[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་ལྗོངས་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་སོགས་ཀྱི་ལས་དོན་ལ་ཞིབ་འཇུག་བྱས་པ།

    ​ ཝུའུ་དབྱིང་ཅེས་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-08-10

    ཚེས་8ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་གཙོ་སྐྱོང་གནང་ནས། བློ་མཐུན་ཝང་ཅི་ཚའེ་ཡི་སྔོན་ཐོན་བྱས་རྗེས་དང་པི་ཅེའི་ཚོད་ལྟའི་ཁུལ་གྱི་ལས་དོན་ཐད་ཀྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ། ཁྲིམས་འཛིན་སྒྲིག་སྲོལ་སྒྱུར་བཅོས་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་སྐུལ་འདེད་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ། ལྗོངས་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་དང་ཁྲིམས་འཛིན་སྒྲིག་སྲོལ་སྒྱུར་བཅོས་སོགས་ཀྱི་ལས་དོན་ཞིབ་འཇུག་དང་བཀོད་སྒྲིག་བཅས་གནང་བ་རེད།

    ཚོགས་འདུའི་ཐོག་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བློ་མཐུན་ཝང་ཅི་ཚའེ་ཡི་སྔོན་ཐོན་བྱས་རྗེས་ཐད་གནང་བའི་མཛུབ་སྟོན་གལ་ཆེན་དེ་ནི་བློ་མཐུན་ཝང་ཅི་ཚའེ་ཡིས་བརྟན་སྲུང་ཐད་ལེགས་སྐྱེས་ཕུལ་བར་ཁས་ལེན་གང་ལེགས་གནང་བ་ཞིག་ཡིན་པ་མ་ཟད་ཏང་ཡོན་དང་ལས་བྱེད་པ་མི་རེ་ངོ་རེར་བཏོན་གནང་བའི་ཐུགས་རེ་ཟབ་མོ་དང་བླང་བྱའང་རེད། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས“འདུ་ཤེས་བཞི”བརྟན་པོ་འཛུགས་པ་དང“གདེང་ཚོད་བཞི”བརྟན་དུ་བཏང་ནས་སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་གྱི་སྙིང་དོན་ཟབ་མོ་དང་དོན་སྙིང་འགངས་ཆེན་ལ་བློ་རྩེ་གཅིག་སྒྲིམ་ངང་གོ་བ་ལེན་པ་དང་སྤྱི་ཁྱབ་ཧྲུའུ་ཅིའི་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་དགོངས་པ་གལ་ཆེན་དང་སྤྱི་ཁྱབ་ཧྲུའུ་ཅིས་ལྷུན་རྩེ་རྫོང་ཡུལ་སྨད་ཤང་གི་མང་ཚོགས་ལ་སྤྲིངས་གནང་བའི་འཕྲིན་ལན་གྱི་དགོངས་དོན་སློབ་སྦྱོང་དང་། ལག་བསྟར། དོན་འཁྱོལ་བཅས་བྱ་རྒྱུ་དང་ཟུང་འབྲེལ་བྱས་ཏེ“བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན”བརྗོད་དོན་གཙོ་བོར་བྱས་པའི་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་ཤུགས་ཆེན་བྱེད་པ་དང་། མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་བྱ་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ། རང་ལྗོངས་ཀྱི་མཐའ་མཚམས་འཕེལ་རྒྱས་དང་། མཐའ་མཚམས་སྲ་བརྟན། མཐའ་མཚམས་བདེ་འཇགས་བཅས་ཀྱི་རྣམ་པ་གསར་པ་ཟམ་མི་ཆད་པར་གསར་གཏོད་བཅས་བྱེད་དགོས་པ་དང་། “སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོ་དང་ཟུང་འབྲེལ་བྱས་ནས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་ཁྲིད་སྟོན་གྱིས་ཕུགས་བསམ་དང་དད་སེམས་སྔར་བས་བརྟན་པོ་དང་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་བཅངས་པ་དང་། འགན་འཁྲི་ཁུར་ཕོད་པ་དང་རང་འགུལ་ངང་བྱས་རྗེས་འཇོག་པ། “གཞན་གྱིས་ཐེངས་གཅིག་བརྩོན་པ་ན་བདག་གིས་ཐེངས་བཅུ་བརྩོན་པར་བྱ་བའི”བསམ་པའི་ཉམས་འགྱུར་ལ་བརྟེན་ནས་རང་འཁྲིའི་ལས་དོན་ཡག་པོ་སྒྲུབ་པ་བཅས་བྱས་ཏེ“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང“ལམ་གཉིས་ཀྱི་སྙིང་སྟོབས”ལ་དུས་རབས་ཀྱི་སྙིང་དོན་གསར་པ་ཟམ་མི་ཆད་པར་བསྣན་དགོས། རིམ་ཁག་དྲིལ་བསྒྲགས་སྡེ་ཚན་གྱིས་གཞི་རིམ་དུ་བསྐྱོད་དེ་སྐད་གྲགས་མེད་པར་བརྟན་སྲུང་དང་། གྲོགས་མེད་ཁེར་རྐྱང་དུ་གནས་འདོད་པ། སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བ་བཅས་ཀྱི་མཐའ་སྲུང་མཐའ་བརྟན་གྱི་སྔོན་ཐོན་དཔེ་མཚོན་ཁག་གཅིག་སྔོག་འདོན་བྱས་ཏེ་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་མིག་དཔེ་དང་ཚད་ཤིང་འཛུགས་པ་དང་གྲོང་གསེབ་དར་རྒྱས་དང་མཐའ་སྲུང་མཐའ་བརྟན་ནང་ཞུགས་པ་དང་བརྟན་ལྷིང་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་བའི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་སྤྲོ་སེམས་སྔར་བས་འཕེལ་བ་བྱེད་དགོས་པ་བཅས་རེད།

    ཚོགས་འདུའི་ཐོག་གྲོང་ཁྱེར་ཁག་དང་ས་ཁུལ་ཁག་གི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་སྐོར་གྱི་གནས་ཚུལ་སྙན་སེང་གསན་པ་དང་ལྗོངས་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལས་ཀར་ཐོབ་པའི་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཕྱོགས་སྡོམ་གནང་བ་རེད། “འདུ་ཤེས་བཞི”བརྟན་པོ་འཛུགས་པ་དང“གདེང་ཚོད་བཞི”བརྟན་དུ་བཏང་སྟེ་ཆབ་སྲིད་ཀྱི་འགན་འཁྲི་ཁུར་སེམས་དང་། ལས་འགན་ཁུར་སེམས། བྱ་སྤྱོད་ཀྱི་རང་རྟོགས་བཅས་སྔར་བས་ཆེ་རུ་བཏང་ནས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་མཐའ་འཁྱོངས་བྱེད་པ་དང་། གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་ལ་དམ་འཛིན་བྱེད་པ། ལྗོངས་ཡོངས་ཀྱི་སྟོབས་ཤུགས་འདོན་པ་དང་དམངས་ཡོངས་ཀྱི་བློ་གྲོས་གཅིག་སྡུད་ཀྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་ལ་ལྷག་བསམ་ཟོལ་མེད་མཐའ་གཅིག་ཏུ་བྱེད་པའི་རྣམ་འགྱུར་བརྟན་པོའི་སྒོ་ནས་ལས་དོན་ཁག་ཡག་པོ་བསྒྲུབས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་ཐུགས་བློ་ཚིམས་པའི་རྒྱུགས་ལན་ཞིག་འབུལ་དགོས་པའི་ནན་བཤད་གནང་བ་སྟེ།  གཅིག་ནས་གང་ཐུབ་ཅི་ཐུབ་དང་། ནུས་པས་ལྕོགས་ཚོད། གྲོན་ཆུང་སྔོན་སྒྲུབ་བཅས་མཐའ་འཁྱོངས་ཀྱིས་དབུལ་སྒྲོལ་དམིགས་ཚད་ལུགས་མཐུན་ངང་གཏན་འཁེལ་བྱེད་པ་དང་། ལྟོགས་དུས་ཟས་དང་འཁྱགས་དུས་གོས་སྐྱེལ་བའི་ལས་དོན་མང་ཙམ་སྒྲུབ་པ་ལས་ཡང་རྩེའི་སྒང་ལ་ཡས་སྒྲོན་མི་རྒྱག་པར་ཕན་བདེ་ཅན་དུ་འགྱུར་དྲགས་པའི་གནད་དོན་བཀག་འགོག་མཐའ་གཅིག་ཏུ་བྱས་ཏེ“ཕན་བདེའི་གཡོ་ཐབས”དང“གཡང་གཟར་རྒྱུ་འབྲས”མི་ཐོན་པ་བྱེད་དགོས་པ་དང་། གཉིས་ནས་གཟིགས་སྐྱོང་སྲིད་ཇུས་ཁག་དོན་འཁྱོལ་ལ་སྐུལ་འདེད་ཏན་ཏིག་བཏང་ནས་བེད་སྤྱོད་ཡག་པོ་གཏོང་བ་དང་། བབ་དང་བསྟུན་ནས་གཏོང་བ། ཕན་འབྲས་ཐོན་པ་བཅས་ཀྱི་འགན་ལེན་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ལ་ཕན་འབྲས་དེ་བས་ཆེ་བ་ཐོན་རྒྱུར་སྐུལ་འདེད་གཏོང་དགོས་པ། གསུམ་ནས་དབུལ་སྒྲོལ་འགག་སྒྲོལ་ལས་དོན་དེ་གཞི་ཁྱོན་འོས་འཚམ་ལྡན་པའི་ངང་གཅིག་སྡུད་བཀོད་སྒྲིག་བྱ་རྒྱུ་དང་ཟུང་འབྲེལ་མཐའ་འཁྱོངས་ཀྱིས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཟམ་མི་ཆད་པར་ཤུགས་སྣོན་རྒྱག་པ་དང་། སྤྱི་པའི་ཞབས་ཞུའི་ཆུ་ཚད་སྔར་བས་གོང་མཐོར་བཏང་ནས་མང་ཚོགས་དབུལ་པོ་གནས་གསར་པར་སྤོ་ཐུབ་པ་དང་ཁང་པ་གསར་པའི་ནང་སྡོད་ཐུབ་པ་བྱས་ཐོག འཚོ་བ་ཡག་པོ་སྐྱེལ་རྒྱུ་ཡོང་བ་བྱེད་དགོས་པ། བཞི་ནས་དབུལ་སྐྱོར་དེ་རིག་སྐྱོར་དང་བློ་སྐྱོར་དང་ཟུང་འབྲེལ་མཐའ་འཁྱོངས་ཀྱིས་གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་ནུས་པ་དང་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པའི་གདོང་ལེན་དཔེ་བཟང་ནུས་པ་འདོན་སྤེལ་བྱས་ཏེ་ཏང་འཛུགས་སྐྱོང་གིས་དབུལ་སྐྱོར་ལ་དམ་འཛིན་ཧུར་ཐག་བྱེད་པ་དང་མི་རིགས་ཁག་གི་མང་ཚོགས་ལ་བློ་ཐག་ཆོད་པོས་སྲོག་ཤིང་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་། ཆོས་ལུགས་ལ་དཔྱོད་ཤེས་ཀྱི་ལྟ་སྟངས་འཛིན་པ། ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས་ཚེ་འདིའི་བདེ་སྐྱིད་ལྡན་པའི་འཚོ་བ་ཡག་པོ་སྐྱེལ་དགོས་པ་བཅས་ཀྱི་སློབ་གསོ་རྒྱག་པ་དང་ཁྲིད་སྟོན་བྱས་ནས་ངས་དབུལ་སྒྲོལ་བྱེད་པ་དང་། ངས་ཕྱུག་འགྱུར་བྱེད་པ། ངས་སྔོན་ལ་ཕྱུག་པོ་ཆགས་པ་བྱས་ནས་རྗེས་སུ་ཕྱུག་འགྱུར་སྣེ་ཁྲིད་པ་བྱེད་པ་བཅས་ཀྱི་རྣམ་པ་ཟབ་མོ་ཆགས་པ་བྱས་ཏེ་དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་གོམ་སྟབས་གཅིག་མཚུངས་ངང་འཕེལ་རྒྱས་འགྲོ་བའི་འགན་ལེན་བྱེད་དགོས་པ། ལྔ་ནས་ཞིང་འབྲོག་པ་གྲོང་ཁྱེར་དང་གྲོང་རྡལ་དུ་ལས་ཞུགས་དང་ཐག་ཉེ་ས་དང་སྟབས་བདེ་སར་ལས་ཞུགས་བྱེད་པ་དང་། ཕ་ཡུལ་ནས་ཁ་མི་བྲལ་བ། སྒྲུབ་ཐུབ་པ་དང་སྒྲུབ་ཤེས་པ་བཅས་ཀྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ཏེ་ཕུགས་ཕན་རྣམ་གྲངས་གལ་ཆེན་དང་མྱུར་འགྲུབ་རྣམ་གྲངས་ལག་བསྟར་ལ་སྐུལ་འདེད་གཏོང་རྒྱུ་ཟུང་འབྲེལ་མཐའ་འཁྱོངས་ཀྱིས་བོད་སྐྱོར་གྱི་ལེགས་ཆ་འདོན་སྤེལ་བྱས་ནས་ཞིང་ལས་འཚམ་པར་ཞིང་ལས་བྱེད་པ་དང་། འབྲོག་ལས་འཚམ་པར་འབྲོག་ལས་བྱེད་པ། ནགས་ལས་འཚམ་པར་ནགས་ལས་བྱེད་པ་བཅས་བྱས་ཐོག་ཡུལ་བབ་དང་བསྟུན་ནས་ཁྱད་ལྡན་ཐོན་ལས་དང་འཇོན་ཐང་ཅན་གྱི་དཔལ་འབྱོར་འཕེལ་རྒྱས་གཏོང་བ་དང་རྩལ་ནུས་གསོ་སྦྱོང་ལ་ཤུགས་སྣོན་བརྒྱབ་ནས་མང་ཚོགས་དབུལ་པོར་ལག་རྩལ་སྣ་གཅིག་ཡོད་པ་དང་ཁྱིམ་དང་ཕ་ཡུལ་ནས་ཁ་མི་དགོས་པར་ཐོན་ལས་འཕེལ་རྒྱས་ནང་ཞུགས་ནས་རྒྱུན་སྲིང་དང་ཡུན་རིང་གི་འབབ་འཕར་ཡོང་བ་བྱེད་དགོས་པ། དྲུག་ནས་སྣོད་བཅུད་སྲུང་སྐྱོང་དང་དམངས་ཕྱུག་དམངས་ཕན་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ཏེ་སྣོད་བཅུད་དབུལ་སྐྱོར་ཐོན་ལས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་སྣོད་བཅུད་སྲུང་སྐྱོང་བྱེད་མཁན་རྫོང་དབུལ་པོ་དང་། གྲོང་ཚོ་དབུལ་པོ། དུད་ཚང་དབུལ་པོ་བཅས་ལ་ཕན་པ་དེ་བས་མང་བ་ཐོབ་ཐབས་བྱེད་དགོས་པ། བདུན་ནས་གདིང་གཞི་གསལ་རྟོགས་དང་། འགན་ལེན་བྱེད་དགོས་རིགས་ལ་འགན་ལེན་གང་ཐུབ་བྱེད་པ། མཐའ་ཚད་སྐྱོང་བ་བཅས་མཐའ་འཁྱོངས་ཀྱིས་སྤྱི་ཚོགས་ཕན་བདེ་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་སྤྱི་ཚོགས་འགན་ལེན་གྱི་དབུལ་སྒྲོལ་ལ་མུ་མཐུད་སྐུལ་འདེད་གཏོང་དགོས་པ། བརྒྱད་ནས་ལས་ཀའི་སྤྱོད་ཚུལ་ལ་འགྱུར་ལྡོག་བཏང་སྟེ་དབུལ་སྐྱོར་ཁྱབ་ཁོངས་ཀྱི་རུལ་སུངས་དང་སྤྱོད་ཚུལ་གནད་དོན་གྱི་ཆེད་དོན་བཅོས་སྐྱོང་ཧུར་ཐག་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་ཆེད་སྤྱོད་བཟང་གཞུང་དྲང་གི་ཆབ་སྲིད་ཁོར་ཡུག་གཏོད་དགོས་པ་བཅས་རེད།

    ཚོགས་འདུའི་ཐོག ཁྲིམས་འཛིན་སྒྲིག་སྲོལ་སྒྱུར་བཅོས་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་སྐུལ་འདེད་ཚོགས་འདུས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་བྱས་པ་དང་། ལྗོངས་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་གིས་དུས་རབས་གསར་པའི་ཁྲིམས་འཛིན་སྒྲིག་སྲོལ་སྒྱུར་བཅོས་ཀྱི་དོན་སྙིང་འགངས་ཆེན་དང་། ཡང་དག་པའི་ཁ་ཕྱོགས། ལས་འགན་གཙོ་བོ། ཚན་རིག་དང་མཐུན་པའི་བྱེད་ཐབས་བཅས་ཁོང་དུ་ཡང་དག་ཆུད་པ་བྱས་ཏེ་ཏང་གིས་སྲིད་ཁྲིམས་ལས་དོན་ལ་འགོ་ཁྲིད་གཙང་བཙན་བྱ་རྒྱུར་གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་སྒྱུར་བཅོས་བྱ་རྒྱུ་དེ་ཡང་དག་པའི་ཁ་ཕྱོགས་སུ་མདུན་སྐྱོད་ཐུབ་པའི་འགན་ལེན་བྱེད་དགོས་པ་དང་། བོད་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཀྱི་སྤྱིའི་དམིགས་ཚད་དེར་དམ་པོར་དམིགས་ནས་དམངས་འཚོ་ལེགས་གཏོང་དང་། མི་སེམས་གཅིག་སྒྲིལ་གྱི་འགོ་འཛུགས་ས་དང་དོན་ལ་བབས་སར་སྟངས་འཛིན་ནན་པོ་བྱས་ཏེ་མི་དམངས་ཀྱི་ཁེ་ཕན་གོང་དུ་འཇོག་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་པ་དང་། ཁྲིམས་སྐྱོང་བོད་ལྗོངས་འཛུགས་སྐྲུན་ཤུགས་ཆེན་བྱས་ཏེ་སྤྱི་ཚོགས་བདེ་འཇགས་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་གསར་གཏོད་ལ་སྐུལ་འདེད་ཟམ་མི་ཆད་པ་གཏོང་བ་དང་སྒྱུར་བཅོས་ཁག་ལ་གཟབ་ནན་ངང་སྐུལ་འདེད་བཏང་སྟེ་སྒྱུར་བཅོས་ཀྱི་ལས་འགན་ཁག་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་བྱེད་དགོས་ཞེས་བསྟན་གནང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།