[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>སྲིད་གཞུང་ཡིག་ཆ།
  • དབུལ་སྒྲོལ་འགག་སྒྲོལ་གྱི་ཆེད་དོན་སྐོར་གཟིགས་ཀྱི་དག་ཐེར་འཕེལ་རིམ་གནས་ཚུལ་སྐོར་གྱི་ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་བརྡ་ཁྱབ། (སྨད་ཆ)

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-05-23

    (གཉིས)ཆབ་སྲིད་ཀྱི་འགན་འཁྲིར་ཤུགས་སྣོན་དང་རིམ་པ་བཞིན་འགན་འཁྲི་ནན་དུ་བཏང་བས་དབུལ་སྒྲོལ་འགག་སྒྲོལ་གྱི་བྱེད་པོའི་འགན་འཁྲི་དོན་འཁྱོལ་ནུས་ལྡན་ཐུབ་པ། 

    གཅིག་ནས“ཞིང་ཆེན་གྱིས་སྤྱི་འགན་འཁུར་བ་དང་། གྲོང་ཁྱེར་དང་རྫོང་གིས་དོན་འཁྱོལ་བྱེད་པར”ཤུགས་སྣོན་བརྒྱབ་ནས་དབུལ་སྒྲོལ་འགག་སྒྲོལ་ལ་སྤྱི་འདོམས་མཐུན་སྦྱོར་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ཡོད། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཐོག་མཐའ་བར་གསུམ་དུ་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དོན་ཆེན་ཨང་དང་པོ་དང་དམངས་འཚོའི་འདུ་འགོད་ཨང་དང་པོར་བརྩིས་ཏེ། ཀྲུང་དབྱང་གི“རིམ་ལྔའི་ཧྲུའུ་ཅིས”དབུལ་སྐྱོར་ལ་དམ་འཛིན་བྱེད་དགོས་པའི་བླང་བྱ་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་། རང་སྐྱོང་ལྗོངས་དབུལ་སྐྱོར་གསར་སྤེལ་ལས་དོན་འགོ་ཁྲིད་ཚོགས་ཆུང་དུས་ཐོག་ཏུ་ལེགས་སྒྲིག་དང་འཐུས་སྒོ་ཚང་དུ་གཏོང་བ། 《བོད་རང་སྐྱོང་ལྗོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་འགན་འཁྲིའི་ལམ་ལུགས་ལག་བསྟར་ཞིབ་སྲོལ》བཟོ་བཅོས་བརྒྱབ་ནས་འཐུས་སྒོ་ཚང་དུ་གཏོང་བ། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་རྒྱུ་དེ“བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་། བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན”བརྗོད་དོན་གཙོ་བོར་བྱས་པའི་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་དང་དེ་བཞིན་ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོ་དང་། མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན། ཁྱད་ལྡན་གྲོང་རྡལ་ཆུང་གྲས་འཛུགས་སྐྲུན། གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་སོགས་དང་ཟུང་འབྲེལ་དམ་ཟབ་བྱེད་པ། དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་པའི་ལོ་གསུམ་གྱི་བྱ་སྤྱོད་འཆར་གཞི་ལག་བསྟར་གཏིང་ཟབ་བྱེད་པ། སྤྱི་ཡོངས་ལ་བཀོད་འདོམས་དང་ཕྱོགས་ཁག་ལ་མཐུན་སྦྱོར་བྱེད་པའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་བཅས་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་ཆེད་འགན་ལེན་བརྟན་པོ་བྱས་ཡོད། བློ་མཐུན་ཝུའུ་དབྱིང་ཅེས་དབུལ་སྒྲོལ་འགག་སྒྲོལ་གྱི་འགན་འཁྲི་བ་ཨང་དང་པོའི་འགན་འཁྲི་རང་རྟོགས་ངང་བཞེས་ཏེ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་གྲོང་གསེབ་ཀྱི་ལས་དོན་དང་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ཚོགས་འདུ་འཚོགས་ནས་འདི་ལོའི་གྲོང་གསེབ་ཀྱི་ལས་དོན་དང་དབུལ་སྒྲོལ་འགག་སྒྲོལ་གྱི་གཙོ་གནད་ལས་འགན་བཀོད་སྒྲིག་གནང་བ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་བ། ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་ཁག་དང་ས་ཁུལ་དང་གྲོང་ཁྱེར་ཁག་གི་གནས་ཚུལ་སྙན་སེང་གསན་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་ཆེད་དོན་སྐོར་གཟིགས་དག་ཐེར་ལས་དོན་ལ་མུ་མཐུད་གཏིང་ཟབ་དང་ཏན་ཏིག་ངང་དམ་འཛིན་ཡག་པོ་བྱེད་དགོས་པའི་བླང་བྱ་བཏོན་གནང་ཡོད། དེ་དང་ཆབས་ཅིག ས་ཨུད་དང་གྲོང་ཨུད་ཀྱི་ཧྲུའུ་ཅིས་རྫོང(ཆུས)ཨུད་ཀྱི་ཧྲུའུ་ཅིའི་སྣེ་ཁྲིད་དེ་ལོ་ལྟར་དབུལ་སྒྲོལ་འགག་སྒྲོལ་སོགས་ཀྱི་གཙོ་གནད་ལས་དོན་ལ་དམིགས་ནས་ས་གནས་ས་ཐོག་ཏུ་དཔྱད་གདེང་བྱེད་རྒྱུའི་བཀོད་སྒྲིག་བྱས་ནས་ཉམས་མྱོང་སྤེལ་རེས་དང་། ཕན་ཚུན་སློབ་སྦྱོང་། སྔོན་ཐོན་དང་བསྡུར་བ། ཚང་བཤེར་ཆད་གསབ་བཅས་བྱས་ཏེ་གཟེར་འདེབས་ཀྱི་སྙིང་སྟོབས་ལ་བརྟེན་ནས་ལས་དོན་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱས་ཡོད། ཞིང་ཆེན་རིམ་པའི་འགོ་ཁྲིད་ལས་བྱེད་པ་སྒྲིག་འཛུགས་བྱས་ཏེ། རྫོང(དབུལ་སྐྱོར་འབྲེལ་གཏུག་ས་ཚིགས)44རུ་བརྟག་ཞིབ་བྱེད་པར་བསྐྱོད་པ་དང་། ཞིང་ཆེན་རིམ་པའི་འགོ་ཁྲིད་ལས་བྱེད་པ་མི་རེ་ངོ་རེས་ནན་པོ་དང་དྲང་པོ་བྱས་པ་དང་། བརྟག་ཞིབ་གཏིང་ཟབ་བྱས་པ། མཛུབ་ཁྲིད་ལ་ཤུགས་སྣོན་བརྒྱབ་པ་མ་ཟད། ད་དུང་རང་སྐྱོང་ལྗོངས་ཏང་ཨུད་ལ་བརྟག་ཞིབ་སྙན་ཞུ་ཡང་ཕུལ་ཡོད། ས་ཆ་འགའ་ཞིག་ཏུ་དབུལ་ཞྭ་ཕུད་རྗེས་ལྷག་པའི“ཡུད་ཙམ་ངལ་གསོ་བ”དང“ཡུད་ཙམ་སྡོད་པ”སོགས་ཀྱི་གནད་དོན་ལ་དམིགས་ཏེ་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་ལེགས་སུ་གཏོང་བའི་བསམ་འཆར་ཞིབ་འཇུག་བྱས་ནས་བཟོ་བཞིན་ཡོད་པ་དང་། དབུལ་ཞྭ་ཕུད་ཟིན་ནའང་འགན་འཁྲི་མི་དོར་བ་དང་། སྲིད་ཇུས་ལག་བསྟར་བྱེད་མཚམས་མི་འཇོག་པ། རོགས་སྐྱོར་བྱེད་མཚམས་མི་འཇོག་པ། ལྟ་འདོམས་བྱེད་མཚམས་མི་འཇོག་པ་བཅས་བྱེད་ཐུབ་པའི་འགན་ལེན་བྱས་ཡོད། ས་ཁུལ་དང་གྲོང་ཁྱེར་གྱི་འགོ་ཁྲིད་རེ་གཉིས་ཀྱིས་རྫོང་ཨུད་ཀྱི་ཧྲུའུ་ཅིའི་འགན་གཅིག་ལྕོགས་ཁུར་རིང་དུས་ཡུན་རིང་པོ་རྫོང་གི་ལས་འགན་ཡག་པོ་མ་ཁུར་བའི་གནད་དོན་རིགས་དུས་ཐོག་ཏུ་ལས་གནས་ལེགས་སྒྲིག་དང་རྩ་འཛུགས་ནས་ཐག་གཅོད་བྱས་པ་དང་འབྲེལ་རྫོང(ཆུས)ཏང་སྲིད་ཀྱི་འགོ་ཁྲིད་རྒན་པའི་འགན་གཅིག་ལྕོགས་འཁུར་མཁན་ས་ཁུལ་དང་གྲོང་ཁྱེར་གྱི་འགོ་ཁྲིད་ས་ཁུལ་དང་གྲོང་ཁྱེར་རིམ་པའི་འགོ་ཁྲིད་ཚན་ཁག་གི་ལས་ཀའི་ལས་འགན་ཁག་བགོས་ནང་ཞུགས་མི་ཆོག་པའི་གཏན་འབེབས་ཁ་གསལ་ཡང་བྱས་ཡོད། 

    གཉིས་ནས་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་གཅིག་སྡུད་ཐོག་བཅོས་སྒྲིག་བྱས་པས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་ལས་དོན་ལ་ངོ་བོའི་རང་བཞིན་གྱི་སྐུལ་འདེད་ཐེབས་པ། “བརྟན་པོ་འཛུགས་དགོས་པ་གསུམ”མཐའ་འཁྱོངས་བྱས་ནས་ལྗོངས་ཡོངས་ཀྱི་ཏང་ཡོན་ལས་བྱེད་པའི་ཁྲོད“ཚད་ལོན་གྱི་ཏང་ཡོན་བྱེད་པ་དང་། སྔོན་ཐོན་དཔེ་བཟང་བ་བརྩོན་ལེན་བྱེད་པའི”སློབ་གསོ་ལག་ལེན་བྱེད་སྒོ་སྒྲིག་འཛུགས་བྱས་ནས་སྤེལ་ཏེ་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་ལོ་དང་ཟུང་འབྲེལ་གྱིས་དབུལ་སྒྲོལ་འགག་སྒྲོལ་ཁྱབ་ཁོངས་ཀྱི་དགོས་པའི་ལས་མི་བྱེད་པར་མི་དགོས་པའི་ལས་རྙོག་བཟོ་བ་དང་། ཚོགས་འདུ་དང་ཡིག་ཆ་རྫོགས་རྒྱུ་མེད་པ་སོགས་ཀྱི་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་མངོན་གསལ་དོད་པའི་གནད་དོན་གཅིག་སྡུད་ཐོག་བཅོས་སྒྲིག་བྱས་ཡོད། དེ་དང་དུས་མཚུངས། “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང“ལམ་གཉིས་ཀྱི་སྙིང་སྟོབས”དར་སྤེལ་ཤུགས་ཆེན་བཏང་བས་ལྗོངས་ཡོངས་སུ་ཤ་ཤོར་པགས་འབུད་ལ་མི་འཛེམ་པར་དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་གཅོད་པའི་གསོན་ཉམས་དོད་པའི་རྣམ་པ་ཞིག་ཆགས་ཡོད། ཕྱི་ཚུལ་རིང་ལུགས་ཀྱི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་དགོས་པའི་སྐོར་གྱི་ཏང་ཀྲུང་དབྱང་གི་བརྡ་ཐོའི་དགོངས་དོན་དོན་འཁྱོལ་ནན་ཏན་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་རྒྱུ་དང་དབུལ་སྒྲོལ་འགག་སྒྲོལ་ལས་དོན་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པ་དང་། 《ཕྱི་ཚུལ་རིང་ལུགས་ཀྱི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་དགོས་པའི་སྐོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་བྱ་ཐབས་འགའ་ཞིག》བཟོ་བ། ཡིག་ཆ་མང་བ་དང་། ཚོགས་འདུ་མང་བ། ཞིབ་བཤེར་མང་བ། རེའུ་མིག་རྒྱོང་རྒྱུ་མང་བ། ལས་ཤུལ་ལ་མཐོང་ཆེན་བྱེད་པ་ལས་ཕན་འབྲས་ལ་སྣང་ཆུང་སོགས་ཀྱི་གནད་དོན་བཅོས་སྒྲིག་ནུས་ལྡན་བྱས་ཡོད། རང་སྐྱོང་ལྗོངས་རིམ་པའི་དབུལ་སྒྲོལ་འགག་སྒྲོལ་གྱི་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་ལས་དོན་རྩ་དོན་ཐོག་ལོ་ལྟར་ཐེངས་གཉིས་ལས་མི་བརྒལ་བ་དང་། རང་སྐྱོང་ལྗོངས་དང་ས་ཁུལ་དང་གྲོང་ཁྱེར་རིམ་པ་གཉིས་ཀྱིས་རྫོང་རིམ་པ་དང་དེ་མན་ལ་ལོ་ལྟར་དཔྱད་ཞིབ་ཐེངས་1སྒྲིག་འཛུགས་བྱས་ནས་གཞི་རིམ་གྱི་ལས་བྱེད་པའི་སེམས་ནུས་དེ་བས་མང་བ་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ཐོག་འཇོག་ཐུབ་པ་བྱེད་དགོས་པའི་གཏན་འབེབས་ཁ་གསལ་བྱས་ཡོད། རང་སྐྱོང་ལྗོངས་དབུལ་སྒྲོལ་འགག་སྒྲོལ་བཀོད་འདོམས་པུས་ཡིག་ཆ་དང་དཔྱད་ཡིག་ལེན་ཐབས་ཀྱི་འགག་སྒོ་ནན་པོ་བསྲུངས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲངས་གཞི་བསྡོམས་རྩིས་ཀྱི་ལས་དོན་ཚད་ལྡན་དུ་བཏང་བ་དང་འབྲེལ་ཡིག་ཆ་འགྲེམས་སྤེལ་ཡང་ཡང་བྱེད་པ་དང་། བསྡོམས་རྩིས་བསྐྱར་མ་བྱེད་པ། གྲངས་གཞི་དོན་དངོས་དང་མི་མཐུན་པ་སོགས་ཀྱི་གནད་དོན་མ་ཐོན་སྔོན་འགོག་ནན་པོ་བྱས་ཡོད། ལྷ་ས་གྲོང་ཁྱེར་གྱིས་ཕྱི་ཚུལ་རིང་ལུགས་ཀྱི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་རྒྱུའི་བྱ་ཐབས་ཁག་13ལ་ཞིབ་འཇུག་བྱས་ནས་བཏོན་པ་དང་། ལྷོ་ཁ་གྲོང་ཁྱེར་གྱིས་དབུལ་སྒྲོལ་འགག་སྒྲོལ་ལ་ལྟ་སྐུལ་མཛུབ་ཁྲིད་བྱེད་རྒྱུ་དེ་དེ་སྔ་ཟླ་རེར་ལྟ་སྐུལ་མཛུབ་ཁྲིད་ཐེངས་རེ་བྱེད་པ་ནས་ད་ལྟའི་ལོ་ཕྱེད་ལ་ལྟ་སྐུལ་མཛུབ་ཁྲིད་ཐེངས་རེ་བྱེད་པའི་བར་ཉུང་དུ་བཏང་ཡོད། རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་དབུལ་སྒྲོལ་འགག་སྒྲོལ་ཁྱབ་ཁོངས་ཀྱི་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་དཔེ་མཚོན་གྱོད་གཞི་ཁག་3དང་མི་4བརྡ་ཁྱབ་བཏང་བ་དང་། གཅིག་སྡུད་བཅོས་སྒྲིག་ལས་དོན་སྤེལ་ཤུགས་མི་འདང་བའི་ཚན་པ་3ལ་ཞིབ་བཤེར་གཏིང་ཟབ་བྱེད་དུ་བཅུག་པ་མ་ཟད། གནད་དོན་བཅོས་སྒྲིག་ཐག་གཅོད་ནན་པོ་བྱེད་པ་དང་སྤྱོད་ཚུལ་ལེགས་སུ་གཏོང་རྒྱུར་ལྷོད་གཡེང་མི་གཏོང་བའི་བརྡ་རྟགས་ནན་པོ་མུ་མཐུད་བཏང་ཡོད། 

    གསུམ་ནས་ཏང་འཛུགས་སྐྱོང་ལ་བརྟེན་ནས་སྣེ་ཁྲིད་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་གཞི་རིམ་ཏང་རྩ་འཛུགས་ཀྱི་གོང་བུ་འགྲིལ་ཤུགས་དང་། དམག་ནུས། འབོད་སྐུལ་ནུས་པ་བཅས་སྔར་བས་ཆེ་རུ་བཏང་བ། ཏང་གི་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་སྤྱི་འདོམས་སུ་བྱེད་པ་དང་། རྩ་འཛུགས་ཀྱི་ནུས་པ་ཆེ་རུ་གཏོང་རྒྱུ་གཙོ་གནད་དུ་བཟུང་ནས་ཆབ་སྲིད་ཀྱི་ནུས་པ་མངོན་གསལ་དོད་པོ་ཡོང་བར་བྱེད་པ་དང་། གལ་ཆེའི་ནང་གི་འགངས་ཆེན་ཡིན་པའི་ཞིང་འབྲོག་ཁུལ་གྱི་ཏང་རྩ་འཛུགས་ལ་ཤུགས་སྣོན་རྒྱག་པ། གཞི་རིམ་ཏང་རྩ་འཛུགས་ཚད་ལྡན་ཅན་འཛུགས་སྐྱོང་ལ་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱས་ཏེ་གྲོང་ཚོའི(གྲོང་ལྷན)ཏང་རྩ་འཛུགས་འདི་ཉིད་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་རྗེས་སུ་འབྲང་བ། མཐུན་སྒྲིལ་བྱེད་མཁས་པ། འཕེལ་རྒྱས་གཏོང་ཤེས་པ། ཕྱུག་པོ་ཆགས་ཐུབ་པ། བརྟན་ལྷིང་སྲུང་སྐྱོང་ཐུབ་པ། གནད་དོན་འཕྲད་སྐབས་མགོ་མི་རྨོངས་པ། འགག་རྩའི་དུས་སུ་ནུས་པ་ཐོན་ཐུབ་པ་བཅས་ཀྱི་དམག་འཐབ་མཁར་རྫོང་བརྟན་པོ་ཞིག་ཏུ་བསྐྲུན་རྒྱུའི་དམིགས་ཚད་མངོན་འགྱུར་ཧུར་ཐག་བྱས་ཡོད། གྲོང་ཚོའི(གྲོང་ལྷན)ལས་བྱེད་པའི་ལས་རྗེས་དཔྱད་ཞིབ་དང་བྱ་དགའ་སྤྲོད་པའི་བྱ་ཐབས་བཟོས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་གྲོང་ཚོའི(གྲོང་ལྷན)“ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་ཁོངས་མིའི་འགན་འཁྲི་སྔར་བས་ཁ་གསལ་བཟོས་པ་དང་། ལས་རྗེས་དཔྱད་ཞིབ་གདེང་འཇོག་ལམ་སྲོལ་བཙུགས་པ་དང་འཐུས་སྒོ་ཚང་དུ་བཏང་བ། གྲོང་ཚོའི(གྲོང་ལྷན)ལས་བྱེད་པའི་ཐོབ་ཐང་རིམ་བཞིན་མཐོ་རུ་བཏང་ཡོད། ནུས་མེད་ཟབ་ཟོབ་ཀྱི་གཞི་རིམ་གྱི་ཏང་རྩ་འཛུགས་བཅོས་སྒྲིག་ནུས་ལྡན་བྱས་ནས་རིམ་པ་བཞིན་ཟུར་བཙུགས་རྩིས་ཁྲ་བཟོས་ནས་དུས་བཀག་བཞིན་དག་ཐེར་མཐོར་གཏོང་བྱས་ཡོད། ལྷ་ས་གྲོང་ཁྱེར་གྱིས་གྲོང་ཁྱེར་ཡོངས་ཀྱི་རྫོང་དང་ཤང་གི་ན་གཞོན་ལས་བྱེད་པ་དང་གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱི་ཚན་ཁག་གི་ཁོངས་མིའི་ཁྲོད་ནས་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཨང་དང་པོ་དང་། གྲོང་གསེབ་ཀྱི་དཔལ་འབྱོར་ཆེད་བསྐོས་ལས་བྱེད་པ། གཞི་རིམ་བཅོས་སྐྱོང་གི་ཆེད་བསྐོས་ལས་བྱེད་པ། དྲིལ་བསྒྲགས་རིག་གནས་ཀྱི་ཆེད་བསྐོས་ལས་བྱེད་པ་སོགས་མི་1128གདམ་གསེས་བྱས་ཡོད། གཞིས་རྩེ་གྲོང་ཁྱེར་གྱིས་གྲོང་སྡོད་ལས་དོན་རུ་ཁག་གི་རུ་དཔོན་265གཙོ་གནད་ཤང་དང་གྲོང་རྡལ་དུ་གནས་སྦྱར་བྱེད་པར་མངགས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ལ་རོགས་སྐྱོར་བྱས་ཡོད། རིམ་ཁག་དབུལ་སྐྱོར་གཞུང་དོན་ཁང་གི་འགོ་ཁྲིད་ཚན་ཁག་ལ་གཅིག་སྡུད་དཔྱད་ཞིབ་བྱས་པ་དང་། ལྗོངས་ཡོངས་ཀྱི་རྫོང(ཆུས)74ཡི་དབུལ་སྐྱོར་གཞུང་དོན་ཁང་གི་ཀྲུའུ་རེན་བཀོད་སྒྲིག་བྱས་པ། དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ནང་ལས་རྗེས་དང་གྲུབ་འབྲས་མངོན་གསལ་དོད་པའི་ལས་བྱེད་པ་ཁག་གཅིག་ཤེས་རྟོགས་ཐུབ་པར་བྱས་པ་དང་འབྲེལ་དུས་ཐོག་ཏུ་གོ་གནས་སྤར་ནས་གལ་ཆེ་སར་བསྐོ་གཞག་བྱས་ཡོད། མཉམ་སྡེབ་དཔལ་འབྱོར་གྱི་མ་དངུལ་གྱི་གནད་དོན་ཐག་གཅོད་ཧུར་ཐག་བྱས་ཏེ། ཤང་འགན་འཁྲིའི་ཚན་པར་བརྩི་རྒྱུ་མཐའ་འཁྱོངས་བྱས་པ་དང་། ལས་བྱེད་པ་གྲོང་སྡོད་ཀྱི་གྲོན་དངུལ་བསྡུ་སྒྲིལ་བེད་སྤྱོད་ལ་སྤྱི་འདོམས་བྱས་པ། ལོ་ལྟར་གཙོ་གནད་ཐོན་ལས་རྣམ་གྲངས་ཁག་གཅིག་ལ་གཅིག་སྡུད་ཐོག་འདེགས་སྐྱོར་བྱས་ཡོད། མིག་སྔའི་བར། རིམ་རྩིས་ལྟར་ན། གྲོང་ཚོའི་མཉམ་སྡེབ་དངོས་ཚན་དཔལ་འབྱོར་2302གཉེར་ཏེ། དུད་ཚང་དབུལ་པོའི་མང་ཚོགས་ཁྲི་10.3ལ་དུད་ཚང་འགན་གཙང་ལེན་པའི་རྣམ་པའི་ཐོག་ནས་རོགས་སྐྱོར་བྱས་ཡོད། ཤེས་ལྡན་མི་སྣ་མི་འདང་བའི་གནད་དོན་ཐག་གཅོད་ཧུར་ཐག་བྱས་ཤིང་། ཕྱོགས་གཅིག་ནས་ས་གནས་དེ་གའི་ད་ཡོད་ཀྱི་མི་སྣ་གསོ་སྐྱོང་དང་གསོ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་བ་དང་། ཕྱོགས་གཞན་ཞིག་ནས“རྩེར་སོན་དཀོན་རིགས”ཕྱོགས་སྟོན་དུ་འཛིན་རྒྱུ་མངོན་གསལ་དོད་པོ་ཡོང་བ་བྱས་ཏེ་ཤེས་ལྡན་མི་སྣ་སྟབས་བསྟུན་ངང་ནང་འདྲེན་བྱེད་པའི་སྲིད་ཇུས་ཞིབ་འཇུག་བྱས་ནས་བཟོས་པ་དང་། ཁ་གཏད་བོད་སྐྱོར་དང་ནུབ་རྒྱུད་དང་བླངས་པ་སོགས་ཀྱི་གཟིགས་སྐྱོང་སྲིད་ཇུས་མུ་མཐུད་ཡག་པོ་སྤྱོད་པ། ཆེད་དོན་ལས་མི་བསྡུ་ཤུགས་ཆེ་རུ་བཏང་བ། ཕུལ་བྱུང་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་པའི་ལས་ཡུན་རིང་དུ་གཏོང་བ་དང་བོད་དུ་ལས་སྒྱུར་བྱེད་པའི་ལས་དོན་ལ་སྐུལ་ལྕག་བྱས་པ། ཁག་བརྒྱད་པ་དང་དགུ་པའི་བོད་སྐྱོར་ལས་བྱེད་པ་བརྗེ་པོ་རྒྱག་པའི་ལས་དོན་དུས་ཐོག་ཏུ་སྤེལ་བ། བོད་སྐྱོར་གྱི“ཚོགས་སྒྲིག་ཆུང་ངུ”19ཡི་དགོས་མཁོའི་འཆར་གཞི་བཟོས་པ། བོད་སྐྱོར་ཚན་པས་སློབ་གསོ་དང་། འཕྲོད་བསྟེན། ཚན་རྩལ། ཁེ་ལས་གཉེར་སྐྱོང་དོ་དམ་སོགས་ཐད་ཀྱི་ཤེས་ལྡན་མི་སྣ་དེ་བས་མང་བ་འདེམས་གཏོང་བྱེད་རྒྱུའི་བརྩོན་ལེན་བྱས་ཡོད། 

    བཞི་ནི་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་ཏུ་བཏང་བས“བློ་རིག་གཉིས་སྐྱོར”ལས་དོན་ལ་གྲུབ་འབྲས་གསར་པ་ཐོབ་པ། དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་མཉམ་དུ་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་མཐའ་འཁྱོངས་བྱ་རྒྱུ་དེ་བརྗོད་དོན་གཙོ་བོའི་སློབ་གསོ་དང་དྲིལ་བསྒྲགས་བསམ་བློའི་ལས་དོན་གྱི་ཆབ་སྲིད་ལས་འགན་ཨང་དང་པོར་བརྩི་རྒྱུ་མཐའ་འཁྱོངས་བྱས་ཏེ། “སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་ལ་འགྱུར་རྒྱུར་སྐུལ་འདེད་བཏང་བའི་རྨང་གཞིའི་ཐོག“སྣང་ཆེན་བཞི་དང་དགའ་ཞེན་བཞི”དང་། “ཚད་གཞི་བཞིར་བརྩི་སྲུང་གིས་སྔོན་ཐོན་གྲྭ་བཙུན་ཧུར་ཐག་བྱེད་པའི”སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་བ་མ་ཟད། སྒྲོག་འགྲེལ་ཚོགས་ཆུང་སྒྲིག་འཛུགས་བྱས་ཏེ་ཀྲུང་དབྱང་གི་དབུལ་སྒྲོལ་འགག་སྒྲོལ་གྱི་སྲིད་ཇུས་སྐོར་སྐྱོད་སྒྲོག་འགྲེལ་དང་དབུལ་སྒྲོལ་འགག་སྒྲོལ་གྱི་སྔོན་ཐོན་དཔེ་མཚོན་དྲིལ་བསྒྲགས་བྱས་ཡོད། སྐོར་གཟིགས་དག་ཐེར་བྱེད་རིང་ཁོ་ནར་ལྗོངས་ཡོངས་སུ་རིགས་ཁག་གི་སྒྲོག་འགྲེལ་ཐེངས་16847བྱས་པ་དང་མང་ཚོགས་མི་ཐེངས་ཁྲི་98ལྷག་ཙམ་ལ་སློབ་གསོ་ཐེབས་ཡོད། མཐུན་སྒྲིལ་བྱ་རྒྱུ་དང་། བརྟན་ལྷིང་ཡོང་བ་བྱ་རྒྱུ། ངར་ཤུགས་གཅིག་ཏུ་སྒྲིམ་རྒྱུ། དྲང་ཕྱོགས་ཀྱི་དྲིལ་བསྒྲགས་བྱ་རྒྱུ་བཅས་གཙོ་བོར་བཟུང་སྟེ་ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་རིགས་ཁག་གི་སྨྱན་སྦྱོར་ཐོག“དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་གཅོད་པའི”ཆེད་སྒྲིག་ལེ་ཚན་བཏོན་པ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་འབྲེལ་ཡོད་གསར་འགྱུར་རྩོམ་ཡིག་5000ལྷག་ཙམ་བཀོད་པ། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་རིགས་ཁག་གི་རིག་རྩལ་ཚོགས་པས་དབུལ་སྒྲོལ་འགག་སྒྲོལ་གྱི་བརྗོད་དོན་གཙོ་བོའི་རིག་རྩལ་འཁྲབ་སྟོན་ཐེངས་650ལྷག་ཙམ་སྒྲིག་འཛུགས་བྱས་ཡོད། དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྤེལ་བ་བརྒྱུད་མི་རིགས་ཁག་གི་མང་ཚོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་ནི་བཀའ་དྲིན་ཤིན་ཏུ་ཆེ་བ་དང་མཁས་མཛངས་ལྡན་ལ་རླབས་ཆེ་བ་ཞིག་ཡིན་པ་ཤེས་ཚོར་ཐུབ་པ་དང་། ཕན་པ་གང་ནས་བྱུང་བ་དང་ཕན་པ་སུ་ལ་ཐོབ་མིན་ཤེས་ཏེ་ནང་སྐྱེས་སྒུལ་ཤུགས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ་དང་རང་འགུལ་ངང་དབུལ་སྒྲོལ་བྱེད་པའི་ཆོད་སེམས་དེ་བས་ཆེ་རུ་ཕྱིན་ཡོད། མང་ཚོགས་དབུལ་པོའི་རང་ངོས་དབུལ་སྒྲོལ་གྱི་ནུས་པ་ཅུང་ཞན་པའི་གནད་དོན་ལ་དམིགས་ཏེ་གསོ་སྦྱོང་ལ་ཤུགས་སྣོན་བརྒྱབ་པ་དང་། 2019ལོ་ནས་2020ལོ་བར་གྱི་ཞིང་འབྲོག་པ་གསོ་སྦྱོང་དང་ལས་ཞུགས་གཞན་སྒྱུར་གྱི་བྱ་སྤྱོད་ཇུས་གཞི་བཟོས་པ། “མངགས་ཐོ་རྣམ་པའི”རྩལ་ནུས་གསོ་སྦྱོང་ལ་སྐུལ་འདེད་ཤུགས་ཆེན་བཏང་ཞིང་། ཟླ་བ་དང་པོ་ནས་ཟླ་བ་གསུམ་པ་བར་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོའི་ལས་རིགས་རྩལ་ནུས་གསོ་སྦྱོང་དུས་ཐེངས་75གཉེར་བ་དང་རིམ་རྩིས་བྱས་ན་མི་9665ལས་ཞུགས་གཞན་སྒྱུར་ཐུབ་ཡོད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།