཤུགས་ཤིག་ཀྱང་རེད་འདུག ང་ཚོས་རང་འགན་གཙང་སྒྲུབ་ཀྱིས་བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་འབུལ་རྒྱུ་ཡིན”ཞེས་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་རང་སྐྱོང་ལྗོངས་དམངས་སྲིད་ཐིང་གི་ཏང་ཙུའི་ཧྲུའུ་ཅི་ཐིང་ཀྲང་གཞོན་པ་སྐར་མ་ཚེ་བརྟན་གྱིས་གསུངས།

    རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་མདོ་ཡུལ་ཤང་མདོ་ཡུལ་གྲོང་ཚོའི“གཉིས་ལྡན་དུད་སྦྲེལ”གྱི་སྤྱི་མི་ཟླ་བས་སྙན་སྒྲོན་གྱི་ནང་དོན་ཧ་ཅང་ཕུན་སུམ་ཚོགས་པོ་དང་ཚིག་ཉུང་ཞིང་ཁ་གསལ་པོ་ཞིག་འདུག དེའི་ནང་ཕྱོགས་མང་པོ་ཞིག་ནས་འདས་ཟིན་པའི་ལོ་གཅིག་གི་ལས་དོན་ཕྱོགས་ཡོངས་ནས་ཕྱོགས་སྡོམ་བྱས་ཡོད། གྲུབ་འབྲས་ནི་མི་རྣམས་ལ་ལྕག་སྐུལ་ཐེབས་པ་ཞིག་འདུག སྙན་སྒྲོན་ནང་ནས་ན་ནིང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་དམངས་འཚོའི་ལས་དོན་འབོར་ཆེན་ཞིག་བསྒྲུབས་པ་དང་དམངས་ཕན་འདུ་འགོད་རབ་དང་རིམ་པ་ལག་ལེན་བསྟར་བ་ཚང་མ་ནི་མི་སེར་གྱིས་མིག་མཐོང་ལག་འཛིན་ཐུབ་པ་ཤ་སྟག་ཡིན་པ་གསལ་པོར་མཐོང་ཐུབ། སྙན་སྒྲོན་ནང་འདི་ལོའི་ལས་དོན་བཀོད་སྒྲིག་ཞིབ་ཚགས་པོ་གནང་འདུག ཞིབ་ཕྲའི་བྱེད་ཐབས་ཡོད་ལ་བྱེད་ཐབས་དེ་དག་ལག་ལེན་བསྟར་སྟངས་ཀྱང་བཀོད་ཅིང་། ཐབས་ལམ་དང་དམིགས་ཚད་ཧ་ཅང་གསལ་པོ་འདུག་ཅེས་གསུངས།

    ཨུ་ཡོན་ཚོས་གྲོས་བསྡུར་གནང་རིང་རང་རང་སོ་སོའི་ལས་དོན་དངོས་དང་ཟུང་འབྲེལ་གྱིས་མྱོང་ཚོར་ཟབ་མོ་གླེང་གནང་བ་དང་གྲོས་འགོ་མང་པོ་བཏོན་གནང་བ་མ་ཟད། ད་དུང་རང་རང་སོ་སོས་དོ་ཁུར་བྱེད་པའི་གནད་དོན་ཐད་ལ་གཏམ་བཤད་ལྷུག་པོར་གནང་བ་རེད། ཚང་མས་སྲིད་གྲོས་ཨུ་ཡོན་གྱི་ནུས་པ་འདོན་སྤེལ་ཡག་པོ་བྱེད་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ཁག་ལ་མུ་མཐུད་དམ་པོར་དམིགས་པ། རང་འགན་ནན་གྱིས་སྒྲུབ་པ། གནས་ཚུལ་ངོ་མ་གསལ་རྟོགས་བྱེད་པ་དང་། སྐད་ཆ་དྲང་པོ་ཤོད་པ། ལྕག་འདེབས་ཀྱི་སྐད་ཆ་ཤོད་པ། ཐབས་ཇུས་ཡག་པོ་འདོན་པ་བཅས་ཀྱི་ཐོག་ནས་ངེས་ཤུགས་ལྡན་པ་དང་། བརྩེ་སེམས་ཟབ་པ། འགན་འཁྲི་ཁུར་ཕོད་པ། བྱས་རྗེས་འཇོག་མཁན་བཅས་ཀྱི་སྲིད་གྲོས་ཀྱི་ཨུ་ཡོན་ཞིག་བྱ་རྒྱུ་ཡིན་ཞེས་གསུངས།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།