[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • 2017ལོའི“བདེ་འཇགས་ཐོན་སྐྱེད་ཟླ་བའི”“བདེ་འཇགས་ཐོན་སྐྱེད་ཀྱི་བོད་ཀྱི་བྱ་སྤྱོད”དང“དངུལ་འོད་བྱ་སྤྱོད་སྤེལ་ནས་བྱིས་པར་སེམས་ཁུར་བྱེད་པའི”བྱེད་སྒོ་འགོ་ཚུགས་པ།

    ཏིང་ཡེ་ཤན་ཞུགས་པ།

  • ཡོང་ཁུངས།   ​ ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-06-19

    ཚེས་16ཉིན་གྱི་སྔ་དྲོ། 2017ལོའི“བདེ་འཇགས་ཐོན་སྐྱེད་ཟླ་བའི”“བདེ་འཇགས་ཐོན་སྐྱེད་ཀྱི་བོད་ཀྱི་བྱ་སྤྱོད”དང“དངུལ་འོད་བྱ་སྤྱོད་སྤེལ་ནས་བྱིས་པར་སེམས་ཁུར་བྱེད་པའི”བྱེད་སྒོ་ལྷ་ས་གྲོང་ཁྱེར་གཡུ་ཐོག་ལམ་དུ་སྤེལ་འགོ་ཚུགས་པ་རེད།

    རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཐོན་སྐྱེད་ཨུ་ལྷན་གྱི་སྐོར་ཞིབ་ཚོགས་ཆུང་བརྒྱད་པའི་ཙུའུ་ཀྲང་དང་། ལྕགས་ལམ་པུའི་དེ་སྔའི་པུའུ་ཀྲང་གཞོན་པ། ལྕགས་ལམ་སྤྱི་ཁྱབ་ཀུང་སིའི་སྤྱི་ཁྱབ་ཅིང་ལི་གཞོན་པ་བཅས་ཡིན་པའི་ལུའུ་ཁྲུན་ཧྥང་འགོ་ཚུགས་ཉིན་མོའི་བྱེད་སྒོར་ཞུགས་པ་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཏིང་ཡེ་ཤན་གྱིས་བྱེད་སྒོ་དངོས་སུ་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་བ་རེད།

    བྱེད་སྒོ་སྤེལ་འགོ་འཛུགས་ཡུལ་དུ། རང་སྐྱོང་ལྗོངས་དང་ལྷ་ས་གྲོང་ཁྱེར་བདེ་འཇགས་ཐོན་སྐྱེད་ཨུ་ལྷན་གྱི་ཁོངས་མིའི་ཚན་པ་ཁག་དང་ཀྲུང་དབྱང་ཐད་གཏོགས་དང་ལྗོངས་ཐད་གཏོགས་ཀྱི་འབྲེལ་ཡོད་ཁེ་ལས་80ཙམ་གྱིས“ཁེ་ལས་ཀྱི་བདེ་འཇགས་ཐོན་སྐྱེད་བྱེད་པོའི་འགན་འཁྲི་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པའི”བརྗོད་དོན་གཙོ་བོར་དམིགས་ཏེ་བདེ་འཇགས་ཐོན་སྐྱེད་ཀྱི་དྲིལ་བསྒྲགས་དཔྱད་གཞི་སྤྲོད་པ་དང་། དྲིལ་བསྒྲགས་ཀྱི་སྒྲ་ཕབ་གཏོང་བ། བྱེད་སྒོ་སྤེལ་ཡུལ་དུ་བདེ་འཇགས་ཐོན་སྐྱེད་ཤེས་བྱ་སྒྲོག་འགྲེལ་བྱེད་པ་སོགས་ཀྱི་བྱ་ཐབས་བརྒྱུད་བོད་རྒྱ་ཡིག་རིགས་གཉིས་ཐོག་ནས་དྲིལ་བསྒྲགས་རྒྱ་ཁྱབ་བྱས་པས་སྤྱི་ཚོགས་ཡོངས་སུ“ཚེ་སྲོག་ལ་དོ་ཁུར་དང་། བདེ་འཇགས་ལ་སྣང་ཆེན”གྱི་རྣམ་པ་ཟབ་མོ་སྔར་བས་ཆགས་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུར་བདེ་འཇགས་ཐོན་སྐྱེད་ཀྱི་ཁོར་ཡུག་བཟང་པོ་ཞིག་བཏོད་ཡོད།

    ལུའུ་ཁྲུན་ཧྥང་དང་ཏིང་ཡེ་ཤན་གྱིས་བྱེད་སྒོ་སྤེལ་ཡུལ་དུ་ཕེབས་ཏེ་དྲིལ་བསྒྲགས་འགྲེམས་སྟེགས་ཚང་མར་རིམ་པ་བཞིན་གཟིགས་པ་དང་དྲིལ་བསྒྲགས་མི་སྣ་དང་སྤེལ་རེས་གནང་ནས་ཉེ་བའི་ལོ་ཤས་ནང་རང་ལྗོངས་ཀྱི་བདེ་འཇགས་ཐོན་སྐྱེད་ལས་དོན་ལ་ཁས་ལེན་གང་ལེགས་གནང་བ་མ་ཟད་རྣམ་པ་སྣ་ཚོགས་དང་ནང་དོན་ཕུན་སུམ་ཚོགས་པའི“དྲིལ་བསྒྲགས་བློ་འདྲིའི་ཉིན་མོའི”བྱེད་སྒོར་གདེང་འཇོག་ཀྱང་མཐོ་པོ་གནང་བ་རེད།

    ལུའུ་ཁྲུན་ཧྥང་དང་ཏིང་ཡེ་ཤན་གྱིས་ད་ཐེངས་ཀྱི་དྲིལ་བསྒྲགས་བྱེད་སྒོའི་དོན་སྙིང་གལ་ཆེན་ངོས་འཛིན་གང་ལེགས་བྱས་ཏེ“དམར་ཐིག་དང་། མཐའ་ཚད། གློག་ཆེན་བཅས”ཡིན་པའི་བདེ་འཇགས་ཐོན་སྐྱེད་ལ་དམ་འཛིན་ནན་པོ་བྱེད་པ་དང་། “ཏང་སྲིད་འགན་འཁྲི་མཉམ་འཁུར་དང་། གནས་གཅིག་འགན་གཉིས། ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ། འགན་ཤོར་རྩད་གཅོད”བཅས་ཀྱི་འགན་འཁྲིའི་མ་ལག་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ། “ལས་རིགས་ལ་དོ་དམ་བྱེད་པར་ངེས་པར་དུ་བདེ་འཇགས་ལ་དོ་དམ་བྱེད་དགོས་པ་དང་། ལས་སྒོར་དོ་དམ་བྱེད་པར་ངེས་པར་དུ་བདེ་འཇགས་ལ་དོ་དམ་བྱེད་དགོས་པ། ཐོན་སྐྱེད་གཉེར་སྐྱོང་ལ་དོ་དམ་བྱེད་པར་ངེས་པར་དུ་བདེ་འཇགས་ལ་དོ་དམ་བྱེད་དགོས་པ”བཅས་ཀྱི་བླང་བྱ་དོན་འཁྱོལ་ཡག་པོ་བྱེད་པ། དྲིལ་བསྒྲགས་བྱེད་སྒོ་དེ་བདེ་འཇགས་ཐོན་སྐྱེད་ཁྱབ་ཁོངས་ཀྱི་སྒྱུར་བཅོས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ལས་འཛོལ་ཚབས་ཆེན་དང་ཧ་ཅང་ཚབས་ཆེན་ཐོན་རྒྱུ་གཏན་འགོག་བྱེད་པ། སྤྱི་ཚོགས་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་འདུ་ཤེས་ཟབ་ཏུ་གཏོང་བ། རྒྱ་ཆེའི་ཐོན་སྐྱེད་གཉེར་སྐྱོང་མཁན་དང་ངལ་རྩོལ་པའི་བདེ་འཇགས་རྩལ་ནུས་དང་འགོག་སྲུང་ནུས་པ་ཆེར་གཏོང་བཅས་དང་ཟུང་འབྲེལ་བྱེད་པ། བདེ་འཇགས་འཕེལ་རྒྱས་ཀྱི་འདུ་ཤེས་དྲིལ་བསྒྲགས་གཏིང་ཟབ་བྱེད་པ། བདེ་འཇགས་ཤེས་བྱ་ཁྱབ་གདལ་ཤུགས་ཆེན་གཏོང་བ་བཅས་ཀྱི་སྒོ་ནས་བདེ་འཇགས་ཐོན་སྐྱེད་ཀྱི་རྣམ་པ་ཟབ་མོ་ཞིག་གཏོད་དེ་ལྗོངས་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་དུས་བབ་རྒྱུན་མཐུད་ངང་བརྟན་པོའི་ཁྲོད་ཡག་པོ་ཡོང་བ་བྱས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་ཆེད་སྤྱི་ཚོགས་བདེ་འཇགས་ཀྱི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་དགོས་པའི་ནན་བཤད་གནང་བ་རེད།

    འགོ་ཚུགས་མཛད་སྒོའི་ཐོག ལུའུ་ཁྲུན་ཧྥང་དང་ཏིང་ཡེ་ཤན་གྱིས་ད་དུང་རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སི་དང་བོད་ལྗོངས་མཐོ་བརྩོན་འཛུགས་སྐྲུན་རྒྱུ་ཆ་མ་རྐང་ཚད་ཡོད་ཀུང་སི་སོགས“བདེ་འཇགས་ཐོན་སྐྱེད་ཀྱི་བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱེད་མཁན་མིག་དཔེའི”ཁེ་ལས་ཀྱི་འཐུས་མི་བཅུར་བྱང་བུ་སྤྲད་པ་མ་ཟད་སློབ་ཆུང་སློབ་མར“དངུལ་འོད་བྱ་སྤྱོད་སྤེལ་ནས་བྱིས་པར་སེམས་ཁུར་བྱེད་པའི་བྱ་སྤྱོད”ཀྱི་ལྡོག་འོད་རྔུལ་ལེན་དང་ཞྭ་མོ་སེར་པོའང་སྤྲད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།