[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ཙེང་དབན་མིང་གིས་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་དུ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-10-10

    ཉེ་ཆར། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རྩ་འཛུགས་པུའི་པུའུ་ཀྲང་ཙེང་དབན་མིང་གིས་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་དུ་བརྟག་ཞིབ་གནང་སྐབས། ཆབ་སྲིད་ཀྱི་རང་རྟོགས་དང་འགན་འཁྲི་འཁུར་སེམས་ཆེ་བ་དང་མི་དམངས་ལ་ཚད་མཐོའི་འགན་འཁུར་བའི་སྙིང་སྟོབས་ཀྱིས་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལ་དམ་འཛིན་ཡག་པོ་བྱས་ཏེ་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།

    ཙེང་དབན་མིང་གིས་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ནི་སྨན་ཁང་གི་འཕེལ་རྒྱས་ཆུ་ཚད་མཐོ་རུ་གཏོང་བའི་འདེགས་སྐྱོར་གལ་ཆེན་ཞིག་ཡིན་པས། ཁ་བཤད་ལག་བསྟར་དང་དམ་འཛིན་མཐར་ཕྱིན་པ་བྱེད་པའི་ནུས་ཆེའི་འཕེལ་རིམ་དང་། ཡག་ཐོག་ཡག་བརྩེགས་དང་རྩེར་སོན་གཏོད་ཕོད་པའི་ལས་ཀའི་ཚད་གཞིའི་ཐོག་ནས་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གི་གཙོ་གནད་རྣམ་གྲངས་རྣམས་རྣམ་གྲངས་སྤུས་ལེགས་དང་རྣམ་གྲངས་སྤུས་དག་ཅིག་ཏུ་སྐྲུན་དགོས། རྣམ་གྲངས་འཛུགས་སྐྲུན་གྱི་འཕེལ་རིམ་མགྱོགས་སུ་བཏང་སྟེ་རྣམ་གྲངས་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་རྩིས་བཤེར་མཐིལ་རྟོགས་བྱེད་པ་དང་། ལས་ཡུན་ལྡོག་སྒྲིག་དང་། འཆར་འགོད་ལས་སྒྲུབ། རྩིས་ཐོ་བསུབ་པའི་རྣམ་པའི་དོ་དམ། ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས། ལས་སྒོའི་སྤུས་ཚད་ཀྱི་འགག་སྒོ་ནན་པོ་བསྲུངས་ཏེ“སྤུས་དག”གི་འདུ་ཤེས་བཙུགས་ནས་ལས་གྲྭའི་དོ་དམ་དང་སྤུས་ཚད་ཀྱི་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱེད་དགོས། འཕྱུགས་པ་གཏན་ནས་མེད་པའི་སྒོ་ནས“བདེ་འཇཌ་ཨང་དང་པོ་དང་སྔོན་འགོག་གཙོ་བོར་འཛིན་པའི”མཛད་ཕྱོགས་མཐའ་འཁྱོངས་བྱེད་པ་དང་། ལས་གྲྭའི་བདེ་འཇཌ་ཐོན་སྐྱེད་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ་སྲིད་གཙང་བདེ་འཇགས་ཡོང་བར་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    ཙེང་དབན་མིང་གིས་འབྲེལ་ཡོད་སྡེ་ཚན་གྱིས་མིག་མངས་འགྲིག་སྐོར་གཅིག་གི་བསམ་བློ་བརྟན་པོ་བཅངས་ཏེ་རང་འགན་གཙང་སྒྲུབ་དང་། གཞོགས་འདེགས་དམ་ཟབ། མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་བཅས་བྱས་ནས་རང་འགུལ་ངང་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གི་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལ་ཞབས་འདེགས་ཡག་པོ་ཞུ་དགོས། ཡུག་སྦྲེལ་མཆན་འགོད་བྱེད་སྟངས་འཚོལ་ཞིབ་བྱས་ནས་བཟོ་བ་དང་། ཞིབ་མཆན་འགོད་པའི་བརྒྱུད་རིམ་སྔར་བས་ལེགས་སུ་གཏོང་བ། ཞིབ་མཆན་འགོད་པའི་དུས་ཚོད་ཐུང་དུ་གཏོང་བ། ལས་སྒྲུབ་བརྒྱུད་རིམ་ཉུང་དུ་གཏོང་བ་བཅས་བྱེད་དགོས། རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གིས“སྨི་བརྒྱའི་རྒྱུག་ཤར་ནང་མཐའ་མའི་གདོང་མཆོང”བྱེད་པའི་ངར་ཤུགས་ལ་བརྟེན་ནས་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ཡག་པོ་བྱས་ཏེ་སྨན་ཁང་གི་དོ་དམ་ཆུ་ཚད་དང་སྨན་བཅོས་ཀྱི་ཞབས་ཞུའི་ནུས་པ་ཕྱོགས་ཡོངས་ནས་མཐོ་རུ་གཏོང་དགོས་པའི་བླང་བྱ་བཏོན་གནང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།