[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • དམངས་དོན་ཁྲིམས་གཞུང་དང་འཚོ་བའི་ཐད་ཀྱི་འབྲེལ་བ།

    སྤྱི་ཚོགས་ཀྱི་མདོ་གནད་གསལ་འགྲེལ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2020-09-09

    བུ་ཕྲུག་གིས་ཕ་མར་མནར་གཅོད་ཚབས་ཆེན་བཏང་ན་ད་དུང་ཕ་མའི་ཤུལ་བཞག་འཛིན་ཆོག་གམ།

    《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང》

    དོན་ཚན་ཆིག་སྟོང་བརྒྱ་དང་ཉི་ཤུ་རྩ་ལྔ་པར། ཤུལ་འཛིན་བར་གཤམ་གསལ་གྱི་བྱེད་སྤྱོད་འདི་དག་ནས་གཅིག་ཡོད་ན་ཤུལ་འཛིན་གྱི་དབང་ཆ་ཤོར་གྱི་ཡོད།

    (གཅིག)ཤུལ་བཞག་གི་བདག་པོ་རྐང་བཙུགས་ནས་བསད་པ། (གཉིས)ཤུལ་བཞག་འཕྲོག་ཆེད་ཤུལ་འཛིན་བ་གཞན་དག་བསད་པ། (གསུམ)ཤུལ་བཞག་གི་བདག་པོར་ལྟ་རྟོག་མ་བྱས་པ་དང་ཤུལ་བཞག་གི་བདག་པོར་མནར་གཅོད་བཏང་བའི་གནས་ཚུལ་ཚབས་ཆེ་བ། (བཞི)ཁ་ཆེམས་ཡི་གེ་རྫུས་མ་བྲིས་པ་དང་། བཟོ་བཅོས་བརྒྱབ་པ། སྦས་སྐུམ་བྱས་པ། མེད་པར་བཟོས་པ་བཅས་ཀྱི་གནས་ཚུལ་ཚབས་ཆེ་བ། (ལྔ)མགོ་སྐོར་གཏོང་བ་དང་བཙན་ཤེད་ཀྱིས་ཤུལ་བཞག་གི་བདག་པོར་ཁ་ཆེམས་འཇོག་ཏུ་བཅུག་པ་དང་སྒྱུར་བའམ་ཡང་ན་ཕྱིར་འཐེན་བྱེད་བཅུག་པའམ་ཡང་ན་འགོག་རྐྱེན་བཟོས་པའི་གནས་ཚུལ་ཚབས་ཆེ་བ།

    བུ་ཕྲུག་གིས་ཕ་མའི་ཤུལ་བཞག་འཛིན་པ་ནི་ལུགས་དང་མཐུན་པ་ཞིག་ཡིན་མོད། འོན་ཀྱང་ཕ་མར་སྲི་ཞུ་མི་སྒྲུབ་མཁན་བུ་ཕྲུག་མང་པོ་ཞིག་གིས་དུས་རྒྱུན་ཕ་མར་ལྟ་སྐྱོང་མ་བྱས་པ་དང་སྲི་ཞུ་མ་བསྒྲུབས་པ་མ་ཟད། ཐ་ན་མནར་གཅོད་བཏང་བ་དང་ལྟ་སྐྱོང་མ་བྱས་པའི་གནས་ཚུལ་ཚབས་ཆེ་བ། ཕ་མ་གྲོངས་རྗེས་ཤུལ་བཞག་བགོ་བཤའ་ཇི་ལྟར་རྒྱག་པ་ཁོ་ན་བསམ་གྱི་ཡོད། དེར་བརྟེན་བཅའ་ཁྲིམས་སུ་ཤུལ་འཛིན་བར་གོང་གསལ་གནས་ཚུལ་དེ་དག་ཡོད་ན་ཤུལ་འཛིན་གྱི་དབང་ཆ་ཤོར་སྲིད་ཅེས་གཏན་འབེབས་བྱས་མོད། འོན་ཀྱང《དམངས་དོན་ཁྲིམས་གཞུང》དུ་གུ་ཡངས་ལམ་ལུགས་ཤིག་བསྣན་པ་སྟེ། ཤུལ་འཛིན་བར་སྔར་བྱས་རྒྱབ་བསྐྱུར་གྱི་བསམ་པ་དང་ཡང་མིན་ན་ཤུལ་བཞག་གི་བདག་པོས་བསམ་ཤེས་བྱས་པའམ་ཡང་ན་དེ་ནས་ཁ་ཆེམས་ནང་ཤུལ་འཛིན་བའི་གྲས་སུ་བཞག་པའི་རིགས་ཀྱི་ཤུལ་འཛིན་གྱི་དབང་ཆ་ཤོར་མེད། ལམ་ལུགས་དེ་ལས་ཤུལ་བཞག་གི་བདག་པོས་ཤུལ་བཞག་བགོ་བཤའ་རྒྱག་པའི་རང་ཉིད་ཀྱི་འདོད་འདུན་མཚོན་གྱི་ཡོད། དེ་ནི་དམངས་དོན་བསམ་དོན་རང་སྐྱོང་གི་རྩ་དོན་དང་མཐུན་པ་ཞིག་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།