[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • བོད་ལྗོངས་ཀྱིས་ས་ཁུལ་དང་གྲོང་ཁྱེར་གྱི་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅིའི་ཚོགས་འདུ་འཚོགས་ནས་བརྟན་ལྷིང་སྲུང་སྐྱོང་དང་བདེ་སྲུང་གི་ལས་དོན་བཀོད་སྒྲིག་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-10-11

    ཚེས་8ཉིན་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཧོ་ཝུན་ཧའོ་ཡིས་ས་ཁུལ་དང་གྲོང་ཁྱེར་གྱི་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅིའི་བརྙན་ལམ་ཚོགས་འདུ་འཚོགས་ནས་བརྟན་ལྷིང་སྲུང་སྐྱོང་དང་བདེ་སྲུང་གི་ལས་དོན་བཀོད་སྒྲིག་བྱས་ལ། རྒྱལ་སྟོན་དང་ཟླ་མཆོད་དུས་ཆེན་རིང་གི་བརྟན་ལྷིང་སྲུང་སྐྱོང་དང་བདེ་སྲུང་ལས་དོན་སྤེལ་ཚུལ་ཕྱོགས་སྡོམ་གནང་བ་དང་། གནད་དོན་གསེད་བཀྲོལ་དང་མངོན་མེད་རྐྱེན་ངན་བཙལ་ནས་གོམ་སྟབས་རྗེས་མའི་བརྟན་ལྷིང་སྲུང་སྐྱོང་ལས་དོན་གྱི་བྱ་ཐབས་བཀོད་སྒྲིག་གནང་བ་རེད།

    ཧོ་ཝུན་ཧའོ་ཡིས་ལྗོངས་ཡོངས་ཀྱི་རིམ་ཁག་སྲིད་ཁྲིམས་སྡེ་ཚན་གྱིས་མིག་སྔའི་བརྟན་ལྷིང་སྲུང་སྐྱོང་གི་དུས་བབ་ལ་མུ་མཐུད་རིག་པ་དྭངས་གསལ་བྱེད་པ་དང་ལྷག་པར་དུ་སྲིད་ཁྲིམས་འཐབ་ཕྱོགས་ཀྱི་འགོ་ཁྲིད་ལས་བྱེད་པས་ཐོག་མཐའ་བར་གསུམ་དུ་བརྟན་ལྷིང་སྲུང་སྐྱོང་དང་བདེ་སྲུང་གི་རྩ་བ་དམ་བཟུང་གིས་ཚད་མཐོའི་མཐོང་ཆེན་དང་། བག་མེད་ལྷོད་གཡེང་དང་རྨོངས་ཚོད་ཀྱི་སྤྲོ་སྣང་གི་བསམ་པ་ཁྱད་བསད་བྱས་ནས་ལས་དོན་དང་བྱ་ཐབས་ཁག་དོན་ཐོག་ཏུ་འཁྱོལ་ཐུབ་པ་བྱེད་དགོས། ངོས་འཛིན་སྔར་བས་མཐོ་རུ་བཏང་སྟེ་ཚད་གཞི་མཐོ་ཤོས་དང་བླང་བྱ་ནན་ཤོས་ལ་གཞིགས་ནས་རིམ་པ་བཞིན་གནོན་ཤུགས་བརྒྱུད་སྤྲོད་དང་མ་བྱུང་སྔོན་འགོག་བྱེད་དགོས། འགན་འཁྲིའི་བསམ་པ་དང་ཁ་ཚ་དགོས་གཏུགས་ཀྱི་བསམ་པ་སྔར་བས་ཆེ་རུ་བཏང་སྟེ་རིམ་ཁག་སྲིད་ཁྲིམས་སྡེ་ཚན་གྱིས་བརྟན་ལྷིང་སྲུང་སྐྱོང་གི་གཙོ་ཤུགས་དམག་གི་ནུས་པ་འདོན་དགོས་པ་དང་ང་ཆེ་ང་བཙན་དང་ང་ཡོད་ཚེ་རྒྱལ་སྲིད་པའི་ཡིད་ཆེས་དང་ཆོད་སེམས་ལ་བརྟེན་ནས་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་དགོས། རང་བཤེར་རང་བཅོས་དང་དག་ཐེར་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ནས་སེམས་ཁྲལ་གྱི་འདུ་ཤེས་འཛུགས་པ་དང་། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས། རང་ངོས་ཀྱི་གནད་དོན་འཚོལ་བ། སྒྲིག་ཁྲིམས་དང་སྤྱོད་ཚུལ་དག་ཐེར་ལ་ཤུགས་སྣོན། ལྟ་སྟངས་ནན་པོ་འཛིན་པ་དང་འགན་འཁྲི་བདའ་འདེད་ནན་པོ་གཏོང་དགོས། དོན་འཁྱོལ་ལ་དམ་འཛིན་བྱེད་ཤུགས་སྔར་བས་ཆེ་རུ་བཏང་སྟེ་བྱ་ཐབས་ཁག་དམ་འཛིན་ཏན་ཏིག་དང་། དམ་འཛིན་ཞིབ་ཕྲ། གྲུབ་འབྲས་ཐོབ་པའི་ངང་དམ་འཛིན་ཐུབ་པ་བྱས་ནས་ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་མཐར་ཕྱིན་པ་དང་ལག་བསྟར་གནད་ལ་འཁེལ་བ་བྱེད་དགོས། བརྟན་ལྷིང་སྲུང་སྐྱོང་དང་ལྟ་སྐུལ་མཛུབ་ཁྲིད་ལས་དོན་སྤེལ་ཤུགས་སྔར་བས་ཆེ་རུ་བཏང་ནས་དམ་འཛིན་བྱེད་ཕོད་པ་དང་ཞིབ་བཤེར་བྱེད་ཕོད་པ་དང་། དངོས་གནས་ལྟ་བཤེར་ཐུབ་པ། གཟབ་ནན་ཐུབ་པ་བྱས་ཏེ་གནས་པའི་གནད་དོན་ལ་ངོ་སོ་མ་སྤྲད་པར་དག་ཐེར་ཧུར་ཐག་བྱེད་དགོས། རིམ་ཁག་སྲིད་ཁྲིམས་དཔུང་ཁག་གིས་ལས་ཀའི་ཐབས་ཤེས་དང་བྱ་ཐབས་ལ་སྣང་ཆེན་བྱས་ཏེ་བླང་བྱ་ནན་པོ་འདོན་དགོས་ལ་ཡ་རབས་ཀྱིས་ཁྲིམས་འཛིན་པ་དང་ཚད་དང་ལྡན་པའི་སྒོ་ནས་ཁྲིམས་འཛིན་དགོས། སྲིད་ཁྲིམས་དཔུང་ཁག་གི་བསམ་བློ་ཆབ་སྲིད་ལས་དོན་ལ་དམ་འཛིན་ཡག་པོ་དང་བསམ་བློའི་ངོས་འཛིན་གཅིག་གྱུར་བྱས་ནས་ནུས་ཤུགས་ཡོད་རྒུས་བརྟན་ལྷིང་སྲུང་སྐྱོང་དང་བདེ་སྲུང་ལས་དོན་ཁྲོད་ཞུགས་ཏེ་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་སྤྱི་ཚོགས་ཀྱི་ཁོར་ཡུག་ཡག་པོ་སྐྲུན་དགོས་ཞེས་ནན་བཤད་གནང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།