[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ཏིང་ཡེ་ཤན་གྱིས་ལྷ་སར་བརྟན་ལྷིང་སྲུང་སྐྱོང་དང་བདེ་སྲུང་གི་ལས་དོན་ལ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-03-12

    ཚེས་10ཉིན་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ། ལྗོངས་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་པུའི་སྤྱི་ཁྱབ་བཀོད་འདོམས་པ་ཏིང་ཡེ་ཤན་གྱིས་ལྷ་སར་བརྟན་ལྷིང་སྲུང་སྐྱོང་དང་བདེ་སྲུང་གི་ལས་དོན་ལ་བརྟག་ཞིབ་གནང་སྐབས། ཆབ་སྲིད་ལ་སྣང་ཆེན་དང་སྤྱི་ཡོངས་ལ་ལྟ་རྟོག་བྱེད་པའི་མཐོ་ཚད་ཀྱི་ཐོག་ནས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། འགན་ནུས་གཙང་སྒྲུབ་དང་འགན་འཁྲིར་ངོ་མི་གནོང་བ་བྱས་ཏེ་སྤྱི་ཚོགས་སྤྱི་ཡོངས་རྒྱུན་མཐུད་བརྟན་ལྷིང་དང་། ཡུན་རིང་བརྟན་ལྷིང་། ཁྱོན་ཡོངས་བརྟན་ལྷིང་བཅས་འགན་ལེན་བྱེད་པའི་གཡུར་ཟའི་གྲུབ་འབྲས་ཀྱི་ཐོག་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་ཐུགས་བློ་བདེ་པོ་ཡོང་བ་དང་། ལྗོངས་ཏང་ཨུད་ཐུགས་བློ་བདེ་པོ་ཡོང་བ། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་བློ་ཡིད་ཚིམ་པ་བཅས་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    ར་ས་འཕྲུལ་སྣང་གཙུག་ལག་ཁང་གི་ཐང་ཆེན་དང་བར་སྐོར་ཁྲོམ་གཞུང་རྒྱུད་ཀྱི་ལས་སྒྲུབ་ས་ཚིགས་དང་། བར་སྐོར་གནའ་གྲོང་སྤྱི་བདེ་ཅུས། ར་མོ་ཆེ་གཙུག་ལག་ཁང་། ཕོ་བྲང་པོ་ཏ་ལ། ཕོ་བྲང་པོ་ཏ་ལའི་ཐང་ཆེན་གྱི་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་བཅས་སུ་ཏིང་ཡེ་ཤན་ཕེབས་ནས་མི་རིགས་ཁག་གི་མང་ཚོགས་དང་བྱམས་བརྩེའི་ངང་གླེང་མོལ་གནང་བ་དང་ལས་སྒྲུབ་མི་སྣ་རེ་རེ་བཞིན་དང་ཕྱག་བཏང་གནང་བ་མ་ཟད། ད་དུང་བརྟན་ལྷིང་སྲུང་སྐྱོང་དང་བདེ་སྲུང་གི་བྱ་ཐབས་དོན་འཁྱོལ་གནས་ཚུལ་བཀའ་འདྲི་ཞིབ་ཕྲའང་གནང་བ་དང་། རིམ་པ་ཁག་དང་ཕྱོགས་ཁག་གི་བརྟན་ལྷིང་སྲུང་སྐྱོང་སྟོབས་ཤུགས་ཀྱིས་མིག་སྔའི་བརྟན་ལྷིང་སྲུང་སྐྱོང་ལས་དོན་ཡག་པོ་བསྒྲུབ་པའི་ཐད་བསམ་བློའི་ཐད་ཚད་མཐོའི་མཐོང་ཆེན་དང་། བྱ་ཐབས་དོན་འཁྱོལ་ནུས་ལྡན། བྱ་སྤྱོད་འཕྲལ་ཐག་ཆོད་པ་བཅས་བྱས་པས་ལྗོངས་ཡོངས་ཀྱི་སྤྱི་ཚོགས་ཀྱི་སྤྱི་ཡོངས་ཞི་མཐུན་བརྟན་ལྷིང་བྱུང་བར་ཁས་ལེན་གང་ལེགས་གནང་བ་རེད།

    ཏིང་ཡེ་ཤན་གྱིས་རིམ་པ་ཁག་དང་ཕྱོགས་ཁག་གི་བརྟན་ལྷིང་སྲུང་སྐྱོང་སྟོབས་ཤུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་། ལྗོངས་ཏང་ཨུད་དང་སྲིད་གཞུང་དང་། ལྗོངས་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་པུའི་ལས་དོན་ཁག་གི་བླང་བྱ་ལག་བསྟར་དོན་འཁྱོལ་བྱེད་པ། རྒྱལ་ཁབ་ཀྱི་སྤྱི་ཡོངས་ཀྱི་བདེ་འཇགས་ལྟ་བ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་བཅས་བྱས་ཏེ་མི་དམངས་ཀྱི་བདེ་འཇགས་དམིགས་ཡུལ་དུ་འཛིན་པ་དང་། ཆབ་སྲིད་ཀྱི་བདེ་འཇགས་རྩ་བར་འཛིན་པ། མ་བྱུང་སྔོན་འགོག་རྩ་དོན་དུ་བྱེད་པ། གནད་དོན་ཆེན་པོ་མི་ཐོན་རྒྱུ་རྨང་གཞིར་བྱེད་པ་བཅས་བྱས་ནས་བདེ་སྡོད་ཉེན་བསམ་དང་ཉེན་རྟོགས་བདེ་གཞོལ་གྱིས་བརྟན་ལྷིང་སྲུང་སྐྱོང་གི་རྩ་བ་དེ་ཐོག་མཐའ་བར་གསུམ་དུ་དམ་པོར་བསྲུངས་ཏེ་བརྟན་ལྷིང་སྲུང་སྐྱོང་དང་བདེ་སྲུང་གི་ལས་འགན་ཁག་བདེ་བླག་ངང་ལེགས་སྒྲུབ་བྱེད་དགོས་པ་དང་། གྲ་སྒྲིག་ཨང་གསར་དང་དོགས་ཟོན་ནན་པོ་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་དང་སྤྱི་ཚོགས་སྤྱི་ཡོངས་ཀྱི་ཞི་མཐུན་བརྟན་ལྷིང་ལ་སྲུང་སྐྱོང་ཏན་ཏིག་བྱེད་དགོས་པ། ལས་སྒྲུབ་ལས་གྲབས་ལ་ཤུགས་སྣོན་རྒྱག་པ་དང་ཐོལ་བྱུང་དོན་རྐྱེན་འཕྲལ་སྡོམ་ཐག་གཅོད་བྱེད་པའི་གྲ་སྒྲིག་ཡག་པོ་བྱས་ཏེ་འགན་འཁྲི་འཁུར་ཕོད་པ་བྱེད་དགོས་པ། ཞབས་ཞུའི་འདུ་ཤེས་ཟབ་ཏུ་བཏང་ནས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་སྔར་བས་དོན་འཁྱོལ་བྱེད་པ་དང་། ཁྲིད་སྟོན་དང་། ཞབས་ཞུ། དོ་དམ་སོགས་ཀྱི་ལས་དོན་ཏན་ཏིག་དང་ཞིབ་ཚགས་ངང་བསྒྲུབས་ཏེ་བདེ་འཇགས་ཞི་མཐུན་གྱི་ཁོར་ཡུག་བཟང་པོ་གཏོད་དགོས་པའི་ནན་བཤད་གནང་བ་རེད།

    ཏིང་ཡེ་ཤན་གྱིས་རྒྱ་ཆེའི་དགེ་འདུན་ཚོས་ཆོས་ལུགས་འཕེལ་རྒྱས་ཀྱི་ཆོས་ཉིད་ཁོང་དུ་ཡང་དག་ཆུད་པ་དང་བརྩི་སྲུང་ཞུས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་གནང་བའི“ཆབ་སྲིད་ཐད་བློས་འགེལ་ཆོག་པ་དང་། ཆོས་ལུགས་ཐད་ཡོན་ཚད་ལྡན་པ། ཀུན་སྤྱོད་ཐད་ཀུན་གྱིས་བཀུར་བ། འགག་རྩའི་དུས་སུ་ནུས་པ་ཐོན་པ”བཅས་ཀྱི་བླང་བྱ་སློབ་སྦྱོང་ནན་ཏན་དང་ལག་ལེན་ཧུར་ཐག་བསྟར་བ་དང་། བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་བསྟན་དོན་དང་འདུལ་ཁྲིམས་ལ་དུས་རབས་ཡར་ཐོན་གྱི་བླང་བྱ་དང་འཚམ་པའི་དགོངས་འགྲེལ་བྱ་རྒྱུར་ཤུགས་སྣོན་རྒྱག་པ། བླ་མ་སྐྱེས་ཆེན་རིམ་བྱུང་གི་རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་དར་སྤེལ་གཏོང་བ་བཅས་བྱས་ནས་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ལེགས་ལ་མྱུར་བའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་གཞོགས་འདེགས་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།