[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • བོད་ལྗོངས་ཡོངས་ཀྱི་གྲོང་གསེབ་ཀྱི་བསམ་པའི་དཔལ་ཡོན་སྲོལ་གཏོད་ལས་ཀའི་ཉམས་མྱོང་སྤེལ་རེས་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-08-08

    ཚེས་6ཉིན་གྱི་སྔ་དྲོ། ལྷ་སར་ལྗོངས་ཡོངས་ཀྱི་གྲོང་གསེབ་ཀྱི་བསམ་པའི་དཔལ་ཡོན་སྲོལ་གཏོད་ལས་ཀའི་ཉམས་མྱོང་སྤེལ་རེས་ཚོགས་འདུ་འཚོགས་ནས་རང་ལྗོངས་ཀྱི་དུས་རབས་གསར་པའི་ཞིང་འབྲོག་ཁུལ་གྱི་བསམ་པའི་དཔལ་ཡོན་སྲོལ་གཏོད་དང་རེས་སྐོར་གསར་པའི་ཤེས་དཔལ་གྲོང་ཚོ་དང་གྲོང་རྡལ་གཏོད་པའི་ལས་དོན་ལ་བཀོད་སྒྲིག་བྱས་པ་རེད།

    ཚོགས་འདུའི་ཐོག་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོང་གསེབ་ཀྱི“དཔལ་ཡོན་གཉིས”སྲོལ་གཏོད་ལ་ཚད་མཐོའི་མཐོང་ཆེན་གནང་ནས་དགོངས་པ་གལ་ཆེན་དང་རྣམ་བཤད་གལ་ཆེན་རབ་དང་རིམ་པ་བཏོན་གནང་བ་དང་སྦྲགས་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་གནང་ཡོད། དེ་ཐོག་ནས་གྲོང་གསེབ་ཀྱི་བསམ་པའི་དཔལ་ཡོན་སྲོལ་གཏོད་ཀྱི་འཐབ་ཇུས་ཀྱི་དོན་སྙིང་གང་ལེགས་མངོན་ཞིང་། ང་ཚོས་འབྲེལ་ཡོད་ལས་དོན་ཡག་པོ་སྒྲུབ་པར་དམིགས་ཚད་དང་ཁ་ཕྱོགས་གསལ་སྟོན་གནང་ཡོད་ལ། ལས་འགན་དང་བླང་བྱ་ཡང་བཏོན་གནང་ཡོད། དེ་ནི་དུས་རབས་གསར་པར་འབྲེལ་ཡོད་ལས་དོན་ཡག་པོ་སྒྲུབ་པའི་གཞི་འཛིན་ས་གཙོ་བོ་ཞིག་རེད། ད་ཆ་གྲོང་གསེབ་ཀྱི་བསམ་པའི་དཔལ་ཡོན་སྲོལ་གཏོད་ཐད་གོམ་སྟབས་གསར་པ་སྤོས་ནས་རྣམ་པ་གསར་པ་ཞིག་མངོན་བཞིན་ཡོད། ལྗོངས་ཏང་ཨུད་ཀྱིས་ཞིང་འབྲོག་ཁུལ་གྱི་བསམ་པའི་དཔལ་ཡོན་སྲོལ་གཏོད་ལ་མཐོང་ཧ་ཅང་ཆེན་པོ་གནང་སྟེ། ཞིབ་འཇུག་དང་བཀོད་སྒྲིག་ཡང་ཡང་གནང་བས་རང་ལྗོངས་ཀྱི་འབྲེལ་ཡོད་ལས་དོན་ལ་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད་པ་རེད།

    ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བསམ་བློར་དྲག་ཆས་སྤྲས་ཏེ། ཞིང་འབྲོག་ཁུལ་གྱི་བསམ་པའི་དཔལ་ཡོན་སྲོལ་གཏོད་ལས་དོན་ཡག་པོ་སྒྲུབ་པའི་དགོས་གཏུགས་ཀྱི་བསམ་པ་དང་འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་དགོས་པ་དང་། རང་ལྗོངས་ཀྱི་གྲོང་གསེབ་ཀྱི་བསམ་པའི་དཔལ་ཡོན་སྲོལ་གཏོད་ཁྲོད་གནས་པའི་གནད་དོན་སྟོན་ཕྱོགས་སུ་བྱས་ཏེ། ཞིང་འབྲོག་ཁུལ་གྱི་བསམ་པའི་དཔལ་ཡོན་སྲོལ་གཏོད་ཀྱི་བྱེད་སྒོ་ཁག་སྤེལ་རྒྱུར་དམ་འཛིན་ཏན་ཏིག་བྱེད་དགོས། སྟོབས་ཤུཌ་སྣ་ཚོཌ་སྐུལ་སློང་གིས་ལས་ཀར་ཞུགས་རྒྱུ་གཙོ་གནད་དུ་བྱས་ནས། ཞིང་འབྲོག་ཁུལ་གྱི་བསམ་པའི་དཔལ་ཡོན་སྲོལ་གཏོད་ལ་སྔར་བས་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།