[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • བོད་རང་སྐྱོང་ལྗོངས་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་པུས་བརྙན་ལམ་ཚོགས་འདུ་འཚོགས་པ།

    ཏིང་ཡེ་ཤན་ཚོགས་འདུར་ཕེབས་ནས་གསུང་བཤད་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-04-16

    ཚེས་13ཉིན་གྱི་ཕྱི་དྲོ་རང་སྐྱོང་ལྗོངས་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་པུས་བརྙན་ལམ་ཚོགས་འདུ་འཚོགས་ནས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་དབང་དབྱང་གི་མཆན་འགོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་ནན་ཏན་དང་། ཧྲུའུ་ཅི་ཝུའུ་དབྱིང་ཅེའི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་ལག་བསྟར། བརྟན་ལྷིང་སྲུང་སྐྱོང་ལས་དོན་གྱི་ཉམས་མྱོང་དང་བྱ་ཐབས་ཕྱོགས་སྡོམ། མིག་སྔའི་དུས་བབ་ལ་དབྱེ་ཞིབ་བཅས་བྱས་ནས་གོམ་སྟབས་རྗེས་མའི་ལྗོངས་ཡོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་ལས་དོན་དང་ལྷག་པར་དུ་བརྟན་ལྷིང་སྲུང་སྐྱོང་ལས་དོན་གྱི་ཕུགས་ཕན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུར་བཀོད་སྒྲིག་བྱས་ཡོད་པ་རེད།

    ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ལྗོངས་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་པུའི་སྤྱི་ཁྱབ་བཀོད་འདོམས་པ་ཏིང་ཡེ་ཤན་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

    ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ནོར་བུ་དོན་གྲུབ་དང་། ཙེང་དབན་མིང་། ཅང་ཅེ་བཅས་ཚོགས་འདུར་ཕེབས་ཡོད་པ་རེད།

    ཏིང་ཡེ་ཤན་གྱིས་ཉེ་བའི་དུས་ཚོད་ནང་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་སྲིད་རྩ་འཛུགས་དང་། བརྟན་ལྷིང་སྲུང་སྐྱོང་གི་ཆེད་དོན་ཚན་ཁག ཕྱོགས་ཁག་གི་བརྟན་ལྷིང་སྲུང་སྐྱོང་སྟོབས་ཤུགས་བཅས་ཀྱིས་ལྗོངས་ཏང་ཨུད་ཀྱི་བརྟན་ལྷིང་སྲུང་སྐྱོང་ལས་དོན་གྱི་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་དང་ཧྲུའུ་ཅི་ཝུའུ་དབྱིང་ཅེའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་པ་དང་། ལོ་འཁོར་མོའི་བརྟན་ལྷིང་སྲུང་སྐྱོང་ལས་དོན་གྱི་སྤྱིའི་དམིགས་ཚད་ལ་དམ་པོར་དམིགས་ནས་རྒྱུན་རྣམ་འོག་གི་བརྟན་ལྷིང་སྲུང་སྐྱོང་ལས་དོན་ཡག་པོ་བསྒྲུབ་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། དམངས་འཚོ་འགན་སྲུང་དང་ལེགས་སུ་གཏོང་བ། སྤྱི་ཚོགས་བཅོས་སྐྱོང་གི“མཐོར་གཏོང་བདུན”ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ལས་དོན་དང་ཟུང་འབྲེལ་དམ་ཟབ་བྱས་པས་རང་ལྗོངས་ཀྱི་ཞི་མཐུན་བརྟན་ལྷིང་གི་རྣམ་པ་ཡག་པོ་སྔར་བས་སྲ་བརྟན་དང་འཕེལ་རྒྱས་ཕྱིན་ཡོད་ཅེས་གསུངས་པ་རེད།

    ཏིང་ཡེ་ཤན་གྱིས་ལྗོངས་ཡོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་འཐབ་ཕྱོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཐའ་སྐྱོང་བོད་བརྟན་གྱི་ཐབས་ཇུས་དགོངས་པ་གལ་ཆེན་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱིའི་བླང་བྱ། འཐབ་ཕྱོགས་གཅིག་གྱུར་དང་མི་རིགས་ལས་དོན་སྐོར་གྱི་དགོངས་པ་གལ་ཆེན་བཅས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་དགོས་པ་དང་། སྤྱི་ཡོངས་ཀྱི་རྒྱལ་ཁབ་ཀྱི་བདེ་འཇགས་ལྟ་བ་མཐའ་འཁྱོངས་དང་། སྤྱི་ཚོགས་བཅོས་སྐྱོང་གི“མཐོར་གཏོང་བདུན”ལ་སྐུལ་འདེད་གཏོང་རྒྱུར་དམ་པོར་དམིགས་ནས་ཁོངས་གཏོགས་ས་ཆའི་འགན་འཁྲིའི་ལམ་སྲོལ་དང་། སྡེ་ཚན་ཁག་གི་རང་འགན་རང་འཁུར་ལམ་སྲོལ། དགོན་སྡེ་ཁྲིམས་བཞིན་དོ་དམ་ལམ་སྲོལ། འགལ་ཟླ་གྲལ་བཤེར་འདུམ་འགྲིག་ལམ་སྲོལ། གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ལམ་སྲོལ། ས་ཁོངས་མཉམ་ལས་ལམ་སྲོལ། ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་ལམ་སྲོལ། དཔྱད་ཞིབ་གདེང་འཇོག་ལམ་སྲོལ་བཅས་སྔར་བས་འཐུས་སྒོ་ཚང་དུ་དང་ལེགས་སུ་བཏང་སྟེ་རྨང་གཞིའི་རང་བཞིན་དང་འབྱུང་རྩའི་རང་བཞིན་གྱི་གནད་དོན་དུས་བསྟུན་འཕེལ་རྒྱས་ཀྱིས་ཐག་གཅོད་ཡག་པོ་བྱས་ནས་བརྟན་ལྷིང་སྲུང་སྐྱོང་ལས་དོན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་གོང་མཐོར་གཏོང་བ་དང་། དུས་རབས་གསར་པའི་རང་ལྗོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་ལས་ཀའི་གཟེངས་སུ་ཐོན་པའི་གྲུབ་འབྲས་ལ་བརྟེན་ནས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་ཕྱོགས་ཡོངས་ནས་མགྱོགས་མྱུར་བསྐྲུན་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་པའི་བླང་བྱ་བཏོན་གནང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།