[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ཝུའུ་དབྱིང་ཅེས་བོད་སྡོད་དཔུང་སྡེ་དང་། དྲག་ཆས་ཉེན་རྟོག སྤྱི་བདེའི་དངོས་ཞབས་དཔུང་སྡེའི་དཔོན་དམག་བཅས་ལ་གཟིགས་པ་དང་འཚམས་འདྲི་གནང་སྟེ།

    ​བོད་སྡོད་མི་དམངས་བཅིངས་འགྲོལ་དམག་དང་། དྲག་ཆས་ཉེན་རྟོག སྤྱི་བདེའི་དངོས་ཞབས་དཔུང་སྡེའི་དཔོན་དམག་བཅས་ལ་དུས་ཆེན་གྱི་བཀྲ་ཤིས་བདེ་ལེགས་ཞུས་པ།

    ​ ཏིང་ཡེ་ཤན་མཉམ་དུ་ཕེབས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-01-03

    467725_yis_1514870435240.jpg

    2018ལོའི་གནམ་ལོ་གསར་ཚེས་ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་དང་བོད་དམག་ཁུལ་ཁང་ཏང་ཨུད་ཀྱི་ཧྲུའུ་ཅི་དང་པོ་ཝུའུ་དབྱིང་ཅེས་བོད་སྡོད་མི་དམངས་བཅིངས་འགྲོལ་དམག་དང་། དྲག་ཆས་ཉེན་རྟོག སྤྱི་བདེའི་དངོས་ཞབས་དཔུང་སྡེའི་དཔོན་དམག་བཅས་ལ་འཚམས་འདྲི་གནང་ནས་རང་སྐྱོང་ལྗོངས་ཏང་ཨུད་དང་། མི་དམངས་འཐུས་ཚོགས། སྲིད་གཞུང་། སྲིད་གྲོས། བོད་དམག་ཁུལ་ཁང་། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་བཅས་ཀྱི་ཚབ་ཞུས་ནས་རྒྱ་ཆེའི་བོད་སྡོད་མི་དམངས་བཅིངས་འགྲོལ་དམག་དང་། དྲག་ཆས་ཉེན་རྟོག སྤྱི་བདེའི་དངོས་ཞབས་དཔུང་སྡེའི་དཔོན་དམག་བཅས་དང་དེ་བཞིན་ཁོང་ཚོའི་ནང་མིར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་དང་དུས་ཆེན་གྱི་བཀྲ་ཤིས་བདེ་ལེགས་ཞུས་པ།

    2018ལོའི་གནམ་ལོ་གསར་ཚེས་ཀྱི་སྔ་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་དང་བོད་དམག་ཁུལ་ཁང་ཏང་ཨུད་ཀྱི་ཧྲུའུ་ཅི་དང་པོ་ཝུའུ་དབྱིང་ཅེས་བོད་སྡོད་མི་དམངས་བཅིངས་འགྲོལ་དམག་དང་། དྲག་ཆས་ཉེན་རྟོག སྤྱི་བདེའི་དངོས་ཞབས་དཔུང་སྡེའི་དཔོན་དམག་བཅས་ལ་འཚམས་འདྲི་གནང་ནས་རང་སྐྱོང་ལྗོངས་ཏང་ཨུད་དང་། མི་དམངས་འཐུས་ཚོགས། སྲིད་གཞུང་། སྲིད་གྲོས། བོད་དམག་ཁུལ་ཁང་། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་བཅས་ཀྱི་ཚབ་ཞུས་ནས་རྒྱ་ཆེའི་བོད་སྡོད་མི་དམངས་བཅིངས་འགྲོལ་དམག་དང་། དྲག་ཆས་ཉེན་རྟོག སྤྱི་བདེའི་དངོས་ཞབས་དཔུང་སྡེའི་དཔོན་དམག་བཅས་དང་དེ་བཞིན་ཁོང་ཚོའི་ནང་མིར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་དང་དུས་ཆེན་གྱི་བཀྲ་ཤིས་བདེ་ལེགས་ཞུས་པ་རེད།

    ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་ལྗོངས་སྲིད་གྲོས་ཏང་ཙུའུ་ཡི་ཧྲུའུ་ཅི་ཏིང་ཡེ་ཤན་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཧོ་ཝུན་ཧའོ། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་པད་མ་དབང་འདུས་བཅས་མཉམ་དུ་ཕེབས་ཡོད་པ་རེད།

    དཀར་གཙང་ཁ་བཏཌ་བསྒྲོན། བདེ་སྐྱིད་སྨོན་འདུན་ཞུས། འཚམས་འདྲི་གནང་སྐབས། ཝུའུ་དབྱིང་ཅེས་རྒྱ་ཆེའི་དཔོན་དམག་ཚོར་ཕྱག་བཏང་ནས་བྱམས་བརྩེའི་བཀའ་མོལ་གནང་ཞིང་། ཁོང་གིས་འདས་ཟིན་པའི་ལོ་གཅིག་ནང་རྒྱ་ཆེའི་བོད་སྡོད་མི་དམངས་བཅིངས་འགྲོལ་དམག་དང་། དྲག་ཆས་ཉེན་རྟོག སྤྱི་བདེའི་དངོས་ཞབས་དཔུང་སྡེའི་དཔོན་དམག་བཅས་ཀྱིས་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་མཐའ་གཅིག་ཏུ་ལག་བསྟར་བྱས་ནས་ཁྱིམ་ཚང་ཆུང་ངུ་དོར་བ་དང་ཁྱིམ་ཚང་ཆེན་པོར་བསྟུན་པ་དང་། ཐོག་མཐའ་བར་གསུམ་དུ་བརྟན་ལྷིང་སྲུང་སྐྱོང་གི་འཐབ་ས་དང་པོར་དམག་འཐབ་བྱེད་པ། མི་དམངས་མང་ཚོགས་ལ་མཁོ་བའི་གནས་སུ་བསྐྱོད་པ། བྱ་སྤྱོད་དངོས་ཀྱི་ཐོག་ནས་སྲོག་ཤིང་ལ་གོང་བཀུར་ཞུ་བ་དང་མི་དམངས་ལ་ལྷག་བསམ་རྣམ་དག་བྱེད་པ། བོད་ཀྱི་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པའི་བློ་བརྟན་འགྱུར་མེད་ཀྱི་ཡིད་ཆེས་དང་ཆོད་སེམས་གང་ལེགས་མངོན་པ་བཅས་བྱས་ནས་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན། མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བཅས་བྱ་ཆེད། ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་བ་དང་འབྲེལ། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་མང་ཚོགས་དབར་ཉ་ཆུ་ལྟ་བུའི་བརྩེ་སེམས་ཀྱི་འབྲེལ་བ་ཟབ་མོ་བཙུགས་ཡོད། གྲུབ་འབྲས་དེ་དག་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་བྱམས་བརྩེའི་ཐུགས་ཁུར་ལས་བྱུང་བ་ཞིག་དང་། རྒྱལ་ཡོངས་མི་དམངས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར་དང་རྒྱབ་སྐྱོར་ཤུགས་ཆེན་ལས་བྱུང་བ་ཞིག་རེད་ལ། རྒྱ་ཆེའི་དཔོན་དམག་ཚོའི་འབད་འཐབ་ཡར་བརྩོན་དང་སྒེར་སེམས་མེད་པར་ལེགས་སྐྱེས་ཕུལ་བ་དང་ཡང་ཁ་བྲལ་ཐབས་མེད་ཅེས་གསུངས་པ་རེད།

    ཝུའུ་དབྱིང་ཅེས་དུས་རབས་གསར་པར་རྣམ་པ་གསར་པ་དགོས་ལ། དེ་བས་བྱ་སྤྱོད་གསར་པ་ཡོད་དགོས། 2018ལོ་ནི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་བྱེད་པའི་འགོ་ཚུགས་ལོ་དང་། སྒྱུར་བཅོས་སྒོ་འབྱེད་བྱས་ནས་ལོ་40འཁོར་བའི་ལོ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ལག་བསྟར་གྱི་སྔ་འཛིན་རྗེས་མཐུད་ཀྱི་འགག་རྩའི་ལོ་བཅས་ཡིན། རྒྱ་ཆེའི་བོད་སྡོད་མི་དམངས་བཅིངས་འགྲོལ་དམག་དང་། དྲག་ཆས་ཉེན་རྟོག སྤྱི་བདེའི་དངོས་ཞབས་དཔུང་སྡེའི་དཔོན་དམག་བཅས་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། ཏང་གི་བཀོད་འདོམས་ལ་མཐའ་གཅིག་ཏུ་དང་ལེན་དང་བློ་བརྟན་འགྱུར་མེད་ངང་སྲོག་ཤིང་ལ་གོང་བཀུར་དང་། ཡིད་ཆེས། ལྷག་བསམ་རྣམ་དག སྲུང་སྐྱོང་བཅས་བྱས་ཏེ་དུས་སྐབས་གང་རུང་དང་གནས་ཚུལ་གང་རུང་འོག་ཏང་ཀྲུང་དབྱང་དང་། ཀྲུང་དབྱང་དམག་ཨུད། ཀྲུའུ་ཞི་ཞི་ཅིན་ཕིང་བཅས་ཀྱི་བཀོད་འདོམས་ལ་མཐའ་གཅིག་ཏུ་ཉན་རྒྱུ་དང་། “གྲུ་དམར་གྱི་སྙིང་སྟོབས”དང་། “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས” “ལམ་གཉིས་ཀྱི་སྙིང་སྟོབས”བཅས་དང“གཅིག་ནས་དཀའ་ཚེགས་ལ་མི་སྐྲག་པ་དང་གཉིས་ནས་ཤི་རྒྱུར་མི་སྐྲག་པའི”དམག་འཐབ་ཀྱི་སྙིང་སྟོབས་བཅས་མུ་མཐུད་དར་སྤེལ་གཏོང་བ་དང་དཔའ་ངར་ཞུམ་མེད་ཀྱི་དམག་འཐབ་སྤྱོད་ཚུལ་སྐྱེད་སྲིང་བྱས་ཏེ་མཐའ་མཚམས་དང་མེས་རྒྱལ་ཡག་པོ་བསྲུངས་ནས་ཏང་དང་མི་དམངས་ཀྱིས་སྤྲད་པའི་ལས་འགན་ཁག་ཕུན་སུམ་ཚོགས་པོའི་སྒོ་ནས་ལེགས་སྒྲུབ་བྱ་རྒྱུ། དམག་སྲིད་དང་དམག་དམངས་དབར་གྱི་མཐུན་སྒྲིལ་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ་དང་དམག་དམངས་དབར་མཉམ་འདྲེས་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་བོད་ལྗོངས་བསྐྲུན་པའི་རླབས་ཆེན་གྱི་རྒྱང་སྐྱོད་ལམ་བུའི་ཐོག་ལང་ཚོ་ལེགས་སྐྱེས་འབུལ་བ་དང་རྔུལ་ཆུ་བཏོན་ནས་བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་འབུལ་རྒྱུ་བཅས་ཀྱི་རེ་བ་ཡོད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་དམག་དཔུང་དང་ས་གནས་དབར་གྱི་ཉ་ཆུ་ལྟར་ཟབ་པའི་བརྩེ་སེམས་མུ་མཐུད་ཟབ་ཏུ་བཏང་ནས་ནུས་ཤུགས་ཡོད་རྒུས་ཞབས་ཞུ་འགན་ལེན་གྱི་ལས་དོན་ཡག་པོ་བསྒྲུབས་པ་དང་། དམག་དམངས་དབར་གྱི་མཉམ་འདྲེས་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་བ། དབུགས་ལམ་གཅིག་གྱུར་དང་། བདེ་སྡུག་མཉམ་མྱོང་། གཅིག་སེམས་གཅིག་སྦྲེལ་བཅས་ཀྱི་དམག་སྲིད་དང་དམག་དམངས་དབར་གྱི་འབྲེལ་བ་རྒྱུན་ཆད་མེད་པར་བརྟན་དུ་གཏོང་བ་བཅས་བྱས་ནས་ཐུན་མོང་ཐོག་རྒྱལ་ཁབ་སྟོབས་ཆེན་གྱི་ཕུགས་འདུན་དང་དམག་དཔུང་སྟོབས་ཆེན་གྱི་ཕུགས་འདུན་མངོན་འགྱུར་ཧུར་ཐག་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    དཔོན་དམག་ཚོས་གཅིག་མཇུག་གཉིས་མཐུད་ངང་མངགས་བཅོལ་བློ་ལ་འཆང་ནས་མཐའ་མཚམས་སུ་གཞི་ཚུགས་པ་དང་། མཐའ་མཚམས་སྲུང་བ། མཐའ་མཚམས་སུ་བྱས་རྗེས་འཇོག་པ་བཅས་བྱས་ཏེ་ལྷག་བསམ་རྣམ་དག་དང་རྔུལ་ཆུར་བརྟེན་ནས་ཏང་དང་མི་དམངས་ལ་བློ་ཡིད་ཚིམ་པའི་རྒྱུགས་ལན་ཞིག་འབུལ་རྒྱུ་ཡིན་ཞེས་བཤད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།