[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>སྲིད་གཞུང་སྤྱི་བསྒྲགས།
  • བོད་རང་སྐྱོང་ལྗོངས་2019ལོའི་མི་ཐབས་ཀྱིས་གནམ་གཤིས་སྒྱུར་བའི་ལས་སྒོའི་སྐོར་གྱི་སྤྱི་བསྒྲགས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-12

    མི་ཐབས་ཀྱིས་གནམ་གཤིས་སྒྱུར་བའི་ལས་དོན་ནི་རིམ་ཁག་སྲིད་གཞུང་གི་འགོ་ཁྲིད་འོག་སྤེལ་བའི་ས་གནས་གནམ་གཤིས་ཀྱི་བྱ་གཞག་སྤྱི་ལ་ཕན་པ་དང། རང་ལྗོངས་སུ་གནོད་འཚེ་སྔོན་འགོག གནོད་འཚེ་ཉུང་གཏོང་། གེགས་སེལ་ཕན་འདོགས། འབྲུ་རིགས་ཐོན་སྐྱེད་ལ་འགན་སྲུང་། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་བྱ་ཐབས་གལ་ཆེན་ཞིག་རེད། བོད་རང་སྐྱོང་ལྗོངས་ཀྱི་2019ལོའི་མི་ཐབས་ཀྱིས་གནམ་གཤིས་སྒྱུར་བའི་ལས་སྒོ་ད་ལྟ་ཁྱོན་ཡོངས་ནས་སྤེལ་བཞིན་ཡོད། ལས་སྒོ་འདིའི་བདེ་འཇགས་དང་ལས་ཆོད་ལ་འགན་ལེན་ཡོང་ཆེད《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་གནམ་གཤིས་བཅའ་ཁྲིམས》རྒྱལ་སྲིད་སྤྱི་ཁྱབ་ཁང་གི《མི་ཐབས་ཀྱིས་གནམ་གཤིས་སྒྱུར་བའི་དོ་དམ་སྲོལ་ཡིག》དང《བོད་རང་སྐྱོང་ལྗོངས་མི་ཐབས་ཀྱིས་གནམ་གཤིས་སྒྱུར་བའི་དོ་དམ་བྱ་ཐབས》ཀྱི་འབྲེལ་ཡོད་གཏན་འབེབས་ལ་གཞིགས་ནས་སྤྱི་བསྒྲགས་སྤེལ་བ་གཤམ་གསལ།

    དང་པོ། 2019ལོའི་ཟླ་5ཚེས་1ཉིན་ནས་2019ལོའི་ཟླ་12ཚེས་31ཉིན་བར་དུ་རང་ལྗོངས་ཁུལ་གྱི་ལྷ་ས་གྲོང་ཁྱེར་དང་། གཞིས་རྩེ་གྲོང་ཁྱེར། ལྷོ་ཁ་གྲོང་ཁྱེར། ཆབ་མདོ་གྲོང་ཁྱེར། མངའ་རིས་ས་ཁུལ། ཉིང་ཁྲི་གྲོང་ཁྱེར། ནག་ཆུ་གྲོང་ཁྱེར་བཅས་སུ་འོས་འཚམ་གྱི་སྐབས་སུ་མི་ཐབས་ཀྱིས་སེར་བ་འགོག་པ། གངས་ཆར་འབེབས་པ། ནགས་ཚལ་མེ་གསོད། གལ་ཆེའི་སྤྱི་ཚོགས་བྱེད་སྒོར་འགན་སྲུང་སོགས་མི་ཐབས་ཀྱིས་གནམ་གཤིས་སྒྱུར་བའི་ལས་སྒོ་སྤེལ་རྒྱུ་ཡིན་པས། ས་གནས་དེ་གའི་རིམ་ཁག་སྲིད་གཞུང་གིས་མི་ཐབས་ཀྱིས་གནམ་གཤིས་སྒྱུར་བའི་ལས་དོན་གྱི་བདེ་འཇགས་ཀྱི་དྲིལ་བསྒྲགས་དང་སློབ་གསོ་སོགས་འབྲེལ་ཡོད་ལས་དོན་ལེགས་སྒྲུབ་ཡོད་པར་ཞུ་རྒྱུ་དང་། རྒྱ་ཆེའི་མང་ཚོགས་ཚོས་ཀྱང་ཕན་ཚུན་ཤོད་རེས་ཡོད་པར་ཞུ།

    གཉིས་པ། མི་ཐབས་ཀྱིས་གནམ་གཤིས་སྒྱུར་བའི་ལས་སྒོ་སྤེལ་སྐབས་སྤྱོད་པའི་ལག་ཆ་སྟེ། མེ་ཤུགས་འཕུར་མདའ་དང་གནམ་སྒྱོགས་ནི་མེ་འབར་སླ་བ་དང་འབར་གས་སླ་བའི་དངོས་རྫས་ཡིན་སྟབས། ལས་སྒྲུབ་ས་གནས་དང་དེའི་ཉེ་འཁོར་དུ་འབྲེལ་མེད་མི་སྣ་དང་ཕྱུགས་རིགས་འཛུལ་མི་ཆོག ལས་སྒྲུབ་ཤུགས་རྐྱེན་མདེལ་ལྷུང་ཁུལ་གྱི་ལས་ཁུངས་སམ་མི་སྒེར་གྱིས་མདེའུ་ཡི་འབར་རོ་རྙེད་ཚེ་རང་གཞན་གྱི་བདེ་འཇགས་ཆེད་རང་དགར་འབར་རོ་དེ་དག་རྡུང་བ་དང་བཤིག་པ། རྩེད་མོ་རྩེ་བ། སྦེད་པའམ་ཡང་ན་འཚོང་བ་བཅས་བྱེད་མི་རུང་བར། ཐག་གཅོད་འོས་འཚམ་ཡོང་ཆེད་མགྱོགས་མྱུར་ས་གནས་དེ་གའི་སྲིད་གཞུང་དང་སྤྱི་བདེ་ལས་ཁུངས་ལ་སྙན་སེང་ཞུ་བ་དང། ས་གནས་དེ་གའི་གནམ་གཤིས་ལས་ཁུངས་སམ་ཞིང་འབྲོག་ཅུས་ལ་འབྲེལ་གཏུག་བྱེད་དགོས།

    གསུམ་པ། མི་ཐབས་ཀྱིས་གནམ་གཤིས་སྒྱུར་བའི་ལས་སྒོ་སྤེལ་སྐབས། ལས་འཛོལ་ཐོན་ཚེ་དུས་ཐོག་ཏུ་དོན་རྐྱེན་ལ་ཐག་གཅོད་ཡོང་ཆེད་མགྱོགས་མྱུར་ས་གནས་དེ་གའི་སྲིད་གཞུང་དང་སྤྱི་བདེ་ལས་ཁུངས་སམ་ཡང་ན་གནམ་གཤིས་ལས་ཁུངས་དང་ཞིང་འབྲོག་ཅུས་ལ་སྙན་ཞུ་ཕུལ་ཏེ་དོན་རྐྱེན་ཐོན་སའི་ཡུལ་དངོས་ལ་སྲུང་སྐྱོབ་ཡག་པོ་བྱེད་དགོས།

    བཞི་པ། གོང་གསལ་སྤྱི་བསྒྲགས་ཀྱི་ནང་དོན་ལས་འགལ་ཚེ་འབྲེལ་ཡོད་གཏན་འབེབས་ལྟར་དོ་བདག་གི་འགན་འཁྲི་རྩད་གཅོད་བྱེད་རྒྱུ་ཡིན། དེ་ལས་བྱུང་བའི་དོན་རྐྱེན་གྱི་འགན་འཁྲི་ཐམས་ཅད་རང་ཉིད་ཀྱིས་འཁུར་དགོས་པ་དང་དེས་རྒྱལ་ཁབ་དང་མི་གཞན་ལ་དོན་རྐྱེན་དང་གྱོང་གུན་བཟོས་ཚེ་དཔལ་འབྱོར་དང་ཁྲིམས་ལུགས་ནས་འགན་འཁྲི་རྩད་གཅོད་གཏོང་གི་ཡིན།

    འབྲེལ་གཏུག་ཁ་པར། བོད་རང་སྐྱོང་ལྗོངས་མི་ཐབས་ཀྱིས་གནམ་གཤིས་སྒྱུར་བའི་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་0891-6331552 

    དེ་དོན་ཆེད་དུ་སྤྱིར་བསྒྲགས།

    བོད་རང་སྐྱོང་ལྗོངས་མི་ཐབས་ཀྱིས་གནམ་གཤིས་སྒྱུར་བའི་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་ནས། 2019ལོ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།