[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>སྲིད་གཞུང་ཡིག་ཆ།
  • རང་སྐྱོང་ལྗོངས་ཤེས་དཔལ་ཨུ་ལྷན་གྱིས《གཏན་འབེབས》བཀྲམ་ནས།

    ཡུས་ཏའེ་ལིན་དང་བསོད་ནམས་རྣམ་རྒྱལ་ལ(རྗེས་སྤྲོད)“དུས་རབས་ཀྱི་མིག་དཔེའི”མཚན་སྙན་སྤྲོད་རྒྱུ་དང་། རང་སྐྱོང་ལྗོངས་ཀྱི་ཀུན་སྤྱོད་དཔེ་བཟང་བ་དང་རང་སྐྱོང་ལྗོངས་ཀྱི་ཡ་རབས་ཁྱིམ་ཚང་ལ་གཟེངས་བསྟོད་བྱེད་རྒྱུ་ཡིན་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-07-04

    ཉེ་ཆར། རང་སྐྱོང་ལྗོངས་བསམ་པའི་དཔལ་ཡོན་སྲོལ་གཏོད་མཛུབ་ཁྲིད་ཨུ་ཡོན་ལྷན་ཁང་གིས《བློ་མཐུན་ཡུས་ཏའེ་ལིན་ལ“དུས་རབས་ཀྱི་མིག་དཔེའི”གཟི་བརྗིད་མཚན་སྙན་སྤྲོད་རྒྱུའི་སྐོར་གྱི་གཏན་འབེབས》དང《བློ་མཐུན་བསོད་ནམས་རྣམ་རྒྱལ་ལ“དུས་རབས་ཀྱི་མིག་དཔེའི”གཟི་བརྗིད་མཚན་སྙན་རྗེས་སྤྲོད་བྱ་རྒྱུའི་སྐོར་གྱི་གཏན་འབེབས》《སྐབས་དྲུག་པའི་བོད་རང་སྐྱོང་ལྗོངས་ཀྱི་ཀུན་སྤྱོད་དཔེ་བཟང་བར་གཟེངས་བསྟོད་བྱ་རྒྱུའི་སྐོར་གྱི་གཏན་འབེབས》《སྐབས་གཉིས་པའི་བོད་རང་སྐྱོང་ལྗོངས་ཀྱི་ཡ་རབས་ཁྱིམ་ཚང་ལ་གཟེངས་བསྟོད་བྱ་རྒྱུའི་སྐོར་གྱི་གཏན་འབེབས》བཅས་བཀྲམ་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། “དུས་རབས་ཀྱི་མིག་དཔེའི”གཟི་བརྗིད་མཚན་སྙན་ཐོབ་པའི་བློ་མཐུན་ཡུས་ཏའེ་ལིན་ནི་བོད་ལྗོངས་ཚན་རྩལ་ལས་དོན་པའི་ཁྲོད་ཀྱི་ཕུལ་དུ་བྱུང་བའི་དཔེ་མཚོན་ཞིག་ཡིན་ཞིང་། ལས་ཀར་ཞུགས་ནས་ལོ་34སོང་ཚུན། ཁོང་གིས་ཚོགས་པའི་སྣེ་ཁྲིད་དེ་ཚོད་ལྟ་ཁང་དང་། ཚོད་ལྟའི་ཞིང་། ཁྱབ་གདལ་ས་ཚིགས་བཅས་སུ་ཕར་འགྲོ་ཚུར་འོང་བྱས་ནས་ཚོད་ལྟ་ཡང་ཡང་དང་། ལེགས་བཅོས་ཡང་ཡང་། གཏན་འཁེལ་ཡང་ཡང་བཅས་བྱེད་པ་དང་། འགག་སྒྲོལ་དཀའ་སེལ་ཐེངས་མང་བྱས་ཏེ“བོད་ནས་ཨང་2000”སོགས་ཀྱི་ནས་ཀྱི་ཐོན་རྫས་གསར་པ་དང་ཞོག་ཁོག་འཕྲུལ་ཆས་ཅན་གྱི་ཐོན་སྐྱེད་སོགས་ཀྱི་ལག་རྩལ་གསར་པ་རྒྱ་ཆེའི་ཞིང་པ་མང་ཚོགས་ལ་བརྒྱུད་སྤྲོད་བྱས་ནས་བོད་ཀྱི་འབྲུ་རིགས་ཐོན་ཚད་ཏུན་ཁྲི་བརྒྱ་ལྷག་ཙམ་ཟིན་པ་དང་འབྲུ་རིགས་བདེ་འཇགས་ཀྱི་མཐའ་ཚད་སྲུང་ཆེད་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་ཡོད། “དུས་རབས་ཀྱི་མིག་དཔེའི”གཟི་བརྗིད་མཚན་སྙན་ཐོབ་པའི་བློ་མཐུན་བསོད་ནམས་རྣམ་རྒྱལ་ནི་དུས་རབས་གསར་པའི་གཞི་རིམ་དགེ་རྒན་གྱི་ཕུལ་བྱུང་དཔེ་མཚོན་ཞིག་དང་གཞི་རིམ་གྱི་ཏང་ཡོན་ལས་བྱེད་པའི་སྔོན་ཐོན་དཔེ་བཟང་བ་ཞིག་ཡིན་ཞིང་།ཏང་ནང་ཞུགས་ནས་ལོ་20དང་ལས་ཀར་ཞུགས་ནས་ལོ་28སོང་བ་དང་། ལོ་51ལ་སླེབས་སྐབས་ཚེ་ལས་འདས། ཁོང་གིས་ཤེས་ཡོན་གོང་བཀུར་དང་། སློབ་མར་གཅེས་སྐྱོང་། རང་གཅུན་ནན་པོ། མིག་དཔེ་གཞན་སྟོན་བཅས་བྱེད་ཀྱི་ཡོད་པས་ཁོང་ནི་མི་རིགས་ཀྱི་བླ་སྲོག་གཏོད་མཁན་ངོ་གནོང་མི་དགོས་པ་ཞིག་རེད།

    དེ་དང་ཆབས་ཅིག རང་སྐྱོང་ལྗོངས་ཤེས་དཔལ་ཨུ་ཡོན་ལྷན་ཁང་གིས་བློ་མཐུན་8ལ“སྐབས་དྲུག་པའི་བོད་རང་སྐྱོང་ལྗོངས་ཀྱི་ཀུན་སྤྱོད་དཔེ་བཟང་བའི”གཟི་བརྗིད་མཚན་སྙན་སྤྲོད་རྒྱུའི་གཏན་འབེབས་བྱས་པ་སྟེ། བོད་དམག་ཁུལ་ཁང་གི་དཔུང་སྡེ་ཞིག་གི་པན་ཀྲང་གཞོན་པ་ཧྥན་ཧྥ་ཆོན་ལ་རྒྱལ་གཅེས་ཁྲིམས་སྲུང་གི་དཔེ་བཟང་བ་དང་། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་གྲོ་མོ་རྫོང་ཁྲལ་དོན་ཅུས་ཀྱི་ཅུས་ཀྲང་ལི་ཤིན་ཡུས་ལ་གཞན་ཕན་སྒྲུབ་པར་དགའ་བའི་དཔེ་བཟང་བ། ཉིང་ཁྲི་གྲོང་ཁྱེར་སྤོ་བོ་རྫོང་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱི་ལས་རོགས་ཉེན་རྟོག་པ་དཀོན་མཆོག་འགྱུར་མེད་ལ་བདེན་པའི་རྒྱབ་ལངས་ཀྱི་དཔེ་བཟང་བ། མངའ་རིས་ས་ཁུལ་སྒེར་རྩེ་རྫོང་འོ་མ་ཤང་འཆམ་གུག་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཉི་མ་དོན་གྲུབ་དང་ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་ལྕེ་བདེ་ཞོལ་གྲོང་རྡལ་སེར་སྨད་སྡེ་ཁུལ་གྱི་དམངས་གཉེར་ཁེ་ལས་མཁས་ཅན་བྱམས་པ་གཉིས་ལ་ཁ་དན་ཚིག་གནས་ཀྱི་དཔེ་བཟང་བ། ཤིས་ཧྲན་ཞུགས་འབུལ་ཁང་ལས་སྒོ་ཁོའོ་ཡི་ཁོའོ་ཀྲང་བསྟན་འཛིན་མཁས་གྲུབ་དང་ཚེ་ལས་མ་འདས་གོང་ནག་ཆུ་གྲོང་ཁྱེར་ཨ་མདོ་རྫོང་སྟོད་མ་ཤང་མགར་རྫ་རིང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཡིན་པའི་དགུ་རྡོར་གཉིས་ལ་ལས་བཀུར་ལེགས་སྐྱེས་འབུལ་མཁན་གྱི་དཔེ་བཟང་བ། རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སི་འོལ་ཁ་གློག་འདོན་ཀུང་སིའི་ལས་བཟོ་གཡང་འཛོམས་ལ་བསྙེན་བཀུར་གཉེན་སྐྱོང་གི་དཔེ་བཟང་བ་བཅས་རེད།

    གཞན་ཡང་། རང་སྐྱོང་ལྗོངས་ཤེས་དཔལ་ཨུ་ཡོན་ལྷན་ཁང་གིས་སྐབས་གཉིས་པའི་བོད་རང་སྐྱོང་ལྗོངས་ཀྱི་ཡ་རབས་ཁྱིམ་ཚང་25ལ་གཟེངས་བསྟོད་སྤྲོད་རྒྱུའི་གཏན་འབེབས་བྱས་པ་སྟེ། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་འཇག་མ་གླིང་ག་སྡེ་ཁུལ་གྱི་བསོད་ནམས་རྒྱ་མཚོའི་ཁྱིམ་ཚང་དང་། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་བརྒྱད་གཅིག་སྡེ་ཁུལ་གྱི་ཐུབ་བསྟན་གྱི་ཁྱིམ་ཚང་། ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་སྲིད་ཁྲིམས་ཨུ་ལྷན་གྱི་ཚེ་རིང་ནོར་བུའི་ཁྱིམ་ཚང་། གཞིས་རྩེ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ཟླ་སྒྲོན་གྱི་ཁྱིམ་ཚང་། གཞིས་རྩེ་གྲོང་ཁྱེར་ས་སྐྱ་རྫོང་ས་སྐྱ་གྲོང་རྡལ་ཤར་པ་གྲོང་ཚོའི་ཤར་ཞའི་ཁྱིམ་ཚང་། ལྷོ་ཁ་གྲོང་ཁྱེར་སྣ་དཀར་རྩེ་རྫོང་སྣ་དཀར་རྩེ་གྲོང་རྡལ་སྡེ་ཁུལ་གྱི་དོན་གྲུབ་ཀྱི་ཁྱིམ་ཚང་། ལྷོ་ཁ་གྲོང་ཁྱེར་རྒྱ་ཚ་རྫོང་མི་དམངས་ཞིབ་དཔྱོད་ཁང་གི་ཁྲོའེ་ལི་དབྱིན་གྱི་ཁྱིམ་ཚང་། ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་ཤ་གསོས་ཤང་ཐང་པོ་ཆེ་གྲོང་ཚོའི་བཀྲ་ཤིས་གཡང་འཛོམས་ཀྱི་ཁྱིམ་ཚང་། ཉིང་ཁྲི་གྲོང་ཁྱེར་སྤོ་བོ་རྫོང་ཨུད་ཀྱི་ཧྥེང་ཡུང་གི་ཁྱིམ་ཚང་། ཉིང་ཁྲི་གྲོང་ཁྱེར་སྨན་གླིང་རྫོང་གཏམ་སྙན་ཤང་ཁམ་བུ་ར་གྲོང་ཚོའི་ཆོས་སྒྲོན་གྱི་ཁྱིམ་ཚང་། ཉིང་ཁྲི་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གི་ཉིང་ལི་ནའི་ཁྱིམ་ཚང་། ཆབ་མདོ་གྲོང་ཁྱེར་དཔའ་ཤོད་རྫོང་སྤྱི་དར་ཤང་ལ་རབ་གྲོང་ཚོའི་ཉི་མའི་ཁྱིམ་ཚང་། ཆབ་མདོ་གྲོང་ཁྱེར་བུ་བཅོལ་ཁང་དང་པོའི་རིན་ཆེན་མཚོ་མོའི་ཁྱིམ་ཚང་། ཆབ་མདོ་གྲོང་ཁྱེར་དཔའ་ཤོད་རྫོང་སྤྱི་བདེ་ཅུས་ཀྱི་བསོད་ནམས་མཚོ་མོའི་ཁྱིམ་ཚང་། ནག་ཆུ་གྲོང་ཁྱེར་དཔལ་མགོན་རྫོང་ཕུར་བུ་གྲོང་རྡལ་གྲོང་ལྷན་དང་པོའི་ཧན་ཝུན་ཀྲིའི་ཁྱིམ་ཚང་། ནག་ཆུ་གྲོང་ཁྱེར་ཨ་མདོ་རྫོང་བྱང་མ་གྲོང་རྡལ་གྱི་བློ་ཚེའི་ཁྱིམ་ཚང་། མངའ་རིས་ས་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་མཚོ་སྒོར་གྱི་ཁྱིམ་ཚང་། མངའ་རིས་ས་ཁུལ་སྤྱི་བདེ་ཁྲུའི་ལི་ནན་གྱི་ཁྱིམ་ཚང་། མངའ་རིས་ས་ཁུལ་མེ་ཟོན་ཉིང་ལག་རུ་ཁག་གི་སུན་དབྱང་གི་ཁྱིམ་ཚང་། བོད་དམག་ཁུལ་ཁང་གི་ཀའོ་ཡུང་ཏུང་གི་ཁྱིམ་ཚང་། རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ཀྲང་ཧུའེ་ཧུའེ་ཡི་ཁྱིམ་ཚང་། རང་སྐྱོང་ལྗོངས་སྤྱི་བདེ་ཐིང་གི་ངག་བསྟན་གྱི་ཁྱིམ་ཚང་། བོད་ལྗོངས་སློབ་ཆེན་གྱི་བཀྲ་ཤིས་དར་རྒྱས་ཀྱི་ཁྱིམ་ཚང་། ཀྲུང་གོ་སྒུལ་བདེ་འཕྲིན་གཏོང་ཚོགས་པ་བོད་ལྗོངས་ཚད་ཡོད་ཀུང་སིའི་གནམ་གང་མཚོ་མོའི་ཁྱིམ་ཚང་། བོད་ལྗོངས་ཧྥུའུ་ཁང་སྨན་ཁང་སྨན་རྫས་འཕེལ་རྒྱས་ཚད་ཡོད་ཀུང་སིའི་ལིའུ་ཤའོ་ཤའོ་ཡི་ཁྱིམ་ཚང་བཅས་རེད།

    རང་སྐྱོང་ལྗོངས་ཤེས་དཔལ་ཨུ་ཡོན་ལྷན་ཁང་གིས་སྤྱི་ཚོགས་སུ“དུས་རབས་ཀྱི་མིག་དཔེ”དང་། ཀུན་སྤྱོད་དཔེ་བཟང་བ། ཡ་རབས་ཁྱིམ་ཚང་བཅས་ལ་སློབ་སྦྱོང་བྱས་ཏེ“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་།“གདེང་ཚོད་བཞི”བརྟན་དུ་གཏོང་བ།“སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རླབས་ཆེན་དར་ཆ་ཐོན་པོར་བསྒྲེངས་ཏེ་ལྗོངས་ཏང་ཨུད་ཀྱི་མཐུན་སྒྲིལ་སྣེ་ཁྲིད་འོག་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བ་དང་། བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་བརྩོན་ལེན་བྱེད་པ། མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ། ལུགས་རྙིང་སྲོལ་ངན་དོར་བ། ཆོས་ལུགས་ཀྱི་ཕན་མེད་ཤུགས་རྐྱེན་སེལ་བ། བདེ་ཐང་ཡ་རབས་ཀྱི་འཚོ་བའི་འདུ་ཤེས་དང་། འཚོ་བའི་རྣམ་འགྱུར། འཚོ་བ་སྐྱེལ་སྟངས་དོན་གཉེར་བྱེད་པ། ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། བློ་བརྟན་འགྱུར་མེད་ངང་ཏང་གི་རྗེས་སུ་འབྲང་བ་བཅས་བྱས་ཏེ“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་གྱི་བོད་ཀྱི་ལེའུ་ཡག་པོ་རྩོམ་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས་པའི་འབོད་སྐུལ་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།