[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>སྲིད་གཞུང་ཡིག་ཆ།
  • ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ལྷན་དང་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི

    བོད་ཀྱི་སྔོན་གཏོད་ལེཌ་བརྩོན་དང་རྨང་བརྟན་དམངས་ཕན་བྱེད་སྒོའི་ཁག་དྲུག་པའི་གྲོང་སྡོད་ལས་དོན་གྱི་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་ལ་གཟེངས་བསྟོད་བྱ་རྒྱུའི་སྐོར་གྱི་གཏན་འབེབས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-12-26

    (2017ལོའི་ཟླ་12ཚེས་10ཉིན)

    ཁག་དྲུག་པའི་ལས་བྱེད་པ་གྲོང་སྡོད་ལས་དོན་སྤེལ་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལག་བསྟར་དོན་འཁྱོལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་དགོངས་པ་གལ་ཆེན་ལག་བསྟར་དོན་འཁྱོལ་བཅས་བྱས་ཏེ་རང་རྟོགས་ངང་ལས་བྱེད་པ་གྲོང་སྡོད་ལས་དོན་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ལ་བརྩིས་པ་དང་། མངོན་གསལ་དོད་པའི་གནས་བབ་ཐོག་བཞག་པ། རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་པ། འགན་ལེན་རྒྱབ་སྐྱོར་ལ་ཤུགས་སྣོན་བརྒྱབ་པ། སྟོབས་ཆེའི་རྒྱབ་ཕྱོགས་མཁོ་སྒྲུབ་ཀྱི་ལས་དོན་ཡག་པོ་བསྒྲུབ་པ་བཅས་བྱས་ཏེ་མཐོང་ཆེན་བྱེད་ཚད་ཆུང་དུ་མི་གཏོང་བ་དང་། མི་སྣའི་སྟོབས་ཤུགས་ཆུང་དུ་མི་གཏོང་བ། མ་དངུལ་གཏོང་ཤུགས་ཉུང་དུ་མི་གཏོང་བ། ལས་ཕྱོད་ཆུང་དུ་མི་གཏོང་བ་བཅས་བྱས་ཏེ་གྲོང་སྡོད་ལས་དོན་ནུས་ལྡན་དང་གོ་རིམ་ལྡན་པའི་སྒོ་ནས་སྤེལ་རྒྱུར་སྐུལ་འདེད་བཏང་ཡོད། 

    གྲོང་སྡོད་ལས་དོན་རུ་ཁག་ཁག་དང་རྒྱ་ཆེའི་གྲོང་སྡོད་ལས་བྱེད་པ་ཚོས་ཏང་དང་མི་དམངས་ཀྱི་བྱ་གཞག་ལ་ལྷག་བསམ་རྣམ་དག་དང་མི་དམངས་མང་ཚོགས་ལ་དགའ་ཞེན་ཚད་མེད་བྱེད་པའི་ལྷག་བསམ་གྱི་བརྩེ་སེམས་བཅངས་ནས“གྲུ་དམར་གྱི་སྙིང་སྟོབས”དང་། “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”“ལམ་གཉིས་ཀྱི་སྙིང་སྟོབས”བཅས་དར་སྤེལ་ཤུགས་ཆེན་བཏང་ནས“ལས་འགན་ཁག་བདུན”ལ་དམ་པོར་དམིགས་ཏེ་ཆབ་སྲིད་ལ་སྣང་ཆེན་དང་། འགན་འཁྲི་འཁུར་རྒྱུར་སྣང་ཆེན། ཁྱིམ་ཆུང་དོར་ནས་ཁྱིམ་ཆེན་ལ་བསྟུན་པ། བསམ་ཡུལ་ལས་འདས་པའི་དཀའ་ངལ་སྣ་ཚོགས་ཁྱད་བསད། མང་ཚོགས་ལ་བྱ་བ་དངོས་སྒྲུབ་པ་དང་། དཀའ་གནད་སེལ་བ། བྱ་བཟང་སྒྲུབ་པ་བཅས་བྱས་ནས་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་བར་བརྟེན། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་དགའ་བསུ་དང་གདེང་འཇོག་བཟང་པོ་ཐོབ་པ་མ་ཟད། སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་ཁག་གཅིག་ཐོན་ཡོད། 

    སྔོན་ཐོན་ལ་གཟེངས་བསྟོད་དང་སྟོན་ཕྱོགས་ཡག་པོ་བཙུགས་ཏེ། རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་བྱེད་སྒོར་ཞུགས་རྒྱུར་སྐུལ་འདེད་གཏོང་ཆེད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ནག་ཆུ་ས་ཁུལ་མཚོ་གཉིས་རྫོང་ཞི་བདེ་ཤང་ལུ་མ་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་སོགས་ལས་དོན་རུ་ཁག་608ལ“སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་བྱེད་སྒོའི་སྔོན་ཐོན་གྲོང་སྡོད(གྲོང་ལྷན)ལས་དོན་རུ་ཁག”དང་། སྒེར་རྩེ་རྫོང་འོ་མ་ཤང་གད་ཆུང་གྲོང་ཚོར་བཅའ་སྡོད་མངའ་རིས་ས་ཁུལ་སྒེར་རྩེ་རྫོང་ནགས་ལས་ཅུས་ཀྱི་ལས་དོན་རུ་ཁག་གི་རུ་དཔོན་བསོད་ནམས་མཚོ་མོ་སོགས་གྲོང་སྡོད་ལས་བྱེད་པ་2426ལ“སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་བྱེད་སྒོའི་སྔོན་ཐོན་གྲོང་སྡོད(གྲོང་ལྷན)ལས་དོན་རུ་མི”ཆབ་མདོ་གྲོང་ཁྱེར་གོ་འཇོ་རྫོང་སྤྱི་བདེ་ཅུས་སོགས་ཚན་པ་259ལ “སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་བྱེད་སྒོའི་ཕུལ་བྱུང་རྩ་འཛུགས་ཚན་པ”གཞིས་རྩེ་གྲོང་ཁྱེར་རྨང་བརྟན་དམངས་ཕན་བྱེད་སྒོའི་གཞུང་ལས་ཁང་སོགས་ཚན་པ་19ལ“སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་བྱེད་སྒོའི་སྔོན་ཐོན་ཚན་པ” ལྷོ་ཁ་གྲོང་ཁྱེར་རྨང་བརྟན་དམངས་ཕན་བྱེད་སྒོའི་གཞུང་ལས་ཁང་གི་ཕྱོགས་བསྡུས་ཚོགས་ཆུང་གི་ཙུང་ཀྲང་གཞོན་པ་འགྱུར་མེད་རྡོ་རྗེ་སོགས་བློ་མཐུན་150ལ“སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་བྱེད་སྒོའི་སྔོན་ཐོན་ལས་དོན་པ”བཅས་ཀྱི་གཟི་བརྗིད་མཚན་སྙན་སྤྲོད་རྒྱུའི་གཏན་འབེབས་བྱས་ཡོད། གཟེངས་བསྟོད་ཐོབ་པའི་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་གྱིས་གཟི་བརྗིད་མཚན་སྙན་ལ་གཅེས་སྤྲས་དང་། ང་རྒྱལ་འཚབ་འཚུབ་སྤོང་བ། སླར་ཡང་བྱས་རྗེས་གཏོད་པ་བཅས་བྱས་ཏེ་བོད་ཀྱི་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་རྒྱུའི་རེ་བ་ཡོད། 

    རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དེ་བས་དམ་ཟབ་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱེད་པ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་ལག་བསྟར་དོན་འཁྱོལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་དགོངས་པ་གལ་ཆེན་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་བསྐྲུན་པའི་མཛུབ་སྟོན་གལ་ཆེན་དང་དེ་བཞིན་ལྷུན་རྩེ་རྫོང་ཡུལ་སྨད་ཤང་གི་མང་ཚོགས་ལ་སྤྲིངས་གནང་བའི་འཕྲིན་ལན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ། གྲོང་ཚོ་དབུལ་པོར་གྲོང་སྡོད་ལས་དོན་རུ་ཁག་མངགས་གཏོང་བྱེད་པའི་དོ་དམ་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་གི་མཛུབ་ཁྲིད་བསམ་འཆར་ལག་བསྟར་དོན་འཁྱོལ། “འདུ་ཤེས་བཞི”ཟབ་ཏུ་ཏན་ཏིག་གཏོང་བ། “ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་ཇུས་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་ཇུས་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་བརྟན་པོར་འཛུགས་པ་དང་ལག་བསྟར་དོན་འཁྱོལ། མི་དམངས་ལྟེ་བར་བྱེད་པའི་འཕེལ་རྒྱས་ཀྱི་བསམ་ཕྱོགས་མཐའ་འཁྱོངས། ཏང་གི་བོད་སྐྱོང་མཛད་ཇུས་དང་། ཁྲིམས་ལྟར་བོད་སྐྱོང་། དམངས་ཕྱུག་བོད་དར། ཡུན་རིང་བོད་བསྐྲུན། མི་སེམས་གཅིག་སྒྲིལ། རྨང་གཞི་བརྟན་གཏོང་བཅས་ཀྱི་རྩ་དོན་གལ་ཆེན་མཐའ་འཁྱོངས། རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པ་དང་ལྗོངས་ཏང་ཨུད་སྐབས་དགུ་པའི་ཨུ་ལྷན་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་བཀོད་སྒྲིག་བླང་བྱར་གཞིགས་པ། འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཀྱི་སྤྱིའི་དམིགས་ཚད་ལ་དམ་པོར་དམིགས་པ། ལས་བྱེད་པ་གྲོང་སྡོད་ཀྱི“ལས་འགན་ཁག་བདུན”ལ་དམ་པོར་དམིགས་པ། ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བ་དང་ནམ་ཡང་འབད་འཐབ་བྱེད་པ། དེ་བས་བརྟན་པའི་ཆོད་སེམས་དང་། དེ་བས་ཧུར་བརྩོན་གྱི་རྣམ་འགྱུར། དེ་བས་ནུས་ལྡན་གྱི་བྱེད་ཐབས་བཅས་སྤྱོད་པ། གཞི་རིམ་གྱི་རྨང་གཞི་དང་འབྲེལ་བའི་རྩ་བའི་རང་བཞིན་དང་། རྨང་གཞིའི་རང་བཞིན། ཡུན་རིང་རང་བཞིན་བཅས་ཀྱི་གནད་དོན་ལ་གནད་སྨིན་ཤུགས་འདོན། ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པ་ནས་ལས་བྱེད་པ་གྲོང་སྡོད་ལས་དོན་ལ་གནད་སྨིན་སྐུལ་འདེད་གཏིང་ཟབ་གཏོང་བ། ཕྱོགས་ཡོངས་ནས་ལས་བྱེད་པ་གྲོང་སྡོད་ལས་དོན་གྱི་ཚན་རིག་ཅན་དང་ཚད་ལྡན་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ་གཞི་རིམ་གྱི་རྨང་གཞི་བརྟན་དུ་གཏོང་བ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ། མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་འདོད་མངོན་འགྱུར་བཅས་ཡོང་ཆེད་མུ་མཐུད་འབད་འཐབ་བྱེད་དགོས་པའི་འབོད་སྐུལ་བྱས་པ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།