[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>སྲིད་གཞུང་ཡིག་ཆ།
  • གནོན་ཤུགས་དང་འགྲན་སློང་འོག་ཇི་ལྟར་བྱས་ནས་ལས་ཞུགས་བརྟན་པོ་ཡོང་བ་བྱེད་དགོས་སམ།

    ལས་ཞུགས་སྔོན་ལ་འཇོག་པའི་སྲིད་ཇུས་སྤྱི་ཁོག་སྲིད་ཇུས་ཀྱི་རིམ་ངོས་སུ་ཐེངས་དང་པོ་བཞག་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-03-08

    སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་། ལས་ཞུགས་སྔོན་ལ་འཇོག་པའི་སྲིད་ཇུས་ཕྱོགས་ཡོངས་ནས་ལག་ལེན་ཤུགས་ཆེན་བསྟར་དགོས། འདི་ལོ་ལས་ཞུགས་སྔོན་ལ་འཇོག་པའི་སྲིད་ཇུས་སྤྱི་ཁོག་སྲིད་ཇུས་ཀྱི་རིམ་ངོས་སུ་ཐེངས་དང་པོ་བཞག་ཡོད། དེའི་དམིགས་ཡུལ་ནི་ཕྱོགས་ཁག་གིས་ལས་ཞུགས་ལ་མཐོང་ཆེན་དང་ལས་ཞུགས་ལ་རྒྱབ་སྐྱོར་བྱེད་པའི་སྟོན་ཕྱོགས་ལ་ཤུགས་སྣོན་རྒྱག་རྒྱུ་དེ་རེད། བརྟན་པོ་འཕར་བ་བྱེད་པར་དང་ཐོག་ལས་ཞུགས་འགན་ལེན་བྱེད་དགོས་ཞེས་བཏོན་ཡོད།

    རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲི་ཝང་ཅན་ཡུས་ཀྱིས་མིག་སྔར་ལས་ཞུགས་གྲུབ་ཆའི་གནོན་ཤུགས་ཅུང་ཆེ་བས་ལས་ཞུགས་དཀའ་བ་དང་ལས་མི་བསྡུ་དཀའ་བའི་གནད་དོན་མཉམ་དུ་གནས་ཡོད། རང་རྒྱལ་གྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་སུ་ཕྱོགས་སྒྱུར་རིམ་སྤོར་བྱེད་པའི་ཁ་ཕྱོགས་སྟངས་འཛིན་གྱིས་ལས་ཞུགས་མི་ཚོགས་ཁག་གི་དགོས་མཁོ་དང་མཁོ་སྤྲོད་འཚམ་མཐུན་ཡག་པོ་ཡོང་བ་བྱེད་དགོས། སྔོན་ཆད། དམངས་འཚོའི་ཐད་ནས་ལས་ཞུགས་སྲིད་ཇུས་ནན་བཤད་དེ་བས་མང་བ་བྱེད་ཀྱི་ཡོད། འདི་ལོ་ལས་ཞུགས་སྔོན་ལ་འཇོག་པའི་སྲིད་ཇུས་སྤྱི་ཁོག་སྲིད་ཇུས་ཀྱི་རིམ་ངོས་སུ་ཐེངས་དང་པོ་བཞག་པས་ལས་ཞུགས་དམིགས་ཚད་ཀྱིས་སྤྱི་ཁོག་དཔལ་འབྱོར་སྲིད་ཇུས་ལག་ལེན་བསྟར་རྒྱུར་ནུས་པ་དེ་བས་ཆེ་བ་ཐོན་རྒྱུ་རེད་ཅེས་བརྗོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།