[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>སྲིད་གཞུང་ཡིག་ཆ།
  • བོད་རང་སྐྱོང་ལྗོངས་སྲིད་གཞུང་གིས《བོད་རང་སྐྱོང་ལྗོངས་ཀྱི་ནགས་ལས་ཀྱི་གནོད་ལྡན་སྐྱེ་དངོས་འགོག་བཅོས་དང་རིམས་ནད་ཞིབ་བཤེར་བྱེད་ཐབས(འཆར་ཟིན)》ལ་ཞིབ་འཇུག་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-08-11

    ཟླ་8ཚེས་9ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་འཆི་མེད་རིག་འཛིན་གྱིས་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་སྟེ《བོད་རང་སྐྱོང་ལྗོངས་ཀྱི་ནགས་ལས་ཀྱི་གནོད་ལྡན་སྐྱེ་དངོས་འགོག་བཅོས་དང་རིམས་ནད་ཞིབ་བཤེར་བྱེད་ཐབས(འཆར་ཟིན)》ལ་ཞིབ་འཇུག་གྲོས་བསྡུར་གནང་བ་རེད།

    ཚོགས་འདུའི་ཐོག་སྔར་བས་བཟོ་བཅོས་དང་འཐུས་སྒོ་ཚང་དུ་གཏོང་བ་དང་ཕྱོགས་ཁག་གི་བསམ་འཆར་ཉན་ནས《བོད་རང་སྐྱོང་ལྗོངས་ཀྱི་ནགས་ལས་ཀྱི་གནོད་ལྡན་སྐྱེ་དངོས་འགོག་བཅོས་དང་རིམས་ནད་ཞིབ་བཤེར་བྱེད་ཐབས(འཆར་ཟིན)》དེ་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་དང་མཐུན་པ་དང་བོད་ཀྱི་དོན་དངོས་དང་འཚམ་པའི་ལྟ་བདེ་ལ་གོ་བདེ་བ་དང་བཀོལ་སྤྱོད་རང་བཞིན་ཆེན་པོ་ལྡན་པ་ཞིག་ཏུ་འགྱུར་བ་བྱེད་དགོས་པ་དང་། གཙོ་གནད་མངོན་པ་བྱས་ཏེ“སྔོན་འགོག་གཙོར་བཟུང་དང་། ཕྱོགས་བསྡུས་བཅོས་སྐྱོང་། ཁྲིམས་ལྟར་ལྟ་སྐུལ་དོ་དམ། འགན་འཁྲིར་ཤུགས་སྣོན”བཅས་ཀྱི་བྱེད་ཕྱོགས་ལག་བསྟར་བྱས་ཏེ་འབྱུང་རྩ་ནས་བཅོས་སྐྱོང་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་པ། འགན་འཁྲི་དང་ལས་བགོས་སྔར་བས་ཁ་གསལ་བཟོས་ཏེ་རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། འགོག་བཅོས་དང་གནོད་འཚེ་ཉུང་གཏོང་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། ནགས་ལས་ཀྱི་གནོད་ལྡན་སྐྱེ་དངོས་སྔོན་འགོག་ཚོད་འཛིན་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ཏེ་སྣོད་བཅུད་བདེ་འཇགས་སྲུང་ཡོལ་གལ་ཆེན་སྲུང་སྐྱོང་ཡག་པོ་བྱེད་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།