[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • བོད་ལྗོངས་ཀྱིས“ཀྲུང་གོའི་སྨན་པའི་དུས་ཆེན”ཐེངས་དང་པོར་རྟེན་འབྲེལ་ཞུས་པ།

    ཝུའུ་དབྱིང་ཅེ་དང་ཆེ་དགྲ་ལྷས་ལྗོངས་ཡོངས་ཀྱི་སྐབས་དང་པོའི་སྨན་པ་ལེགས་གྲས་བཅུ་དང་། སྨན་གཡོག་ལེགས་གྲས་བཅུ། བདེ་ཐང་སྲུང་དམག་སོགས་སྔོན་ཐོན་ལས་དོན་པའི་འཐུས་མིར་གཟིགས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-08-21

    542094_yis_1534738230666.jpg

    ཟླ་8ཚེས་19ཉིན་རང་སྐྱོང་ལྗོངས་ཀྱིས་ལྷ་སར་རྟེན་འབྲེལ་ཚོགས་ཆེན་འཚོགས་ནས་ལྗོངས་ཡོངས་ཀྱི་འཕྲོད་བསྟེན་དང་བདེ་ཐང་ཁོངས་གཏོགས་ཀྱི་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་ལ་གཟེངས་བསྟོད་བྱས་ཤིང་། ཝུའུ་དབྱིང་ཅེ་དང་ཆེ་དགྲ་ལྷ་སོགས་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་ཚོགས་འདུ་མ་འཚོག་གོང་ལྗོངས་ཡོངས་ཀྱི་སྐབས་དང་པོའི་སྨན་པ་ལེགས་གྲས་བཅུ་དང་། སྨན་གཡོག་ལེགས་གྲས་བཅུ། བདེ་ཐང་སྲུང་དམག ལྗོངས་ཡོངས་ཀྱི་འཕྲོད་བསྟེན་དང་བདེ་ཐང་ཁོངས་གཏོགས་ཀྱི་སྔོན་ཐོན་ལས་དོན་པའི་འཐུས་མི་བཅས་ལ་གཟིགས་གནང་བ།

    “ཀྲུང་གོའི་སྨན་པའི་དུས་ཆེན”ཐེངས་དང་པོར་རྟེན་འབྲེལ་ཞུ་ཆེད། ཟླ་8ཚེས་19ཉིན་གྱི་ཕྱི་དྲོ་རང་སྐྱོང་ལྗོངས་ཀྱིས་ལྷ་སར་རྟེན་འབྲེལ་ཚོགས་ཆེན་འཚོགས་ནས་ལྗོངས་ཡོངས་ཀྱི་འཕྲོད་བསྟེན་དང་བདེ་ཐང་ཁོངས་གཏོགས་ཀྱི་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་ལ་གཟེངས་བསྟོད་བྱས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་ཚོགས་འདུ་མ་འཚོག་གོང་ལྗོངས་ཡོངས་ཀྱི་སྐབས་དང་པོའི་སྨན་པ་ལེགས་གྲས་བཅུ་དང་། སྨན་གཡོག་ལེགས་གྲས་བཅུ། བདེ་ཐང་སྲུང་དམག ལྗོངས་ཡོངས་ཀྱི་འཕྲོད་བསྟེན་དང་བདེ་ཐང་ཁོངས་གཏོགས་ཀྱི་སྔོན་ཐོན་ལས་དོན་པའི་འཐུས་མི་བཅས་ལ་གཟིགས་གནང་སྟེ་ཁོང་ཚོ་བརྒྱུད་རྒྱ་ཆེའི་སྨན་དོན་མི་སྣར་དུས་ཆེན་གྱི་འཚམས་འདྲི་དང་བླ་ན་མེད་པའི་གུས་འདུད་ཞུས་པ་རེད།

    ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཏིང་ཡེ་ཤན་དང་། ཙེང་དབན་མིང་། ལིའུ་ཅང་། ལུའོ་མེ། ཝང་ཡ་ལིན་སོགས་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ལྷན་དུ་ཕེབས་ཡོད་པ་རེད།

    གཟིགས་ཞིབ་གནང་རིང་། ཝུའུ་དབྱིང་ཅེ་དང་ཆེ་དགྲ་ལྷ་སོགས་ཀྱིས་འཐུས་མི་རེ་རེ་བཞིན་ལ་ཕྱག་བཏང་གནང་བ་དང་བྱམས་བརྩེའི་གླེང་མོལ་གནང་ནས་ཚང་མའི་ལས་ཀ་དང་འཚོ་བའི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཝུའུ་དབྱིང་ཅེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཀྲུང་གོའི་སྨན་པའི་དུས་ཆེན”ཐོག་མ་འདིར་མཛུབ་སྟོན་གལ་ཆེན་གནང་བ་ལས་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གིས་འཕྲོད་བསྟེན་བདེ་ཐང་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ལུགས་དང་རྒྱ་ཆེའི་སྨན་དོན་པར་བྱམས་བརྩེའི་ཐུགས་ཁུར་གནང་ལུགས་གང་ལེགས་མཚོན་ཡོད། ལྗོངས་ཡོངས་ཀྱི་རྒྱ་ཆེའི་སྨན་དོན་མི་སྣས་ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སེམས་རྣལ་ལ་ཕབ་ནས་སློབ་སྦྱོང་དང་ཁོང་དུ་ཆུད་པར་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་བྱམས་སྐྱོང་གནང་ལུགས་སྨན་དོན་ལས་དོན་ཡག་པོ་སྒྲུབ་པའི་སྒུལ་ཤུགས་ཆེན་པོར་འགྱུར་བར་བྱེད་པ་དང་། འགན་འཁྲིའི་སེམས་པ་དང་ལས་འགན་སྒྲུབ་སེམས་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ་བྱང་ཆུབ་པའི་སྨན་བཅོས་ལག་རྩལ་དང་ཞབས་ཞུའི་རྣམ་འགྱུར་སྤུས་ལེགས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་དགོས་མཁོ་རྒྱུན་ཆད་མེད་པར་སྐོང་དགོས་ཞེས་མཛུབ་སྟོན་གནང་བ་རེད།

    ཝུའུ་དབྱིང་ཅེས་ལྗོངས་ཡོངས་ཀྱི་སྨན་བཅོས་བདེ་ཐང་ལས་དོན་ལ་ཐོབ་པའི་མངོན་གསལ་དོད་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་ཞིང་། ཁོང་གིས་ཉེ་བའི་ལོ་ཤས་རིང་། ལྗོངས་ཡོངས་ཀྱི་འཕྲོད་བསྟེན་དང་བདེ་ཐང་ཁོངས་གཏོགས་ཀྱིས་འཕྲོད་བསྟེན་དང་བདེ་ཐང་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་གཏིང་ཟབ་བྱས་ནས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བླང་བྱ་གཞིར་བཟུང་སྤྱི་པའི་འཕྲོད་བསྟེན་དང་གཞི་རྩའི་སྨན་བཅོས་ཞབས་ཞུའི་ལས་དོན་ཁག་ལ་སྐུལ་འདེད་ཧུར་ཐག་བཏང་བས་བདེ་ཐང་བོད་ལྗོངས་འཛུགས་སྐྲུན་ལ་ཕན་འབྲས་ཏན་ཏིག་ཐོན་ཡོད། རྒྱ་ཆེའི་སྨན་དོན་མི་སྣས་རང་འགན་གཙང་སྒྲུབ་དང་མཐུན་སྒྲིལ་ཡར་བརྩོན་བྱས་ཏེ་སྤྱིར་བཏང་གི་ལས་གནས་ཐོག་སྤྱིར་བཏང་མིན་པའི་གྲུབ་འབྲས་བཏོད་དེ་བྱ་སྤྱོད་དངོས་ཀྱིས“ཚེ་སྲོག་གོང་བཀུར་དང་། ནད་བཅོས་སྲོག་སྐྱོབ། ལེགས་སྐྱེས་འབུལ་འདོད་པ། བརྩེ་སེམས་ཆེན་པོ་འཆང་བ”བཅས་ཀྱི་བླ་ན་མེད་པའི་སྙིང་སྟོབས་ལག་བསྟར་བྱས་པས་གསོ་རིག་གི་རིགས་གཅིག་མཁས་ཅན་དང་མི་དམངས་ཀྱི་སྨན་པ་བཟང་པོ་འབོར་ཆེན་ཞིག་ཐོན་ཏེ་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཚོའི་བསྔགས་བརྗོད་དང་བརྩི་བཀུར་ཐོབ་ཡོད་ཅེས་གསུངས།

    ཝུའུ་དབྱིང་ཅེས“ཀྲུང་གོའི་སྨན་པའི་དུས་ཆེན”གཏན་འཁེལ་གནང་བ་ནི་ཏང་དང་མི་དམངས་ཀྱིས་སྨན་དོན་མི་སྣར་སྤྲད་པའི་དམིགས་བསལ་གྱི་གཟི་བརྗིད་མཚན་སྙན་ཞིག་ཡིན་པས་འཕྲོད་བསྟེན་དང་བདེ་ཐང་ལས་དོན་པར་ཧ་ཅང་ཆེ་བའི་གཟི་བརྗིད་དང་འགན་འཁྲི་གལ་ཆེན་ལྡན་ལུགས་མཚོན་ཡོད་ཅེས་མཛུབ་སྟོན་གནང་བ་དང་། ཁོང་གིས་ལྗོངས་ཡོངས་ཀྱི་རིམ་ཁག་འཕྲོད་བསྟེན་དང་བདེ་ཐང་ཁོངས་གཏོགས་ལ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་མཐའ་འཁྱོངས་བྱས་ཏེ་སྤྱི་པའི་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། གཞི་རྩའི་སྨན་བཅོས་འཕྲོད་བསྟེན་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། སྨན་བཅོས་ཤེས་ལྡན་མི་སྣའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ཟབ་ཏུ་བཏང་ནས་གཞི་རྩའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་དང་། སྨན་བཅོས་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། ཤེས་ལྡན་པ་ནང་འདྲེན་བྱེད་པའི་ལམ་སྲོལ་འཚོལ་ཞིབ་བྱས་ནས་འཛུགས་པ། ས་བབ་མཐོ་བའི་ས་ཁུལ་གྱི་ཤང་དང་གྲོང་རྡལ་འཕྲོད་བསྟེན་ཁང་གི་ཆེད་ལས་ལག་རྩལ་མི་སྣའི་དམིགས་བསལ་ལས་གནས་ལ་བྱ་དགའི་ཁ་གསབ་སྤྲོད་སྟངས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་བྱང་ཚད་མཐོ་བ་དང་ཆེད་ལས་ཅན་གྱི་ས་གནས་དེ་གའི་སྨན་བཅོས་འཕྲོད་བསྟེན་གྱི་ཤེས་ལྡན་མི་སྣའི་དཔུང་ཁག་ཅིག་འཛུགས་སྐྱོང་ཧུར་ཐག་བྱེད་པ། སྨན་དོན་མི་སྣའི་གཟུགས་གཞི་བདེ་ཐང་ལ་ཐུགས་ཁུར་དང་བྱམས་སྐྱོང་བྱེད་པ་དང་། གྲོང་གསེབ་ཀྱི་སྨན་པ་དང་རྒན་ཡོལ་ཞུས་པའི་སྨན་པར་འཚམས་འདྲི་དང་ཐུགས་ཁུར་མང་ཙམ་བྱས་ནས་ཁོང་ཚོར་ཏང་གི་བྱམས་སྐྱོང་དང་དྲོ་སྐྱིད་ཏན་ཏིག་ཚོར་བར་བྱེད་དགོས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་རྒྱ་ཆེའི་སྨན་དོན་མི་སྣར་རང་འགུལ་ངང་ཐུགས་ཁུར་དང་བྱམས་སྐྱོང་བྱས་ནས་དྲིལ་བསྒྲགས་སློབ་གསོའི་ལས་དོན་ཡག་པོ་བསྒྲུབས་ཏེ་སྤྱི་ཚོགས་ཡོངས་སུ་སྨན་པར་བརྩི་འཇོག་དང་འཕྲོད་བསྟེན་ལ་སྣང་ཆེན་བྱེད་པའི་རྣམ་པ་བཟང་པོ་ཞིག་ཆགས་པར་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།

    སྨན་དོན་ལས་དོན་པའི་འཐུས་མིས་དུས་རབས་གསར་པས་སྨན་དོན་མི་སྣར་འགན་འཁྲི་གསར་པ་དཀྲིས་པས་ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དོན་འཁྱོལ་ཡག་པོ་བྱས་ཏེ་ནད་བཅོས་སྲོག་སྐྱོབ་ཀྱི་བླ་ན་མེད་པའི་བྱ་གཞག་ལ་རང་འགུལ་ངང་ཞུགས་ཏེ་མི་དམངས་ལ་འཕྲོད་བསྟེན་དང་བདེ་ཐང་གི་ཞབས་འདེགས་ཡག་པོ་ཞུ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།