[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • ཁུལ་ཆུང་རྙིང་པའི་གྲོང་མི་ཇི་ལྟར་བྱས་ཏེ“ཁང་པར་བལྟས་ནས་དབུགས་རིང་གཏོང་མི་དགོས་པ”བྱེད་དགོས་སམ།

    —— ཆུ་གློག་ལམ་སོལ་རླངས་སོགས་ཀྱི་ལེ་ལག་ཚང་བའི་སྒྲིག་བཀོད་གསར་པ་བརྗེས་ནས་གློག་སྐས་བསྒར་རྒྱུར་རྒྱབ་སྐྱོར་བྱེད་རྒྱུ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-03-18

    སྙན་སྒྲོན་ནང་གྲོང་ཁྱེར་དང་གྲོང་རྡལ་གྱི་ཁུལ་ཆུང་རྙིང་པ་མང་ལ་གཞི་ཁྱོན་ཆེ་བས་བསྒྱུར་བཀོད་རིམ་སྤོར་ཤུགས་ཆེན་བྱས་ཏེ་ཆུ་གློག་ལམ་སོལ་རླངས་སོགས་ཀྱི་ལེ་ལག་ཚང་བའི་སྒྲིག་བཀོད་གསར་པ་བརྗེ་བ་དང་། གློག་སྐས་བསྒར་རྒྱུར་རྒྱབ་སྐྱོར་བྱས་ཏེ་དམངས་ཕན་ཁྲོམ་ར་དང་། སྟབས་བདེའི་ཚོང་ཁང་། རྐང་ཐང་ཁྲོམ་གཞུང་། རླངས་འཁོར་འཇོག་ས། འགལ་རྐྱེན་མེད་པའི་བགྲོད་ལམ་སོགས་ཀྱི་འཚོ་བའི་ཞབས་ཞུའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་གཏོང་དགོས་ཞེས་བཏོན་ཡོད།

    རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་རྒྱལ་ཁབ་གློག་དྲ་ཅི་ལིན་ཐུང་ཧྭ་གློག་ཤུགས་མཁོ་འདོན་ཀུང་སིའི་གློག་རིན་ཐོ་འགོད་པན་གྱི་པན་ཀྲང་ཁྲུའུ་ཅན་མེ་ཡིས་མིག་སྔར། གྲོང་ཁྱེར་མི་ཉུང་བ་ཞིག་གི་ཁུལ་ཆུང་ནི་དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་པ་དང་དགུ་བཅུ་པའི་ནང་བསྐྲུན་པ་ཤ་སྟག་ཡིན་པས་འཛུགས་སྐྲུན་དང་རྨང་གཞིའི་སྒྲིག་བཀོད་རྙིང་པ་ཆགས་ནས་ཉམས་བཟོ་དང་གསར་པ་བརྗེ་དགོས་ཀྱི་ཡོད། སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་ཁུལ་ཆུང་རྙིང་པའི་གྲོང་མིའི་སྡོད་མལ་ཁོར་ཡུག་ལེགས་སུ་གཏོང་རྒྱུའི་རེ་འབོད་ལ་ལན་གང་ལེགས་བཏབ་ཡོད། ཞིབ་ཕྲའི་དོན་འཁྱོལ་བརྒྱུད་རིམ་ནང་སྒྲིག་བཀོད་གསར་བརྗེ་དང་། གློག་སྐས་བསྒར་པ། རླངས་འཁོར་འཇོག་ས་སྐྲུན་པ་སོགས་རྣམ་གྲངས་ཀྱི་མ་དངུལ་གང་ནས་བྱུང་བ་དང་། གྲོང་མིར་ཇི་ལྟར་བྱས་ཏེ་ཐུན་མོང་གི་ངོས་འཛིན་ཆགས་པ་བྱེད་པ། སྡེ་ལས་དོ་དམ་ཞབས་ཞུ་ཇི་ལྟར་བྱས་ཏེ་རྗེས་སྙེགས་ཐུབ་པ་བྱེད་དགོས་པ་སོགས་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱེད་དགོས་ཞེས་བརྗོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།