[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ཆེ་དགྲ་ལྷས་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་ནས།

    དུས་འབྲིང་གི་ནོར་སྲིད་འཆར་འགོད་དོ་དམ་ལག་བསྟར་བསམ་འཆར་སོགས་འབྲེལ་ཡོད་ལས་དོན་ཞིབ་འཇུག་ལག་བསྟར་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-05-19

    ཟླ་5ཚེས་16ཉིན་གྱི་ཕྱི་དྲོ་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་ནས་དུས་འབྲིང་གི་ནོར་སྲིད་འཆར་འགོད་དོ་དམ་ལག་བསྟར་བསམ་འཆར་སོགས་ཀྱི་འབྲེལ་ཡོད་ལས་དོན་ཞིབ་འཇུག་ལག་བསྟར་བྱས་པ་རེད།

    ཚོགས་འདུའི་ཐོག་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ནས་དུས་འབྲིང་གི་ནོར་སྲིད་འཆར་འགོད་དོ་དམ་ལག་བསྟར་བྱས་པ་དེས་ནོར་སྲིད་སྲིད་ཇུས་ཀྱི་སྔོན་མཐོང་རང་བཞིན་དང་། ཕན་ནུས་རང་བཞིན། རྒྱུན་མཐུད་རང་བཞིན་བཅས་གོང་མཐོར་གཏོང་རྒྱུར་ཕན་པ་ཐོན་པ་དང་འབྲེལ་སྒྱུར་བཅོས་དང་། སྲིད་ཇུས། རྣམ་གྲངས་བཅས་གལ་ཆེན་ལག་བསྟར་བྱེད་རྒྱུར་འགན་ལེན་ཐུབ་ཡོད།  རིམ་པ་ཁག་དང་སྡེ་ཚན་ཁག་གིས་དགེ་ཚན་ལྡན་པའི་ནོར་སྲིད་སྲིད་ཇུས་དང་བརྟན་ལ་སྐྱོན་བྲལ་གྱི་དངུལ་ལོར་སྲིད་ཇུས་གཞིར་བཟུང“མིག་སྔ་དང་མ་འོངས་སྤྱི་འདོམས་བྱས་ནས་གནད་དོན་ཕྱོགས་སྟོན་དུ་འཛིན་པ་མཐའ་འཁྱོངས་དང་བཅད་གྲངས་ཚོད་འཛིན་མཐའ་འཁྱོངས་བྱས་ནས་བསྐྱར་ཟློས་དོ་དམ་ལག་བསྟར་བྱེད་པ། ནོར་ཤུགས་བཀོད་སྒྲིག་སྤྱི་འདོམས་བྱས་ནས་ལས་ཀའི་གཙོ་གནད་འབུར་དུ་ཐོན་པ་བྱེད་པ། གཅུན་འདོམས་ལམ་སྲོལ་ལ་ཤུགས་སྣོན་བརྒྱབ་ནས་ནོར་སྲིད་ཀྱི་ཉེན་ཁ་སྔོན་འགོག་བྱེད་པ”བཅས་ཀྱི་རྩ་བའི་རྩ་དོན་མཐའ་འཁྱོངས་བྱས་ཏེ་སྒྱུར་བཅོས་ཀྱི་ཉམས་མྱོང་བསྡུ་ལེན་དང་དཔྱད་གཞིར་འཛིན་པ་དང་། ནོར་དོན་གྱི་བསམ་ཕྱོགས་སྒྱུར་བ། སྲིད་ཇུས་ཀྱི་བླང་བྱ་ཁོང་དུ་ཆུད་པ། ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་བ། དུས་འབྲིང་གི་ནོར་སྲིད་འཆར་འགོད་དོ་དམ་ལག་བསྟར་ཧུར་ཐག་བཅས་བྱས་ཏེ་དེང་རབས་ཀྱི་ནོར་སྲིད་ལམ་ལུགས་འཛུགས་པ་དང་། སྲིད་གཞུང་གི་སྤྱི་འདོམས་ནུས་པ་ཆེ་རུ་གཏོང་བ། དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་སྐྱོན་བྲལ་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱ་ཆེད་རྨང་གཞི་བརྟན་པོ་གཏིང་དགོས། ནོར་སྲིད་སྡེ་ཚན་གྱིས་མཛུབ་ཁྲིད་རང་བཞིན་ཆེ་བ་དང་བཀོལ་སྤྱོད་རང་བཞིན་ཆེ་བའི་ལས་ཀའི་ཞིབ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་བཏང་ནས་ལས་སྒོའི་གསོ་སྦྱོང་དང་སྲིད་ཇུས་དྲིལ་བསྒྲགས་ལ་ཤུགས་སྣོན་རྒྱག་དགོས་པ་བསྟན་ཡོད། ཚོགས་འདུའི་ཐོག་2017ལོ་ནས་བཟུང་རང་ལྗོངས་ཀྱིས་དུས་འབྲིང་གི་ནོར་སྲིད་འཆར་འགོད་དང་སྡེ་ཚན་གྱི་ལོ་གསུམ་གྱི་སྐོར་རྒྱག་ནོར་སྲིད་འཆར་འགོད་བཟོའི་ལས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་དགོས་པ་དང་འབྲེལ་ལོ་རེ་བཞིན་སྐྱོར་རྒྱག་བཟོས་ཏེ་ལྗོངས་ཡོངས་སུ་གནད་སྨིན་འཐུས་ཚང་གི་དུས་འབྲིང་ནོར་སྲིད་འཆར་འགོད་བཟོ་བའི་སྒྲོམ་གཞི་དང་ལམ་ལུགས་མ་ལག་འཛུགས་པའི་གཏན་འཁེལ་བྱས་པ་རེད།

    ཚོགས་འདུའི་ཐོག་རྩ་དོན་ཐོག་རང་སྐྱོང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་འཕྲོད་བསྟེན་དང་འཆར་བཙའི་བྱ་གཞག་འཕེལ་རྒྱས་འཆར་འགོད་བཟོ་བར་གྲོས་འཆམ་བྱས་ཤིང་། ཚོགས་འདུའི་ཐོག་ལྗོངས་ཡོངས་ཀྱི་འཕྲོད་བསྟེན་དང་བདེ་ཐང་ཚོགས་ཆེན་གྱི་དགོངས་དོན་དང་ཧྲུའུ་ཅི་ཝུའུ་དབྱིང་ཅེའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ་མི་དམངས་ལྟེ་བར་བྱེད་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་དང་། མི་དམངས་ཀྱི་བདེ་ཐང་སྔོན་ལ་འཕེལ་རྒྱས་གཏོང་བ་འཐབ་ཇུས་ཀྱི་གནས་བབ་ཐོག་འཇོག་པ། འཕེལ་རྒྱས་ཀྱི་འཆར་འགོད་ལག་བསྟར་ནན་ཏན་བྱེད་པ། བདེ་ཐང་བོད་ལྗོངས་སྐྲུན་པའི་གོམ་སྟབས་མགྱོགས་སུ་གཏོང་བ་བཅས་བྱས་ཏེ་ལྗོངས་ཡོངས་ཀྱི་མི་དམངས་ཀྱི་བདེ་ཐང་གི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས་པའི་ནན་བཤད་བྱས་ཡོད། ཚོགས་འདུའི་ཐོག་འདི་ལོ་ཐུམ་འབུའི་ནད་འདེམས་བཤེར་བྱེད་པའི་གཙོ་གནད་མངོན་པར་བྱེད་པ་དང་། ཕྱོགས་ཁག་གི་སྟོབས་ཤུགས་རྒྱ་ཁྱབ་ངང་སྐུལ་སློང་དང་སྤྱི་འདོམས་བཀོད་སྒྲིག ཚན་རྩལ་གྱི་སྒྲིག་ཆས་དང་དེ་བཞིན་སྨན་བཅོས་ལག་རྩལ་མི་སྣའི་ནུས་པ་འདོན་སྤེལ་གང་ལེགས། ཐོན་ཁུངས་ཀྱི་ནུས་པ་ཆེ་ཤོས་ཐོན་རྒྱུར་བརྩོན་ལེན། ཞིབ་ཕྲ་དང་གནད་འཁེལ་གྱི་སྒོ་ནས་འདེམས་བཤེར་བཅས་བྱས་ཏེ་ཐུམ་འབུའི་ནད་འདེམས་བཤེར་བྱེད་སྐབས་དུད་ཚང་གཅིག་དང་མི་གཅིག་ཀྱང་མ་ལུས་པ་བྱས་ནས་ནད་གཞིའི་གནས་ཚུལ་ཕྱོགས་ཡོངས་ནས་ཁོང་དུ་ཆུད་པ་དང་ཕྱོགས་བསྡུས་འགོག་བཅོས་ལས་དོན་ཡག་པོ་སྒྲུབ་ཆེད་རྨང་གཞི་བརྟན་པོ་འདིང་དགོས་པའི་བླང་བྱ་བཏོན་པ་རེད།

    ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་རྒྱལ་ཁབ་ས་ཆ་སྣོད་བཅུད་ལྗང་མདོག་ཚོགས་པ་ཚད་ཡོད་ཀུང་སི་དང་། བོད་ལྗོངས་འཛུགས་སྐྲུན་མ་འཇོག་ཀུང་སི། བོད་ལྗོངས་ཡུལ་སྐོར་རིག་གནས་མ་འཇོག་ཀུང་སི་བཅས་བཙུགས་པའི་གནད་ཚུལ་སྙན་སེང་གསན་པ་མ་ཟད། ད་དུང《བོགས་གཏོང་རླངས་འཁོར་ལས་རིགས་ཀྱི་སྐྱོན་བྲལ་འཕེལ་རྒྱས་ལ་སྒྱུར་བཅོས་གཏིང་ཟབ་དང་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》ལ་ཞིབ་འཇུག་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། མིག་དམར།