[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ཀྲའོ་ལེ་ཅི་བོད་ཀྱི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས།

    སྤྱོད་ཚུལ་འཛུགས་སྐྱོང་གི་གྲུབ་འབྲས་གསར་པ་སྤྱད་དེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་རྒྱུར་དྲང་ནུས་ཆེན་པོ་གཅིག་ཏུ་སྒྲིལ་དགོས་པའི་ནན་བཤད་གནང་བ།

    ཝུའུ་དབྱིང་ཅེ་དང་། ཀྲའོ་ཁེ་ཀྲི པད་མ་འཕྲིན་ལས། བློ་བཟང་རྒྱལ་མཚན། ཆེ་དགྲ་ལྷ་བཅས་ཞུགས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-03-12

    489681_yis_1520745252021.jpg

    འདི་ནི་ཟླ་3ཚེས་10ཉིན་གྱི་སྔ་དྲོ་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཧྲུའུ་ཅི་ཀྲའོ་ལེ་ཅི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོའི་བོད་ཀྱི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་པའི་གནས་ཚུལ་ཡིན་པ།

    489682_yis_1520745252957.jpg

    འདི་ནི་ཟླ་3ཚེས་10ཉིན་གྱི་སྔ་དྲོ་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཧྲུའུ་ཅི་ཀྲའོ་ལེ་ཅི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོའི་བོད་ཀྱི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་པའི་གནས་ཚུལ་ཡིན་པ།

    ཛཟླ་3ཚེས་10ཉིན་གྱི་སྔ་དྲོ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོའི་བོད་ཀྱི་འཐུས་མི་ཚོགས་པས་ཚང་འཛོམས་གྲོས་ཚོགས་འཚོགས་ཏེ་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་སྒྲོན་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་སྒྲོན་ལ་གྲོས་ཞིབ་བྱས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཧྲུའུ་ཅི་ཀྲའོ་ལེ་ཅིས་བོད་ཀྱི་འཐུས་མི་ཚོགས་པའི་འཐུས་མི་ཚོ་དང་ལྷན་དུ་གྲོས་ཞིབ་གནང་བ་རེད།

    བོད་ཀྱི་འཐུས་མི་ཚོགས་པའི་ཚོགས་གཙོ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གཏམ་བཤད་ཀྱང་གནང་བ་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཀྲའོ་ཁེ་ཀྲི་དང་པད་མ་འཕྲིན་ལས་ཞུགས་པ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་བློ་བཟང་རྒྱལ་མཚན་དང་། ཆེ་དགྲ་ལྷ། ཚེ་རིང་མཚོ་བརྟན། ཕུན་ཚོགས་སོགས་ཀྱིས་སྔ་རྗེས་སུ་གཏམ་བཤད་གནང་བ་རེད།

    འཐུས་མི་ཚོས“ཁང་གཉིས”ཀྱི་ལས་དོན་སྙན་སྒྲོན་ལས་ཏང་གིས་ཕྱོགས་ཡོངས་ལ་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་པ་མངོན་པ་དང་ལོ་ལྔའི་རིང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་བློ་བརྟན་འགྱུར་མེད་ཀྱི་འགོ་ཁྲིད་འོག ཀྲུང་གོའི་ཁྲིམས་འཛིན་བྱ་གཞག་ལ་ཐོབ་པའི་ཡར་རྒྱས་ཆེན་པོ་དང་འཕེལ་རྒྱས་མྱུར་པོ་མངོན་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་ཞབས་ཞུ་དང་འགན་ལེན་བྱ་ཆེད་དགེ་མཚན་ལྡན་པའི་ལེགས་སྐྱེས་ཕུལ་བས་སྙན་སྒྲོན་དེ་གཉིས་ལ་རྦད་དེ་མོས་མཐུན་བྱ་རྒྱུའི་ངོས་འཛིན་གནང་བ་རེད།

    འཐུས་མི་ཚོའི་གཏམ་བཤད་གསན་རྗེས་ཀྲའོ་ལེ་ཅིས་ཏང་གི་སྤྱོད་ཚུལ་ལེགས་ཉེས་དེ་བློ་ཁ་གང་དུ་ཕྱོགས་མིན་དང་འབྲེལ་བ་ཡོད་ལ་ཏང་འཆི་གསོན་ཆགས་འཇིག་གང་ཡོང་དང་ཡང་འབྲེལ་བ་ཡོད། དེས་ན་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་། སྤྱོད་ཚུལ་འཛུགས་སྐྱོང་སྐོར་གྱི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་བཀོད་སྒྲིག་བླང་བྱ་ལག་ལེན་གཏིང་ཟབ་བསྟར་ཏེ“སྤྱོད་ཚུལ་བཞིའི”གནད་དོན་ཡོ་བསྲང་བྱ་རྒྱུ་དང་སྤྱོད་ཚུལ་ལེགས་སུ་གཏོང་མཚམས་མི་འཇོག་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཏན་ཏན་ཏིག་ཏིག་གིས་ལས་ཀ་དང་སྙིང་རུས་གཏན་འཁྱོངས་བྱེད་པ། དམིགས་བསལ་གྱི་དབང་ཆའི་བསམ་བློ་དང་དམིགས་བསལ་གྱི་དབང་ཆའི་སྣང་ཚུལ་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་མངོན་མེད་ངོ་འགྱུར་གྱི་གནད་དོན་བཅོས་སྒྲིག་མཐའ་གཅིག་ཏུ་བྱེད་པ། དགོས་པའི་ལས་མི་བྱེད་པར་མི་དགོས་པའི་ལས་རྙོག་བཟོ་བ་དང་ལས་ཀ་གང་བྱུང་བྱེད་པའི་གནད་དོན་ཡོ་བསྲང་མཐའ་གཅིག་ཏུ་བྱེད་པ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་བྱས་པའི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་བ་བཅས་ལས་སྤྱོད་ཚུལ་གྱི་གནད་དོན་བསྐྱར་དུ་གཏན་ནས་མི་ཐོན་པ་བྱེད་དགོས། དམ་འཛིན་ནན་པོ་དང་ལྷོད་གཡེང་སྤུ་ཙམ་ཡང་མི་གཏོང་བར་གནད་དོན་རེ་རེ་བཞིན་ཐག་གཅོད་བྱེད་པ་དང་། མཚམས་ཚིགས་རེ་རེ་བཞིན་བརྟན་པོ་བསྲུངས་ནས་གོམས་གཤིས་འཇགས་པ་དང་གོམས་སྲོལ་ཆགས་པ་བྱེད་དགོས། མང་ཚོགས་ཀྱི་བསམ་འཆར་རྒྱ་ཁྱབ་ངང་ཉན་ནས་གནད་དོན་གང་ཞིག་ཐོན་ཕྱིན་དེ་ཐག་གཅོད་བྱེད་པ་དང་། གནད་དོན་གང་ཞིག་མངོན་གསལ་དོད་ཕྱིན་དེ་བཅོས་སྒྲིག་བྱས་ནས་སྤྱོད་ཚུལ་འཛུགས་སྐྱོང་གི་གྲུབ་འབྲས་གསར་པར་བརྟེན་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི་དྲང་ནུས་ཧ་ཅང་ཆེན་པོ་ཞིག་གཅིག་སྒྲིལ་ཐུབ་པ་བྱེད་དགོས་ཞེས་གསུངས་པ་རེད།

    ཝུའུ་དབྱིང་ཅེས་ཚོགས་འདུ་གཙོ་སྐྱོང་གནང་སྐབས་བློ་མཐུན་ཀྲའོ་ལེ་ཅིའི་གསུང་བཤད་གལ་ཆེན་ནི་ང་ཚོར་བསྔགས་སྐུལ་དང་སྐུལ་ལྕག་གནང་བ་ཞིག་ཡིན། ང་ཚོས་ངེས་པར་དུ“འདུ་ཤེས་བཞི”བརྟན་པོ་འཛུགས་པ་དང“གདེང་ཚོད་བཞི”བརྟན་དུ་བཏང་སྟེ་སྔ་ཕྱི་བར་གསུམ་དུ“བརྟན་པོ་འཛུགས་དགོས་པ་གསུམ”ཐུབ་པ་བྱས་ཏེ་ནམ་ཡང་ཚར་དུས་མེད་པའི་བློ་སྟོབས་དང་སྙིང་རུས་ཐོག་ནས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་དེ་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་གཏོང་བ་དང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་ལ་ལྷག་བསམ་རྣམ་དག་མཐའ་གཅིག་ཏུ་བྱེད་པའི་བྱ་སྤྱོད་ངོ་མའི་ཐོག་ནས་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཀྱི་ལས་དོན་ཁག་ཡག་པོ་བསྒྲུབས་ཏེ་ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་དང་རྒྱལ་ཡོངས་མི་དམངས་ལ་བློ་ཡིད་ཚིམ་པའི་དུས་རབས་ཀྱི་རྒྱུགས་ལན་ཞིག་འབུལ་དགོས་ཞེས་གསུངས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།