[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • སྐབས་བཞི་པའི་བོད་ལྗོངས་འགྲེམས་ཚོགས་ཀྱི་མིང་རྟགས་བཀོད་པའི་གན་རྒྱའི་རྣམ་གྲངས“བརྒྱུད་རིམ་ཧྲིལ་པོ་ཚབ་གཉེར་དང་། ཆེད་དོན་ཞབས་ཞུའི”ཧྲི་ཀྲང་གི་ཁས་ལེན་ཚོགས་འདུ་འཚོགས་པ།

    ཆེ་དགྲ་ལྷས་གསུང་བཤད་གནང་བ་དང་། ཀྲོང་ཡན་གྱིས་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-09-14

     ཚེས་10ཉིན། སྐབས་བཞི་པའི་བོད་ལྗོངས་འགྲེམས་ཚོགས་ཀྱི་མིང་རྟགས་བཀོད་པའི་གན་རྒྱའི་རྣམ་གྲངས“བརྒྱུད་རིམ་ཧྲིལ་པོ་ཚབ་གཉེར་དང་། ཆེད་དོན་ཞབས་ཞུའི”ཧྲི་ཀྲང་གི་ཁས་ལེན་ཚོགས་འདུ་ལྷ་སར་འཚོགས་པ་རེད།

    ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་གྱིས་གཙོ་སྐྱོང་གནང་བ་རེད།

    ཆེ་དགྲ་ལྷས་ཚོང་འགུགས་མ་འདྲེན་གྱི་ལས་དོན་ཡག་པོ་སྤེལ་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ལ་སྐུལ་འདེད་གཏོང་བ་དང་། དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བ། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་དང་འགྲོ་འོང་དང་སྤེལ་རེས་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ངོས་ནས་བརྗོད་ཚེ་དོན་སྙིང་གལ་ཆེན་ལྡན་ཡོད། ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། ཀྲུང་དབྱང་གིས་བོད་ལ་འཛིན་པའི་འཐབ་ཇུས་ཀྱི་ངེས་གནས་ལ་དམ་པོར་དམིགས་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་བསྟར་བ། ལྗོངས་ཡོངས་ཀྱི་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་ཚོགས་ཆེན་ཐེངས་གཉིས་པ་དང་ལྗོངས་ཡོངས་ཀྱི་ཚོང་འགུགས་མ་འདྲེན་ཚོགས་ཆེན་སྔ་རྗེས་སུ་འཚོག་པ། སྲིད་ཇུས་ཇུས་འགོད་ལ་སྔར་བས་ཤུགས་སྣོན་རྒྱག་པ། “གློད་སྡོམ་ཞབས་གསུམ”གྱི་སྒྱུར་བཅོས་གཏིང་ཟབ་བྱེད་པ།“ཕྱིར་སྐྱོད་པ”དང“ནང་དུ་གདན་འདྲེན་པའི”ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་བ་བཅས་བྱས་པས་རང་ལྗོངས་ཀྱི་མ་འཇོག་ཁོར་ཡུག་མུ་མཐུད་ལེགས་སུ་ཕྱིན་པ་དང་། ཁྲོམ་རའི་གསོན་ཤུགས་ནུས་ལྡན་ངང་འཕེལ་བ། ཚོང་འགུགས་མ་འདྲེན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། ཟླ་7པའི་ཟླ་མཇུག་བར། ལྗོངས་ཡོངས་སུ་ཁྲོམ་རའི་བྱེད་པོའི་ཚོང་དུད་ཁྲི་25.37ཟིན་ནས་དུས་མཚུངས་ལས་20.8%འཕར་ཡོད། ཀྲུང་དབྱང་ཁེ་ལས་ཀྱིས་བོད་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལ་རོགས་སྐྱོར་བྱེད་པའི་ཚོགས་འདུ་དང་། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཁ་གཏད་བོད་སྐྱོར་གྱི་ལས་དོན་བཞུགས་མོལ་ཚོགས་འདུ་དང་གནད་སྨིན་དབུལ་སྒྲོལ་གྱི་བོད་ཀྱི་བྱ་སྤྱོད་ཀྱི་བྱེད་སྒོ་སྤེལ་རིང་རྣམ་གྲངས་མང་པོ་ཞིག་ལ་བདེ་བླག་ངང་མིང་རྟགས་བཀོད་ཡོད། སྐབས་འདིའི་བོད་ལྗོངས་འགྲེམས་ཚོགས་ཐོག་གན་རྒྱའི་རིགས་ཀྱི་རྣམ་གྲངས་108ལ་མིང་བརྟག་བཀོད་པར་མ་དངུལ་ཁྱོན་སྒོར་དུང་ཕྱུར་540.82ཟིན་ཡོད་ཅེས་གསུངས་པ་རེད།

    ཆེ་དགྲ་ལྷས་ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་གཏོང་བ་དང་། “མིག་མངས་འགྲིག་སྐོར་གཅིག”གི་བསམ་བློ་བརྟན་པོ་བཅངས་ནས་སྣོད་བཅུད་སྲུང་སྐྱོང་གི་དམར་ཐིག་དང་བདེ་འཇགས་ཐོན་སྐྱེད་ཀྱི་མཐའ་ཚད་བརྟན་པོ་སྲུང་བའི་རྨང་གཞིའི་ཐོག་འགག་རྩའི་ལྷུ་ཚིགས་ལ་དམིགས་པ་དང་། དངོས་ཚན་དཔལ་འབྱོར་གྱི་སྟོན་ཕྱོགས་མངོན་གསལ་དོད་པོ་ཡོང་བ། “གློད་སྡོམ་ཞབས་གསུམ”གྱི་སྒྱུར་བཅོས་མུ་མཐུད་ཟབ་ཏུ་གཏོང་བ། གཟིགས་སྐྱོང་སྲིད་ཇུས་ཁག་དོན་འཁྱོལ་ཡག་པོ་བཅས་བྱས་ཏེ། མཉམ་ལས་གཉིས་ཕན་གྱི་ལས་དོན་སྒྲུབ་པའི་རྣམ་པ་དང་། དྲང་བདེན་དྲང་གཞག་གི་ཁྲིམས་ལུགས་ཁོར་ཡུག སྤུས་ལེགས་ཕན་ཆེའི་སྲིད་དོན་ཁོར་ཡུག ཁ་དན་ཚིག་གནས་ཀྱི་ཡིད་རྟོན་ཁོར་ཡུག སྒོ་དབྱེ་དང་གོ་རིམ་ལྡན་པའི་ཁྲོམ་རའི་ཁོར་ཡུག་བཅས་ལ་བརྟེན་ནས་ཚོང་པར་མཐོང་ཆེན་དང་། ཉེ་བཅར། སེམས་རྣལ་དུ་ཕབ་པ། ཁེ་བཟང་ཐོབ་པ་བཅས་ཀྱི“མངོན་མེད་ཁོར་ཡུག”ཏན་ཏིག་གཏོད་པ་དང་། ལྷག་དོན་དུ་མིང་རྟགས་བཀོད་པའི་རྣམ་གྲངས་ཚང་མར“བརྒྱུད་རིམ་ཧྲིལ་པོ་ཚབ་གཉེར་དང་། ཆེད་དོན་ཞབས་ཞུ”ལག་ལེན་བསྟར་ཏེ། “རྣམ་གྲངས་གཅིག་དང་། འགོ་ཁྲིད་གཅིག ཚན་ཁག་གཅིག དམ་འཛིན་མཐར་ཕྱིན”བཅས་ཀྱི་བླང་བྱ་གཞིར་བཟུང་། རང་འགུལ་ངང་བྱ་སྤྱོད་སྤེལ་བ་དང་། སྦྲེལ་མཐུད་ཧུར་ཐག་བྱེད་པ། ནུས་ཤུགས་ཡོད་རྒུས་རྗེས་ཟིན་པ། བརྒྱུད་རིམ་ཧྲིལ་པོར་རྗེས་སྙེག་གཏོང་བ། རྣམ་གྲངས་གཅིག་ལ་བྱ་ཐབས་གཅིག་དང་ལས་དོན་གཅིག་ལ་གྲོས་མོལ་གཅིག་བཅས་བྱེད་དགོས། ཁེ་ལས་མཁས་ཅན་ཚོས་རང་ངོས་ཀྱི་ལེགས་ཆ་དེ་བོད་ཀྱི་འཕེལ་རྒྱས་ཀྱི“ནམ་དུས་ཡག་པ་དང་། ས་ས་བབ་ཡག་པ། མི་སེམས་མཐུན་པ”བཅས་དང་ཟུང་འབྲེལ་བྱས་ནས་བོད་ཀྱི་ས་གཞི་གཤིན་པོ་འདིའི་ཐོག་འཆར་གཞི་ཆེན་པོ་བཀོད་དེ་དཔལ་འབྱོར་གྱི་ཕན་འབྲས་ཆེར་གཏོང་དང་ཁེ་ལས་འཕེལ་རྒྱས་ལ“གཉིས་ཕན”ཡོང་བ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།