[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • བློ་བཟང་རྒྱལ་མཚན་གྱིས་ལྷིང་སྐྱོང་བདེ་སྲུང་གི་འཐབ་ཕྱོགས་དང་པོའི་ལས་སྒྲུབ་ལས་དོན་མི་སྣར་འཚམས་འདྲི་གནང་བ།

    ཏིང་ཡེ་ཤན་མཉམ་དུ་ཕེབས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-09-14

    ཚེས་11ཉིན་སྐབས་བཞི་པའི་བོད་ལྗོངས་འགྲེམས་ཚོགས་ཐུགས་གྲ་ལེགས་འགྲིག་ངང་མཇུག་འགྲིལ་ཞིང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་འབྲས་སྤུངས་དགོན་དང་། གཙུག་ལག་ཁང་ཐང་ཆེན། རང་སྐྱོང་ལྗོངས་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་པུའུ་བཅས་སུ་ཕེབས་ནས་བརྟན་ལྷིང་སྲུང་སྐྱོང་བདེ་སྲུང་གི་འཐབ་ཕྱོགས་དང་པོའི་ལས་སྒྲུབ་མི་སྣར་འཚམས་འདྲི་གནང་སྟེ་རང་སྐྱོང་ལྗོངས་ཏང་ཨུད་དང་ཧྲུའུ་ཅི་ཝུའུ་དབྱིང་ཅེའི་ཚབ་ཞུས་ནས་བློ་མཐུན་ཚོར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ་ལྷག་བསམ་ཟོལ་མེད་ ཀྱི་འཚམས་འདྲི་ཡང་གནང་བ་རེད། 

    ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་པུའི་སྤྱི་ཁྱབ་བཀོད་འདོམས་པ་ཏིང་ཡེ་ཤན་དང་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་པད་མ་དབང་འདུས་དང་། ལིའུ་ཅང་། ཉི་མ་ཚེ་རིང་། རྒྱལ་མཚན། སྒྲོལ་དཀར། ལེ་ཀུའེ་ལུང་། བསོད་དར་བཅས་འབྲེལ་ཡོད་བྱེད་སྒོའི་ནང་ཞུགས་ཡོད་པ་རེད། 

    འབྲས་སྤུངས་དགོན་དང་གཙུག་ལག་ཁང་ཐང་ཆེན་དུ་བློ་བཟང་རྒྱལ་མཚན་གྱིས་དགོན་སྡོད་ལས་བྱེད་པ་དང་། འཐབ་ཕྱོགས་དང་པོའི་མི་དམངས་ཉེན་རྟོག་པ།  ལས་སྒྲུབ་དཔོན་དམག་བཅས་ལ་བྱམས་བརྩེའི་ངང་ཕྱག་བཏང་གནང་ནས་འཚམས་འདྲི་ཡང་ཞུས་པ་རེད། བློ་བཟང་རྒྱལ་མཚན་གྱིས་བློ་མཐུན་ཝུའུ་དབྱིང་ཅེས་པན་ཀྲང་གནང་བའི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་རིམ་པ་ཁག་དང་སྡེ་ཚན་ཁག་དང་ཕྱོགས་ཁག་གི་བརྟན་ལྷིང་སྲུང་སྐྱོང་སྟོབས་ཤུགས་བཅས་ཀྱིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་པ་དང་འབྲེལ་རང་འགན་གཙང་སྒྲུབ་དང་ལས་གནས་བརྟན་སྲུང་གིས་དཀའ་ཚེགས་ཆེ་བའི་ཞིབ་ཕྲའི་ལས་དོན་འབོར་ཆེན་བསྒྲུབས་པ་དང་དཀའ་སྤྱད་འབད་འཐབ་བྱས་ཏེ་ཉེ་དུས་ཀྱི་ལྷིང་སྐྱོང་བདེ་སྲུང་ལས་འགན་ཕུན་སུམ་ཚོགས་པོའི་ངང་ལེགས་སྒྲུབ་བྱས་པས་ངས་འདི་གར་བློ་མཐུན་ཚོ་སྐུ་ལས་ཁག་སོང་ཞེས་ཞུ་རྒྱུ་ཡིན། ཚང་མས་ཡང་འབད་བསྐྱར་འབད་དང་། ཞབས་ཞུ་དོ་དམ་ལ་ཤུགས་སྣོན་རྒྱག་པ། བརྟན་ལྷིང་སྲུང་སྐྱོང་གི་བྱེད་ཐབས་ཁག་དམིགས་སར་འཁྱོལ་རྒྱུར་མུ་མཐུད་དམ་འཛིན་བཅས་བྱས་ཏེ་བོད་ཀྱི་དར་རྒྱས་གོང་འཕེལ་ཆེད་བདེ་འཇགས་འཆམ་མཐུན་གྱི་ཁོར་ཡུག་གཏོད་རྒྱུ་དང་བོད་ཀྱི་སྤྱི་ཚོགས་དུས་བབ་མུ་མཐུད་ཞི་མཐུན་བརྟན་ལྷིང་ཡོང་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད། 

    གཙུག་ལག་ཁང་ཐང་ཆེན་དང་བར་སྐོར་དུ་ཡུལ་སྐོར་བ་མང་ལ་སྒྲིག་ལམ་ལེགས་པས་འཆམ་མཐུན་དར་རྒྱས་ཀྱི་རྣམ་པས་ཁེངས་ཤིང་། བློ་བཟང་རྒྱལ་མཚན་གྱིས་ཕེབས་ཀྱིན་གཟིགས་ཀྱིན་དུ་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་དང་མང་ཚོགས་ལ་སྤྲོ་བ་ཟབ་མོས་ཕྱག་གཡུག་གཡུག་གནང་བ་དང་བྱམས་བརྩེའི་ངང་བཀའ་མོལ་གནང་ཡོད། ཧོ་ལན་ནས་ཡིན་པའི་ཡུལ་སྐོར་བ་ཞིག་གིས་ང་ལྷ་སར་ཡོང་ཐེངས་གཉིས་པ་ཡིན། བོད་ཀྱི་རང་བྱུང་མཛེས་ལྗོངས་དང་དམངས་སྲོལ་རིག་གནས་ཐུན་མོང་མ་ཡིན་པ་ཞིག་འདུག ང་ལ་བག་ཆགས་ཟབ་མོ་བཞག་བྱུང་ཞེས་བཤད། བློ་བཟང་རྒྱལ་མཚན་གྱིས་ཁོང་དང་ནང་མི་དང་དེ་བཞིན་གྲོགས་པོར་སླར་ཡང་བོད་ལ་ཡུལ་སྐོར་དུ་ཡོང་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད། 

    རང་སྐྱོང་ལྗོངས་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་པུའུ་རུ་བློ་བཟང་རྒྱལ་མཚན་གྱིས་བོད་ཀྱི་ད་ཆའི་དར་རྒྱས་གོང་འཕེལ་དང་ཞི་མཐུན་བརྟན་ལྷིང་གི་དུས་བབ་བཟང་པོ་ནི་ལས་སླ་པོར་ཐོབ་པ་ཞིག་མིན། བོད་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་ལ་འགོག་རྐྱེན་ཆེ་ཤོས་བཟོ་མཁན་ནི་ཏཱ་ལའི་རུ་ཚོགས་ཀྱི་ཁ་ཕྲལ་གཏོར་བཤིག་གི་བྱེད་སྤྱོད་ཡིན་པ་དུས་རྟག་ཏུ་བློ་ལ་བརྟན་པོར་ངེས་ནས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ཡུན་རིང་རང་བཞིན་དང་། རྙོག་འཛིང་རང་བཞིན། རྣོ་ངར་རང་བཞིན་བཅས་ལ་ངོས་འཛིན་གཏིང་ཟབ་བྱེད་དགོས། དུས་བབ་ཇི་ཙམ་ལེགས་སུ་ཕྱིན་ན། དེ་ཙམ་གྱིས་དོགས་ཟོན་ལ་ལྷོད་གཡེང་མི་གཏོང་བ་དང་དེ་ཙམ་གྱིས་རིགས་པ་དྭངས་གསལ་ཡོང་རྒྱུ་རྒྱུན་འཁྱོངས་བྱེད་དགོས་ཞེས་ནན་བཤད་གནང་བ་རེད། 

    བློ་བཟང་རྒྱལ་མཚན་གྱིས་ཉེན་བརྡ་རྒྱུན་སྒྲོག་དང་དུས་རྟག་ཏུ་དོགས་ཟོན་ཆེན་པོ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ་ཐོག་མཐའ་བར་གསུམ་དུ་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་དེ་དོར་ཐབས་མེད་པའི་ལས་འགན་དང་འགན་འཁྲི་ཨང་དང་པོར་བརྩིས་ཏེ་སེམས་ཁྲལ་གྱི་འདུ་ཤེས་དང་ཉེན་ཁའི་འདུ་ཤེས་ཟབ་ཏུ་གཏོང་བ་དང་བརྟན་ལྷིང་སྲུང་སྐྱོང་གི་རྩ་བ་དེ་དམ་པོར་བཟུང་ནས་རྣམ་འགྱུར་བརྟན་པོ་དང་། ནུས་ལྡན་གྱི་བྱེད་ཐབས། ཏན་ཏིག་གི་སྤྱོད་ཚུལ་བཅས་ཀྱི་སྒོ་ནས་ལྗོངས་ཡོངས་ཀྱི་ཞི་མཐུན་བརྟན་ལྷིང་འགན་ལེན་བྱེད་དགོས། དོན་འཁྱོལ་ལ་དམ་འཛིན་བྱས་ཏེ་འགན་འཁུར་གྱི་སྙིང་སྟོབས་དར་སྤེལ་གཏོང་བ་དང་དོན་འཁྱོལ་གྱི་འདུ་ཤེས་ལ་ཤུགས་སྣོན་བརྒྱབ་སྟེ་ངོས་འཛིན་དོན་ཐོག་ཏུ་འཁྱོལ་བ་དང་། བྱེད་ཐབས་དོན་ཐོག་ཏུ་འཁྱོལ་བ། འགན་འཁྲི་དོན་ཐོག་ཏུ་འཁྱོལ་བ། སྒྲིག་ཁྲིམས་དོན་ཐོག་ཏུ་འཁྱོལ་བ་བཅས་བྱས་ནས་གཏིང་ཟབ་དང་། ཞིབ་ཕྲ། ཏན་ཏིག་བཅས་ཀྱི་རྨང་གཞིའི་ལས་དོན་ཡག་པོ་སྒྲུབ་པ་དང་ཇུས་ཡག་པོ་འདོན་པ་དང་རང་འགུལ་དམག་འཐབ་ཡག་པོ་བརྒྱབ་ནས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་རང་འགུལ་དབང་ཆ་སྟངས་འཛིན་ནན་པོ་བྱེད་དགོས། ལྟ་སྐུལ་མཛུབ་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ་བརྟན་ལྷིང་སྲུང་སྐྱོང་གི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱེད་པ་དང་བཙན་ཞིང་ནན་པའི་སྒྲིག་ཁྲིམས་ཀྱི་ཐོག་ནས་བརྟན་ལྷིང་སྲུང་སྐྱོང་གི་བྱེད་ཐབས་ཁག་དོན་ཐོག་ཏུ་འཁྱོལ་རྒྱུ་འགན་ལེན་བྱེད་དགོས། ཀུན་སེམས་གཅིག་སྒྲིལ་བྱས་ཏེ“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང“ལམ་གཉིས་ཀྱི་སྙིང་སྟོབས”དར་སྤེལ་ཤུགས་ཆེན་བཏང་ནས་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་ཞིག་བྱེད་པ་དང་མངའ་ཁོངས་སྲུང་བའི་འགན་འཁྲི་ཡོད་པ་དང་། མངའ་ཁོངས་སྲུང་བའི་འགན་འཁྲི་འཁུར་བ། མངའ་ཁོངས་སྲུང་བའི་འགན་འཁྲི་གཙང་སྒྲུབ་བཅས་བྱས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་ལ་ལྷག་བསམ་རྣམ་དག་མཐའ་གཅིག་ཏུ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།